མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡིད་རྟོན་དཀའ་བའི་ཟས་རིཊ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢ ཉིན་ཧྥ་རན་སི་རྒྱལ་ཡོངས་རླུང་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིན་གྱི་ ༼ བདེ་ཐང་། ༽ཞེས་པའི་དུས་དེབ་དང་ཆིན་ཧྭ་སློབ་ཆེན་གསར་འགྱུར་སྡེ་ཁག་གཉིས་ཟུང་འབྲེལ་ཐོག ད་ལོའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་ནག་ནང་གི་ཟས་རིགས་ཐོན་རྫས་ཀྱི་རྒྱུ་སྤུས་དང་བདེ་ཐང་ཐད་ལ་མང་ཚོགས་ཀྱིས་ཡིད་རྟོན་ཡོད་མེད་སྐོར་ཉམས་ཞིབ་ཅིག་བྱས་ཡོད་པ་དང་། ཉམས་ཞིབ་ལེགས་འགྲུབ་བྱུང་རྗེས་ ༼༢༠༡༠ -༢༠༡༡ ལོའི་བར་གྱི་རྒྱ་ནག་གི་ཟས་རིག་ཐོན་རྫས་རྒྱུ་སྤུས་ལ་མང་ཚོགས་ཀྱི་ཡིད་རྟོན་སྙན་ཐོ ༽ཞེས་པ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། སྙན་ཐོ་དེའི་ནང་མང་ཚོགས་བརྒྱ་ཆ་ ༧༠ ཡིས་རྒྱ་ནག་གི་ཟས་རིགས་ཐོན་རྫས་ཀྱི་རྒྱུ་སྤུས་ལ་ཡིད་རྟོན་བྱེད་ཀྱི་མེད་པ་བཀོད་ཡོད།

ཉམས་ཞིབ་སྐབས་མང་ཚོགས་ཀྱི་རྒྱུན་སྤྱོད་ཟས་རིགས་སྔོ་ཚལ་དང་། ཤིང་ཏོག  བཏུང་བྱའི་རིགས། སྣུམ་སོགས་ཟས་རིགས་སྣ་ཁ་  ༢༤  ཙམ་གྱི་རྒྱུ་སྤུས་ཐད་མང་ཚོགས་ལ་ལྟ་སྟངས་གང་འདྲ་ཡོད་མེད་ཞིབ་འཇུག་བྱས་པའི་ཁྲོད། རྫས་སྦྱོར་གྱི་ཟས་རིགས་དང་། འཁྱག་པའི་རིགས། སྣུམ་བསྲེགས་རིགས།  སྔོ་ཚལ་སྙལ་མའི་རིགས། ཤ་བཙོས་མ། འོ་སྐམ། ཤ་རློན། ལྕགས་སྒམ་ནང་གི་ཟས་རིགས། འབྲུ་སྣུམ། སྟབས་བདེ་ཐུག་པ་སོགས་སྣ་ཁ་ ༡༠ ཙམ་གྱི་རྒྱུ་སྤུས་དང་འཕྲོད་བསྟེན་བདེ་ཐང་ལ་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། སྲོག་ཆགས་ཤི་བའི་ཤ་རིགས་བཙོང་བཞིན་ཡོད་པའི་དོགས་ཆེན་པོ་བྱེད་ཀྱིན་ཡོད་འདུག 

སྤྱི་ཚོགས་ཉམས་པ་དག་གིས་བརྗོད་ན།  མང་ཚོགས་ཀྱིས་ཟས་རིགས་དེ་དག་ལ་ཡིད་རྟོན་བྱེད་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གི་བཟོ་ཚོང་ཁྲོམ་ར་སྤྱི་དང་ཁེ་ལས་པ་སྒེར་བ་མང་པོ་ཞིག་གི་བཟོ་ཚོང་ཀུན་སྤྱོད་ཀྱི་ཚད་གཞི་ཧ་ཅང་དམའ་བའི་རྐྱེན་གྱིས། ཟས་རིགས་ཐོན་རྫས་རྫུན་མ་ལས་སྣོན་དང་། དུས་ཡུན་རྫོགས་ཟིན་པ་དག་ལ་བསྐྱར་དུ་དུས་ཚོད་རྫུན་བཟོ་བྱས་པ་མང་བའི་རྐྱེན་གྱིས་ད་ཆར་རྒྱལ་ཁབ་ཕྱི་ནང་ཀུན་དུ་རྒྱ་ནག་གི་ཟས་རིགས་ཐོན་རྫས་ལ་ཡིད་རྟོན་དཀའ་བའི་གནས་སྟངས་ཆགས་ཡོད་ལ། གནད་དོན་འདིར་རྒྱ་ནག་གཞུང་ངོས་ནས་ཀྱང་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལའགན་ལེན་མ་བྱས་པ་བཅས་ཀྱིས་ཡིན་སྐོར་བརྗོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 2

  1. རྩམ་དགའ་བོད་དགའ། says:
    ལོ་ 12 སྔོན།

    དེ་ནི་ཁྲ་མཐོང་ཆེ་ཤེལ་མི་དགོས་པར། ཀུན་གྱི་ཤེས་གསལ་རེད། ངས་ཟེར་ན། འཛམ་གླིང་ཀུན་གྱི་ཤེས་གསལ་རེད། འོན་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་བཅའ་ཡིག་དང་། མགོ་བདེ་ནུབ་ཕྱོགས་པའི་སྡུག་སྐད། ད་དུང་རྒྱ་ནག་མི་སེར་གྱི་སྨྲེ་ངག་བཅས་ལས་རྒྱ་གཞུང་གི་ཧམ་གཤེད་བཙན་ཤུགས་ཆེ་བས་བྱེད་ཐབས་ག་ལ་ཡོད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    འཕྲོད་སྟེན་དང་མི་དམངས་ཀྱི་ཚེ་སྲོག་དང་འབྲེལ་ཡོད་གལ་གནད་ཅན་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist