མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུ་དང་གསར་ཤོག་གི་ལས་འགན། – ཐུབ་བསྟན་དབྱིག་གཉེན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཐེངས་འདིའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་བསྡུའི་ཐོག་མང་ཚོགས་ཀྱིས་སྔར་ལས་དོ་སྣང་ཆེ་བ་གནང་ནས་འོས་བསྡུའི་བརྒྱུད་རིམ་འདི་ཤིན་ཏུ་འཁྲུག་ཆ་དོད་པོར་གྱུར་སོང་། ལྷག་པར་བཀའ་བློན་ཁྲི་པའི་འོས་བསྡུ་དེ་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་འཁྲུག་ཆ་དོད་པོ་དང་། དེས་བཙན་བྱོལ་བོད་མིའི་དམངས་གཙོའི་བརྒྱུད་རིམ་གྱི་ཚད་གཞི་འཇལ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པར་མང་པོས་ངོས་འཛིན་གནང་གི་འདུག  འོན་ཀྱང་འོས་བསྡུའི་བརྒྱུད་རིམ་དེའི་ནང་སྤྱི་སྒེར་དང་འོས་བསྡུ་ལས་ཁང་བཅས་ཀྱིས་ཕྱག་ལས་གནང་ཕྱོགས་ལ་སྐྱོན་གྱི་ཆ་ཡང་གང་ཙམ་བྱུང་ཡོད། འཛམ་གླིང་ནང་འོས་བསྡུའི་ལས་དོན་ཚགས་ཚུད་ལྡན་པ་ཡོང་བར་གསར་འགྱུར་ལས་རིགས་ཀྱིས་འགན་འཁུར་ཤིན་ཏུ་ཆེན་པོ་ལེན་གྱི་ཡོད།

 

རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་ཨ་རི་གཞུང་གིས་གཉེར་བའི་རླུང་འཕྲིན་གཉིས་དང་ནོར་ཝེ་བོད་ཀྱི་རླུང་འཕྲིན་བཅས་ཡོད་པ་དང་། དཔར་འགྲེམས་ཀྱི་གསར་འགོད་ཚན་པའི་ཁོངས་སུ་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གཉིས་ནི་རྒྱ་ཆེ་མང་ཚོགས་ཀྱིས་དོ་སྣང་དང་ཀློག་པ་པོ་མང་ཤོས་ཡིན་པའི་གསར་ཤོག་གཉིས་རེད། འོན་ཀྱང་ད་བར་གསར་ཤོག་དེ་གཉིས་ཀྱིས་བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་བའི་གསར་འགོད་བྱེད་ཕྱོགས་ཚད་དང་ལྡན་པ་བྱུང་མེད་ཅིང་། འཛམ་གླིང་ནང་འོས་བསྡུའི་སྐབས་འོས་བསྡུ་དང་འབྲེལ་བའི་སྤྱི་བྱེ་བྲག་གི་གསར་འགྱུར་མཁོ་སྤྲོད་བྱ་རྒྱུར་གསར་ཤོག་གིས་འགན་ཆེན་པོ་འཁྱེར་གྱི་ཡོད།  འོས་བསྡུའི་སྐབས་གསར་ཤོག་དང་རླུང་འཕྲིན་སོགས་ཀྱིས་འོས་མིའི་འགུལ་བསྐྱོད་དང་གཏམ་བཤད་ཀྱི་ནང་དོན་སོགས་མང་ཚོགས་ལ་དུས་ཐོག་མཁོ་སྤྲོད་བྱེད་དགོས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། བོད་ཀྱི་བང་ཆེན་གྱིས་འོས་བསྡུ་ལས་ཁང་ལ་སྐྱོན་བརྗོད་ཀྱི་གླེང་བརྗོད་གཅིག་བཀོད་པ་དང་། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཟིན་རྗེས་གྲུབ་འབྲས་ལ་གླེང་བརྗོད་གཅིག་བྲིས་པ་ཙམ་ལས། དཔེར་ན་བཀའ་བློན་ཁྲི་པའི་འོས་མི་སོ་སོས་གཏམ་བཤད་གནང་བ་སོགས་ལ་དཔྱད་ཞིབ་ཀྱི་གནས་ཚུལ་སྤེལ་བ་ནི་དཀོན་ཙམ་རེད། 

 

བོད་ཀྱི་དུས་བབ་ཀྱིས་འོས་བསྡུ་དང་འབྲེལ་བའི་སྒེར་གྱི་རྩོམ་ཡིག་མང་པོ་འགོད་སྤེལ་གནང་སོང་ནའང་། རྩོམ་ཡིག་མང་པོའི་རྩོམ་པ་པོའི་དངོས་མིང་མེད་པ་དེ་དག་ལ་དེ་ཙམ་ནུས་པ་མེད། དེ་བཞིན་རྩོམ་ཡིག་སོ་སོའི་གཤམ་དུ་མཆན་མང་པོ་བཀོད་ཡོད་ནའང་། མཆན་འགོད་མཁན་གྱི་དངོས་མིང་མེད་སྟབས་དེ་ཙམ་ནུས་པ་མེད། དཔེར་ན་བྷི་བྷི་སི་དང་དེ་མིན་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་གྱི་དྲ་རྒྱའི་སྟེང་མཆན་འགོད་སྲོལ་ཡོད་ནའང་། དེ་དག་ལ་དངོས་མིང་འགོད་དགོས་ཀྱི་ཡོད། དངོས་མིང་མ་བཀོད་པར་རྩོམ་ཡིག་འགོད་སྤེལ་བྱེད་པ་ནི་སྨྲ་བརྗོད་རང་དབང་ལ་དམ་དྲག་ཡོད་པའི་རྒྱལ་ཁབ་དང་སྤྱི་ཚོགས་ནང་ལག་བསྟར་བྱེད་པའི་ལམ་སྲོལ་ཞིག་ཡིན་པ་ལས་རང་དབང་ངང་བསམ་ཚུལ་འདོན་སྤེལ་ཆོག་པའི་སྤྱི་ཚོགས་ནང་དེ་ལྟར་གནང་སྲོལ་དཀོན་ཙམ་རེད། རང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དེ་འདྲིའི་བཀག་འདོམས་ནི་མེད། དངོས་མིང་ཡོད་པའི་རྩོམ་ཡིག་ནང་ཚིག་རྩུབ་ཉུང་བ་མ་ཟད། རྩོམ་ཡིག་དང་བསམ་ཚུལ་རྣམས་འགན་འཁུར་ཡོད་པའི་ཐོག་བྲིས་པར་ལ་ངོས་འཛིན་བྱེད་ཐུབ།


བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གསར་ཤོག་གཉིས་ཀྱིས་བཀའ་བློན་ཁྲི་པའི་འོས་མི་ཚོའི་བར་བགྲོ་གླེང་གནང་བའི་གནས་ཚུལ་དང་གཏམ་བཤད་གནང་བའི་ཚིག་དོན་ལེབ་བཤུས་གནང་བ་བཀོད་པ་ནི་ལེགས་པའི་ཆ་ཞིག་ཡིན་མོད། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ནང་འོས་མི་ཚོས་གཏམ་བཤད་གནང་བ་དང་། ལྷག་པར་བགྲོ་གླེང་སྐབས་འོས་མི་བྱེ་བྲག་པ་སོ་སོས་མངོན་འདོད་བཞིན་གཏམ་བཤད་གནང་སྲོལ་ཡོད་པ་དེ་ཡར་ཐོན་ཅན་ཨ་རི་ལྟ་བུའི་ནང་དུའང་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། རང་རེའི་བཀའ་བློན་ཁྲི་པའི་འོས་མི་རྣམས་དང་ཁོང་ཚོར་རྒྱབ་སྐྱོར་གནང་མཁན་བཅས་ལ་བགྲོ་གླེང་སྐབས་དྲི་བ་མཐའ་བསྐོར་རི་བསྐོར་གནང་ནའང
་། ལན་དེ་སོ་སོའི་མངོན་འདོད་ཀྱི་གཏམ་བཤད་གནང་བ་ལས་དྲི་བར་ཐད་ཀར་ལན་མ་གནང་བ་ཡང་བྱུང་ཡོད། གནས་སྟངས་དེ་མང་ཚོགས་ཀྱིས་གསལ་པོ་ཤེས་ཐབས་ལ་གསར་ཤོག་གི་ལས་འགན་ཆེན་པོ་བཞེས་དགོས་ཀྱི་ཡོད། དེ་ལྟར་མེད་ཚེ། སྐད་ཆ་སྙན་པོ་དང་རྫིག་པོ་ཤོད་མཁན་དེར་རྒྱལ་ཁ་ཐོབ་པ་ལྟ་བུ་ཆགས་ཏེ། དྲང་བདེན་གྱི་ལན་འདེབས་གནང་རྒྱུར་འབད་བརྩོན་གནང་མཁན་དེར་གྱོང་གུན་ཕོགས་ཉེན་ཡོད། ལར་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་པའི་འོས་མིའི་བར་བགྲོ་གླེང་གོ་སྒྲིག་གནང་མཁན་ཚོས་བགྲོ་གླེང་གོ་སྒྲིག་གནང་བའི་དགོས་པ་དང་དམིགས་ཡུལ་ངོས་འཛིན་ལེགས་པར་མ་ཐུབ་པའི་སྐྱོན་མེད་དམ་སྙམ་པའི་བློ་ཚབས་ཀྱང་ཡོང་གི་འདུག

 

ཨ་རི་སོགས་གསར་འགྱུར་ལས་རིགས་ལ་ཡར་ཐོན་ཅན་ཚོས་བགྲོ་གླེང་གྲུབ་མ་ཐག་ཆབ་སྲིད་དབྱེ་ཞིབ་པ་དང་དཔལ་འབྱོར་རིག་པར་མཁས་པ་སོགས་ཆེད་དུ་གདན་ཞུས་ཀྱིས་བགྲོ་གླེང་ནང་གཏམ་བཤད་གནང་ཕྱོགས་དང་ལན་འདེབས་གནང་ཕྱོགས་བཅས་ལ་ལམ་གསེང་བསྐྱར་ཞིབ་ཀྱི་བགྲོ་གླེང་གནང་སྟེ། མི་མང་གིས་བགྲོ་གླེང་གི་གནས་ཚུལ་དུས་ཐོག་ཤེས་ཐུབ་པའི་ཐབས་ལམ་ཡོད། རང་རེའི་བཙན་བྱོལ་བོད་མི་ཚོར་དེ་འདྲའི་ཆ་རྐྱེན་མེད་པར་བརྟེན་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གསར་ཤོག་གཉིས་ཀྱི་ལས་འགན་དེ་འཁྱེར་ཐུབ་ན་ཕན་ཁྱད་ཆེན་པོ་ཡོང་ངེས་ཀྱང་། འདས་པའི་དུས་སུ་རྒྱ་གར་ནང་བགྲོ་གླེང་སྔ་རྗེས་གཉིས་གོ་སྒྲིག་གནང་ཡོད་པ་གང་ལའང་དེ་འདྲའི་ལས་འགན་འཁྱེར་མཁན་བྱུང་མེད། དེའི་ཚབ་ཏུ་སྐབས་རེར་གསར་ཤོག་དེ་གཉིས་འོས་མི་བྱེ་བྲག་པའི་མགྲིན་ཚབ་པར་འགྱུར་གྲབ་ཀྱང་བྱེད་ཀྱི་འདུག དཔེར་ན་ཉེ་ཆར་རང་བོད་ཀྱི་དུས་བབ་ཀྱིས་བློ་བཟང་སེངྒེ་ལགས་སུ་འདྲི་བ་བཅུ་ཞེས་པ་ཞིག་འགོད་སྤེལ་གནང་འདུག་པ་དེ་ནི་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་འགན་འཁུར་འོག་དྲ་རྒྱ་དེར་དང་ཐོག་དབྱིན་ཡིག་ལ་བཀོད་པ་དེ་རྗེས་སུ་བོད་བསྒྱུར་བྱས་པ་ཞིག་འགོད་སྤེལ་གནང་སོང་། དྲི་བ་བཅུ་ཟེར་བ་དེ་བོད་ཀྱི་དུས་བབ་ཀྱིས་ལེབ་བཤུས་བྱས་ཏེ། དྲ་རྒྱ་དང་གསར་ཤོག་གཉིས་ཀར་བཀོད་འདུག སྤྱིར་བཏང་འགྲོ་ལུགས་ལ་གསར་ཤོག་གི་རྩོམ་སྒྲིག་ཚོགས་ཆུང་གིས་མི་གང་ཞིག་ལ་རྒྱབ་གཉེར་གནང་སྲོལ་ཡོད་ནའང་། དེར་རྒྱུན་མཚན་གསལ་བཤད་ཀྱིས་ཡོངས་ཁྱབ་ཀྱི་རྒྱབ་གཉེར་ཞུ་སྲོལ་ཡོད་པ་ཙམ་ལས་འོས་བསྡུའི་གནས་ཚུལ་འགོད་སྟངས་ཕྱོགས་ལྷུང་མེད་པར་འོས་མི་ཚང་མའི་གནས་ཚུལ་ཆ་སྙོམ་གསར་འགོད་བྱེད་ཀྱི་ཡོད་པ་དེ་ནི་གསར་ཤོག་གི་དྲང་ཚུགས་དང་རང་དབང་གི་གནས་ཚད་ཕྱིར་འདོན་བྱེད་པ་མཚོན་གྱི་ཡོད། གཅིག་བྱས་ན་བོད་མིའི་གསར་འགོད་པ་ཚོར་གསར་འགོད་ཀྱི་ལྟ་གྲུབ་དང་ལེགས་བྱང་ལ་དེ་ཙམ་མྱོང་བ་མེད་པའི་སྐྱོན་གྱིས་གནས་ཚུལ་དེ་འདྲ་ཡོང་སྲིད། གསར་ཤོག་གི་ལས་འགན་གཙོ་གནད་ཆེ་ཤོས་གཅིག་ནི་ཕྱོགས་ལྷུང་མེད་པར་གནས་ཚུལ་དྲང་པོ་འགོད་སྤེལ་བྱ་རྒྱུ་དེ་རེད།


དེ་བཞིན་འོས་བསྡུའི་སྐབས་སྒྲིག་སྲོལ་བཞིན་འོས་བསྡུ་བྱས་ཡོད་མེད་དང་། ཚུལ་མིན་གྱི་གནས་ཚུལ་སོག་བྱུང་ཡོད་ཚེ་དེ་དག་ཐེར་འདོན་གནང་རྒྱུའི་ལས་འགན་དེ་གསར་འགྱུར་བརྒྱུད་ལམ་ལ་ཡོད་ཅིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་འགྱུར་བརྒྱུད་ལམ་འགའ་ཞིག་ཡོད་པའི་ཁོངས་ནས་འགྲོ་རྒྱུགས་ཆེ་ཤོས་དེ་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གསར་ཤོག་གཉིས་ཡིན་པར་བརྟེན་འོས་བསྡུ་དྲང་བདེན་དང་ཚགས་ཚུད་ལྡན་པ་བྱུང་ཡོད་མེད་ཀྱི་དངོས་བྱུང་གནས་ཚུལ་རྣམས་འགོད་སྤེལ་གནང་དགོས་པ་ཡིན། དཔེར་ན་བོད་ཀྱི་དུས་བབ་ཀྱིས་སྤེལ་ཀོབ་ཀྱི་གནས་ཚུལ་བྱུང་བ་ཁག་ཅིག་བཀོད་པ་ནི་བསྔགས་པར་འོས་པ་རེད། འོན་ཀྱང་། འོས་བསྡུ་ལས་ཁང་གིས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཕྱོགས་སྒྲིག་གཞི་དང་འགལ་འཛོལ་བྱུང་བར་མང་ཚོགས་ནང་བསམ་ཚུལ་ཡོད་ནའང་། གནས་ཚུལ་གསར་ཤོག་དེ་གཉིས་ཀྱིས་གླེང་སློང་ཙམ་གནང་མེད། གསར་ཤོག་ཐོག་གླ་ཡོད་གསལ་བསྒྲགས་དང་གསལ་བཤད་ཀྱི་གཏམ་བཤད་བཅས་བཀོད་པ་ནི་གསར་འགྱུར་མིན། དཔེར་ན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཁྲིའི་འོས་དམིགས་ཁོངས་སུ་མེད་པའི་སྐོར་གསལ་བཤད་གནང་བ་ཞིག་ཚགས་ཤོག་གཉིས་ཀྱི་ནང་བཀོད་འདུག་ཀྱང་། དེ་འདྲའི་གནས་ཚུལ་བྱུང་བ་དེ་འོས་བསྡུ་ལས་ཁང་གི་སྐྱོན་ཡིན་མིན་སོགས་རྒྱབ་ལྗོངས་ཀྱི་གནད་གང་ཡང་བཀོད་མི་འདུག དེར་བརྟེན་ད་ལྟ་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་གནང་དགོས་ཀྱི་ཡོད་པས་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གསར་ཤོག་གཉིས་ཀྱིས་མང་ཚོགས་ལ་གནས་ཚུལ་མཁོ་སྤྲོད་གནང་རྒྱུར་འགན་འཁུར་ཆེ་ཙམ་བཞེས་དགོས་པའི་རེ་བསྐུལ་བྱེད་ཀྱི་ཡོད།

 

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༧ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 4

  1. ཨ་མའི་བུ། says:
    ལོ་ 15 སྔོན།

    བོད་མི་རིགས་ལ་ཤ་ཚ་བ་ཟེར་ ན། འདི་ལྟ་བུ་ལ་ཟེར་བ་ཡིན། ངོ་མ་རེད། འཛམ་གླིང་ནང་ཆེས་ཆེར་སྙན་གྲགས་རྒྱས་པའི་དབུ་ཁྲིད་༸གོང་ས་མཆོག་ལྟ་བུ་ལ་རྒྱ་ མིས་ཁ་ཡ་རྩ་བ་མི་བྱེད་པར། ཉམས་མྱོང་གང་ཡང་མེད་པའི་མི་ཞིག་གིས་རྒྱ་ཡི་མཉམ་དུ་བོད་དོན་གླེང་རྒྱུའི་རེ་ བ་བྱེད་པ་ནི་ཡི་དྭགས་སྨིག་རྒྱུར་ཆུ་འཁྲུལ་དང་མཚུངས་པ་རང་རེད། མ་གཞི་ནས་བཀའ་བློ་ཁྲི་པའི་ཞབས་སྟེགས་འདི་འཇོན་སྟངས་འདོན་སའི་གཡུལ་ས་ཞིག་ རེད་མ་གཏོགས། ཉམས་མྱོང་གསོག་ས་དང་སྦྱོང་བརྡར་བྱེད་སའི་མི་རྒན་སློབ་གྲྭ་ཞིག་མ་རེད། བོད་ལ་ཤ་ཚ་ཡོད་པའི་གཞོན་སྐྱེས་ཡིན་ན་ཧོལ་རྒྱུགས་མ་བྱེད། གལ་སྲིད་ཁྱེད་ཚོས་ལོ་གཞོན་རྒྱུ་མཚན་དུ་བྱས་ན་འོས་ཤོག་འཕེན་པ་ཡིན་ན། བོད་བསྟན་པ་ཆབ་སྲིད་ལ་གནོད་ཚབས་ཆེན་པོ་སྐྱེལ་རྒྱུ་ཡིན་པ་རྗེས་ནས་ཤེས་ཡོང་། ཕན་མ་ཐོགས་ནའང་གནོད་མ་སྐྱེལ་རོགས།

    Reply
  2. བསེ་རུ། says:
    ལོ་ 15 སྔོན།

    ” སྐད་ཆ་སྙན་པོ་དང་རྫིག་པོ་ཤོད་མཁན་དེར་རྒྱལ་ཁ་ཐོབ་པ་ལྟ་བུ་ཆགས་ཏེ། དྲང་བདེན་གྱི་ལན་འདེབས་གནང་རྒྱུར་འབད་བརྩོན་གནང་མཁན་དེར་གྱོང་གུན་ཕོགས་ཉེན་ཡོད། ”
    གོང་གི་ཚིག་དོན་དེས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་ལས་བརྒལ་ཏེ། བཙན་བྱོལ་སྤྱི་ཚོགས་ཀྱི་གྲུ་ཟུར་ཡོད་ཚད་ལ་དཔེ་འགེབས་བྱས་ན་འོས་ཤིང་འཚམ་པའི་བདེན་གཏམ་ཞིག་ཏུ་གྱུར་མི་འདུག་གམ།།

    Reply
  3. དོན་འགྲུབ་ says:
    ལོ་ 15 སྔོན།

    རྣམ་རྒྱལ་ལགས་ཀྱིས་གསར་ཤོག་སོགས་བརྒྱུད་ལམ་ཁག་གིས་འོས་བསྡུའི་ལས་རིམ་དང་འབྲེལ་བར་གསར་འགོད་གནང་ཕྱོགས་དྲང་བདེན་དང་ཕྱོགས་ལྷུང་མེད་པ་གནང་དགོས་སྐོར་དོན་སྙིང་ལྡན་པའི་བསམ་ཚུལ་གསུང་འདུག་པ་འདི་སྐོར་འབྲེལ་ཡོད་ནས་ཞིབ་ཆའི་བགྲོ་གླེང་ཞིག་གནང་ཐུབ་ན་དགེ་མཚན་ཆེ།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རེ་བསྐུལ་དང་དགོང་ཚུལ་གསུང་པར་རྒྱབ་བསྐོར་ཡོད་ལ་བསླད་ནས་སྤྱི་ཚོགས་ཕན་པའི་ལེགས་བྱང་མང་ཙམ་གསུངས་ཐུབ་རྒྱུར་སྙིང་ནས་རེ་བསྐུལ་ཞུ་བཞིན་ཡོད་ཐུགས་རྗེ་ཆེ་ཐུབ་བསྟན་ལགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese