མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གནས་སྟངས་ཛ་དྲག་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་བོད་གཞུང་དྲ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ངོ་ ༡༧ ཙམ་གྱི་ཁྲིམས་ཆད་ཕོག་སྟེ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ཡོད་པའི་ཆབ་སྲིད་བཙོན་མ་འཇིགས་མེད་རྒྱ་མཚོ་ལགས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོར་གྱུར་ཏེ། ད་ལྟ་ཁོང་གི་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་ཡིན་པའི་གནས་ཚུལ་འབྱོར་ཡོད་འདུག འཇིགས་མེད་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༩༦ ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསར་རྗེར་ངོ་ལོག་པའི་ཚོགས་པ་བཙུགས་པའི་ཉེས་མིང་འོག ཁོང་དང་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་བོད་མི་ཁག་གཅིག་ལ་ཁྲིམས་ཆད་བཏང་ཡོད་པ་ལྟར། ཁོང་ལ་དུས་ཡུན་ལོ་ངོ་ ༡༥ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་སོགས་སུ་ངལ་རྩོལ་སྒྱུར་བཀོད་དུ་བཏང་ཡོད་པ་དང་། ༢༠༠༤ ལོར་ཁོང་གིས་བཙོན་ཁང་ནང་༸གོང་ས་མཆོག་གི་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་སྟབས། དུས་ཡུན་ལོ་ ༢ སྤར་ཆ་བྱས་ཡོད་འདུག ཡིན་ནའང་། ཁོང་གིས་བཙོན་ཁང་ནང་མུ་མཐུད་དེ་ཁོང་རང་ཉིད་ཀྱི་ལངས་ཕྱོགས་བརྟན་བཟུང་བྱས་པར་བརྟེན། ཉེས་རྡུང་ཚབས་ཆེ་ཕོག་སྟེ་ལུས་པོ་ནད་གཅོང་ཆགས་ཡོད་པར་མ་ཟད། ཆུ་ཤུལ་བཙོན་ཁང་དུ་སྤོ་སྐྱེལ་བྱས་པའི་རྗེས་སུའང་མུ་མཐུད་ཉེས་རྡུང་བཏང་བ་སོགས་དེང་སྐབས་ལུས་པོ་ནད་གཅོང་དུ་གྱུར་ཏེ་ཁོང་གི་ཚེ་སྲོག་ལའང་ཉེན་ཁ་ཡོད་པའི་གནས་སུ་ལྷུང་འདུག་ཟེར།

 

ཁོང་ནི་ ༡༩༦༡ ལོར་ཨ་མདོ་བསང་ཆུ་རྫོང་ཁོངས་སུ་སྐྱེས་པ་དང་། ཨ་མདོ་བླ་བྲང་བསང་ཆུ་རྫོང་ཁུལ་དུ་ཐོག་མར་བོད་སྤྱི་དོན་སླད་ལས་འགུལ་སྤེལ་མཁན་གྱི་ཐོག་མའི་མི་སྣའི་གྲས་ཡིན་པར་མ་ཟད། ལྷ་སར་གཏན་སྡོད་རིང་འཐབ་གྲོགས་ཁག་གཅིག་དང་མཉམ་དུ་བོད་སྤྱི་དོན་སླད་ལྷག་བསམ་རྣམ་དག་གིས་ལས་འགུལ་སྤེལ་མྱོང་མཁན་ཞིག་ཀྱང་ཡིན་འདུག

 

གསར་འགོད་པ། ཨ་རིག་འགྱུར་མེད།

མཆན། 2

  1. ཐ་ཧྭར་སྐལ་བཟང་། says:
    ལོ་ 11 སྔོན།

    ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོའི་ཡོངས་གྲགས་ཀྱི་མིང་ལ་རྒན་རྒྱའི་འཇིགས་མེད་རྒྱ་མཚོ་ཟེར། ཡོངས་གྲགས་ཀྱི་མིང་བཀོད་པ་ཡིན་ན་ཞིབ་འཇུག་བྱེད་མཁན་ཚོ་སྟབས་བདེ་ཡོད་པ་རེད་བསམ།

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 11 སྔོན།

    ཆོས་སྐྱོང་སྲུང་མ་ཟེར་བ་དེ་ཡོད་ན་རང་རིགས་སྤུན་ཟླའི་ཡ་ང་བའི་གནས་སྟངས་འདི་མི་གཟིགས་པ་གང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist