མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༠ ལོའི་བཙན་བྱོལ་གྱི་གནས་ཚུལ་ཆེ་ཁག་ཕྱོཊ་བསྡུས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདི་ག་གསར་ཁང་གིས་ལོ་རེ་རེའི་ལོ་མཇུག་ཙམ་ལ་༧གོང་ས་མཆོག་གི་མཛད་འཕྲིན་དང་བོད་ནང་གི་གནས་ཚུལ། བཙན་བྱོལ། དེ་བཞིན་རྒྱ་ནག་དང་རྒྱལ་སྤྱི་བཅས་ཀྱི་གསར་འགྱུར་ཆེ་ཁག་ཕྱོགས་བསྡོམས་ཀྱིས་བསྐྱར་སྤེལ་བྱེད་སྲོལ་ཡོད་པ་ལྟར། འདི་ལོའི་༼ བཙན་བྱོལ་ནང་གི་གནས་ཚུལ་ཆེ་ཁག་ཕྱོགས་བསྡུས ༽ བྱས་ཡོད།

ཕྱི་ཟླ་ ༡ ཚེས་ ༡༥ ཉིན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་རྒྱ་ནག་ཧུ་ནན་ཞིང་ཆེན་གྱི་རྒྱལ་ས་ཁྲང་ཧྲ་རུ་བསྐྱོད་དེ་རྒྱ་ནག་གི་སྐུ་ཚབ་དག་དང་ཐུག་འཕྲད་ཀྱིས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ ༽ ཞེར་པར་འགྲེལ་བཤད་ཀྱི་ཡིག་ཆ་གཉིས་པ་དེ་ཕུལ་ཡོད་ལ། དེ་དང་མཉམ་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་བདག་དབང་དང་ས་ཁུལ་གོང་བུ་གཅིག་གྱུར་ལ་བརྩི་སྲུང་བྱ་རྒྱུ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ། “རྒྱུན་འཁྱོངས་བྱེད་དགོས་པ་གསུམ་” ལ་བརྩི་སྲུང་ཞུ་རྒྱུ། རྒྱ་ནག་དབུས་གཞུང་གི་སྲིད་འཛིན་དབང་ཆ་དང༌། དེའི་རིམ་པ་བཅས་ལ་བརྩི་སྲུང་བྱ་རྒྱུ་སོགས་ཁས་ལེན་གནང་།

 

 ཕྱི་ཟླ་ ༥ ཚེས་ ༢༧ ཉིན་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཨི་ཊ་ལིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཐོབ་ཅིང་།  ཕྱི་ཟླ་ ༨ པའི་ ཚེས་ ༡༦ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཞོགས་དུང་སོགས་ལ་ལྷག་དཀར་རྟགས་མ་ཕུལ་ཡོད། ཟླ་ ༩ པའི་ཚེས་ ༡༩ ཉིན་འབྲུག་པ་རིན་པོ་ཆེ་ལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་པའི་འཛུགས་བསྐྲུན་གྱི་གཟེངས་རྟགས་ཕུལ་ཡོད་ལ། ཟླ་༡༢ ཚེས་ ༧ ཉིན་རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགའ་དེའང་ཁོང་ལ་ཐོབ་ཡོད། ཟླ་ ༡༢ པའི་ ཚེས་ ༤ ཉིན་སྨིན་གླིང་མཁན་ཆེན་རིན་པོ་ཆེར་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུའི་བྱ་དགའ་ཐོབ་ཡོད།

 

ཟླ་ ༨ ཚེས་ ༢༦ ནས་ ༣༠ ཉིན་བར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ༼བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་ཐེངས་དང་པོ ༽ཚོགས་ཏེ། ཆོས་རིག་དང་གཞིས་ཆགས་སྲ་བརྟན། ཆབ་སྲིད་བཅས་ཀྱི་ཐད་བགྲོ་གླེང་གནང་སྟེ་བསམ་ཚུལ་ཕྱོགས་བསྡོམས་བྱས་ཤིང་། མཇུག་བསྡོམས་སྟེང་༧གོང་ས་མཆོག་གིས་གདན་ས་ཁག་གི་དགེ་བཤེས་ཚོར་ནང་ཆོས་དང་མུ་སྟེགས་པའི་གཞུང་། ཚན་རིག་བཅས་ནས་༼ ཚན་རིག་ཀུན་བཏུས ༽ ཀྱི་གཞུང་ཞིག་དང་། རྒྱ་གར་གྱི་ལྟ་གྲུབ་དང་ནུབ་ཕྱོགས་པའི་ལྟ་གྲུབ། ནང་པའི་ལྟ་གྲུབ་བཅས་ལས་༼ ལྟ་གྲུབ་ཀུན་བཏུས ༽ ཀྱི་གཞུང་ཞིག་བཅས་རྩོམ་དགོས་པའི་བཀའ་ཕེབས།

 

ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་ཚོས་ཉིན་བརྒྱ་དུས་གཅིག་ལ། སྐབས་བཅུ་བཞི་བའི་བཀའ་ཁྲི་དང་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་འོས་བླུགས་ཡོད་ཅིང་། ཐེངས་འདིར་འོས་བསྡུའི་དེབ་སྐྱེལ་ཟིན་པ་ ༧༩༤༤༩ ཙམ་བྱུང་ཡོད་ཀྱང་། འོས་བསྡུའི་ཆ་ཤས་ལེན་མཁན་ ༤༧༩༩༨ ཙམ་ལས་བྱུང་མེད། དེ་ནི་སྐབས་སྔོན་མ་དང་བསྡུར་ན་མི་ ༦༦༧༨ ཙམ་ཇེ་མང་དུ་ཕྱིན་ཡོད་ཀྱང་། ཉིན་དེར་བལ་ཡུལ་འཕགས་ཤིང་དང་མཆོད་རྟེན་བྱ་རུང་ཁ་ཤོར་ས་གནས་གཉིས་དང་། འབྲུག་ཡུལ་བཅས་ཀྱི་འོས་སྒམ་རྣམས་གཞུང་བཞེས་བཏང་བའི་གནས་ཚུལ་བྱུང་ཡོད། 

 

ཕྱི་ཟླ་ ༡༡ པའི་ཚེས་ ༥ ནས་ ༧ ཉིན་བར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ། རྒྱ་གར་ཧ་རི་ཡ་ནཱ་མངའ་སྡེར་ཚོགས་ཡོད་ཅིང་། ཚོགས་འདུའི་སྟེང་༧གོང་ས་མཆོག་དང་རྒྱ་གར་སྲིད་བློན་ཟུར་པ། བོད་གཞུང་བཀའ་ཁྲི་སོགས་རྒྱལ་ཁབ་ཁག་ ༥༧ ཙམ་ནས་ཚོགས་བཅར་བ་ ༢༥༧ ཙམ་ཚོགས་ཞུགས་བྱས་ཏེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག རིག་གཞུང་། རྒྱ་རིགས་དང་འབྲེལ་བ་གོང་མཐོར་གཏོང་ཐབས་སྐོར་གྲོས་བསྡུར་བྱུང་ཡོད།  

 

ཕྱི་ཟླ་ ༩ པའི་ཚེས་ ༡༥ ནས་ཉིན་ལྔའི་རིང་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁོ་ཝུར་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་ཚོགས་ཡོད་ཅིང་། ཚོགས་འདུ་དེའི་སྟེང་བོད་ཕྱི་ནང་གཉིས་གཙོས་པའི་རྒྱལ་ཁབ་ ༢༠ ཁག་ནས་བོད་རིག་པའི་ཞིབ་འཇུག་པ་དང་ཆེད་མཁས་པ་ ༤༠༠ ཙམ་ཚོགས་ཞུགས་བྱས་ཏེ། བོད་ཀྱི་ལོ་རྒྱུས་དང་རིག་གནས་བཅས་ཀྱི་ཐོག་ཆེད་རྩོམ་སྒྲོག་སྦྱོང་གནང་ཡོད།

 

ཕྱི་ཟླ་ ༡༢ པའི་ཚེས་མགོར་བོད་གཞུང་འཆར་འགོད་ལྷན་ཁང་གིས་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གཉིས་པའི་སྙན་ཐོ་གསལ་བསྒྲགས་བྱས་པའི་ནང་། ད་ཆར་བཙན་བྱོལ་ཁྱོན་ཡོངས་སུ་བོད་མི་ ༡༢༧༩༣༥ ཙམ་ཡོད་ཅིང་། དེ་དག་ཁྲོད་ཕོ་  ༧༠༥༥༦ དང་མོ་ ༥༧༣༧༩ བཅས་ཡོད་ཅིང་། རྒྱ་གར་དུ་མི་ ༩༤༢༠༣  དང་། བལ་ཡུལ་དུ་ ༡༣༥༡༤། འབྲུག་ཏུ་ ༡༢༩༨།  ཕྱི་རྒྱལ་ཁག་ཏུ་ ༡༨༩༢༠ བཅས་ཡོད་འདུག

 

ཕྱི་ཟླ་ ༡༢ པའི་ཚེས་ ༨ ཉིན་རྡོ་རྗེ་གདན་དུ་ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་མི་ལོ་ ༩༠༠ འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་ཀརྨ་པ་མཆོག་གི་དབུས་སྐུ་མགྲོན་དུ་བོད་གཞུང་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་སོགས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ ༦༠༠༠ ལྷག་འཛོམས་ཡོད་ལ། ༧གོང་ས་མཆོག་དང་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་གསུང་འཕྲིན་ཡང་བསྩལ་ཡོད།

 

ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༨ ཉིན་ཁེ་ན་ཌའི་མི་སེར་དང་ཡུལ་མི་གནས་སྤོར་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པའི་ནང་། ཁེ་ན་ཌ་གཞུང་གིས་འབྱུང་འགྱུར་གྱི་ལོ་ ༥ རིང་རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ སྐྱབས་བཅོལ་དུ་ལེན་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། བཙན་བྱོལ་བོད་གཞུང་གི་ངོས་ནས་ད་སྔ་གཞུང་གཉིས་བར་སྐད་ཆ་བྱུང་མེད་སྟབས། གནས་ཚུལ་དེ་གཞུང་འབྲེལ་ཆགས་མེད་སྐོར་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

སྐར་མ ༡༧ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག།

ཆུ་ཚོད་ ༢ སྔོན་ལ།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤

མཆན། 1

  1. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ལོ་འདིའི་ནང་བཙན་བྱོལ་ཡག་ཐག་ཆོད་བྱུང་འདུག སླད་ཕྱིན་ཡང་དེ་མཚུངས་ཡོང་བར་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese