མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཏུ་ནང་པ་ས་ཡ་ ༣༠༠ འདུག

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་༧གོང་ས་མཆོག་གིས་འབྲས་ལྗོངས་བྲག་དཀར་བཀྲ་ཤིས་སྟེང་ཉེ་འདབས་ཀྱི་མཚམས་ཁང་ཞིག་ཏུ་ཉིན་གཉིས་རིང་གི་སྐུ་མཚམས་གྲོལ་རྗེས། ར་བང་ལ་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གྱིས་ཡུལ་དེའི་མང་ཚོགས་ལ་བཀའ་སློབ་གནང་སྐབས་ཁོང་གིས། ད་ཆར་བཙན་བྱོལ་སློབ་གྲྭ་ཁག་ཏུ་བོད་ཡིག་ཤེས་ཚད་སྐྱོ་རུ་འགྲོ་བཞིན་འདུག འདིའི་ཐད་བོད་ཡིག་དགེ་རྒན་ཚོས་འགན་འཁུར་ཆེ་ཙམ་ལེན་དགོས་ལ། སློབ་ཕྲུག་ཚོས་ཀྱང་རང་ངོས་ནས་བོད་ཡིག་ཐོག་དོ་སྣང་མང་ཙམ་སྤྲོད་དགོས། བོད་ཡིག་ནི་དཔལ་འབྱོར་དང་ཁྲིམས་ལུགས་སློབ་སྦྱོང་ནང་བེད་སྤྱོད་དེ་ཙམ་མེད་ཀྱང་། སངས་རྒྱས་པའི་བཀའ་བསྟན་འགྱུར་པོད་ ༣༠༠ ལྷག་ཡོད་པ་རྣམས་སློབ་སྦྱོང་བྱ་དགོས་ཚེ་བོད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་མེད། དེང་སང་ཕྱི་རྒྱལ་ནང་པའི་མཁས་པ་ཚོས་བོད་ཡིག་ལ་དོ་སྣང་བྱས་ཏེ་ཡག་པོ་ཀློག་ཐུབ་ཀྱི་ཡོད། བོད་ཡིག་ང་ཚོའི་ཕ་སྐད་ཡིན་དུས་བདག་པོ་རྒྱག་མཁན་ཡང་ང་ཚོས་ཆགས་ཡོད། ཕྱི་མི་ཚོས་བོད་ཡིག་ལ་དོ་སྣང་བྱས་ཡོང་ན་ང་ཚོས་དེ་བས་ཀྱང་བདག་པོ་རྒྱག་རྒྱུ་གལ་ཆེན་རེད། ཅེས་གསུངས་འདུག

 

ཡང་ཁོང་གིས་བོད་རྒྱ་འབྲེལ་མོལ་སྐོར་ལ། ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་དོན་རྐྱེན་བྱུང་རྗེས་ངོས་ཀྱིས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱ་རྒྱུ་ཁག་པོ་འདུག་ཀྱང་། རྒྱ་ནག་མི་མང་ལ་ཡིད་ཆེས་རྩ་བ་ནས་བརླག་གི་མ་རེད་ཟེར་གྱི་ཡོད། རྒྱ་རིགས་ཤེས་ཡོན་ཅན་དང་ཆོས་པ་གང་མང་ཞིག་གིས་ངོས་ཀྱི་ལམ་དབུ་མར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་འདུག གལ་སྲིད་ང་ཚོས་རང་བཙན་བཤད་བསྡད་ན་རྒྱ་རིགས་མང་པོའི་རྒྱབ་སྐྱོར་རག་རྒྱུར་ཁག་པོ་རེད། ཅེས་དང་། ངས་གོ་ཐོས་ལྟར་ན། ཉེ་ཆར་རྒྱ་ནག་སློབ་ཆེན་ཞིག་གིས་རྒྱ་ནག་ཏུ་ནང་པ་ཅི་ཙམ་ཡོད་མེད་གྲངས་བཤེར་ཅིག་བྱས་པའི་ནང་། རྒྱ་ནག་ཏུ་ནང་པ་ས་ཡ་ ༣༠༠ ཙམ་ཡོད་འདུག་ལ། དེ་ལྟར་བྱས་ན་རྒྱ་ནག་ནི་འཛམ་གླིང་ཐོག་ནང་པ་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་རེད། དེང་སང་རྒྱ་ནག་སྐམ་ས་ཆེན་མོ་ནས་བདུན་ཕྲག་རེར་མི་བཅུ་ཙམ་ངྷ་སར་ངོས་ལ་ཐུག་འཕྲད་དུ་ཡོང་གི་འདུག ཐུག་འཕྲད་སྐབས་མང་ཆེ་བས་མིག་ཆུ་བཏང་སྟེ་རྒྱ་ནག་གི་ནང་པ་ཐུགས་ནས་མ་བརྗེད་རོགས་ཞེས་བཤད་ཀྱི་འདུག ཁག་ཅིག་གིས་རྒྱ་མིས་བོད་ནང་སྡུག་སྦྱོང་བཏང་ཡོད་སྟབས་ངོ་ཚ་གི་འདུག དེར་རྒྱལ་བ་རིན་པོ་ཆེར་དགོངས་དག་ཞུས་པ་ཡིན་ཞེས་བཤད་ཀྱི་འདུག། ཅེས་བཀའ་བསྩལ་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 2

  1. ལུང་རྟོགས། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ནས་ཀྱང་ཐུགས་ཚབས་ཀྱི་རྣམ་པ་གསལ་བསྟོན་མནང་འདུགས། དེས་ན་ཁ་ལག་ལས་གཞན་གང་ཡང་བསམ་མི་ཤེས་མཁན་ཞིག་ཡིན་ན་མ་ཏོག བོད་ཡིག་བསྲུང་སྐྱོབ་བྱེད་རྒྱུའི་དུས་ལ་སླེབ་འདུགས།

    Reply
  2. ཤག་སྒང་པ། says:
    ལོ་ 15 སྔོན།

    བོད་ཡིག་ནི་ཧི་མ་ལ་ཡའི་བོད་རིགས་རྣམས་ཀྱིས་བརྗེད་ཐབས་དང་བོར་ཐབས་མེད་པའི་གནད་དོན་ཞིག་རེད། ༸གོང་ས་མཆོག་ནས་བཀའ་སློབ་འདི་སྔ་མོ་ནས་གསུངས་ཟིན་གསུང་བཞིན་རེད། དོན་དག་ངོ་མ་ནི། ཧི་མ་ལ་ཡའི་རི་རྒྱུད་དུ་བཞུགས་མཁན་རྣམས་ནས་བོད་ཡིག་འདི་བཞིན་རྒྱ་གར་གཞུང་དང་འབྲེལ་ཡོད་མངའ་སྡེ་སོ་སོའི་སློབ་གྲྭའི་སློབ་ཚན་དུ་དེབ་བསྐྱལ་མ་ཐུབ་བར་དུ་བོད་ཡིག་གི་སྲུང་སྐྱོབ་མི་ཐུབ་པས་ལས་དོན་འདིར་མཐའ་གཅིག་ཏུ་ཤུགས་བརྒྱབ་དགོས་པ་གལ་ཆེན་གྱི་གལ་ཆེན་དུ་མཐོོང་བས། ལས་འགུལ་འདི་མ་བརྗེད་པ་ཞིག་གནང་རོགས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese