མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕན་ཚུན་བློ་ཐག་ཧ་ཅང་ཉེ་བའི་ཚོར་བ་ཞིག་བྱུང་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་༤ ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱད་སྐར་མ་ ༧༥ རིང་རྒྱ་རིགས་མང་པོ་ཞིག་གི་དྲ་བར་ལན་འདེབས་གནང་ཡོད། དེ་ནི་ ༢༠༡༠ ལོར་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གིས་མགོ་འཛུགས་བྱས་པའི་༼རྒྱ་རིགས་མི་མང་གིས་དྲྭ་ལམ་བརྒྱུད་དེ་ཏཱ་ལའི་བླ་མ་མཆོག་དང་གླེང་མོལ།༽ཞེས་པའི་ལས་གཞི་མུ་མཐུད་པ་ཞིག་ཡིན་ཞིང་། རྒྱ་རིགས་མང་པོ་ཞིག་གིས་གྷོ་གྷིལ་(Google) དྲ་བ་བརྒྱུད་༧གོང་ས་མཆོག་ལ་དྲི་བ་ཁག་ ༣༡༩ ཙམ་ཡོད་པ་རྣམས་ལས། ཐེངས་འདིར་རྒྱ་ནག་པེ་ཅིན་གྱི་ཅཱང་ཐན་ཡཱོང་དང་། ཧྲུན་ཀྲིན་གྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཐུན་པིའོ་གཉིས་ཀྱིས་དྲི་བ་གསུམ་རེ་གདམ་གསེས་བྱས་ཤིང་། ཁོང་གཉིས་སྒེར་ངོས་ནས་དྲི་བ་རེ་བཅས་ཁྱོན་བསྡོམས་དྲི་བ་ ༨ ཙམ་ཕུལ་ཏེ། ༧གོང་ས་མཆོག་གིས་བཀའ་ལན་གནང་ཡོད།

བཀའ་ལན་རྣམས་ཕྱོགས་བསྒྲིགས་ཕབ་བསྒྱུར་ཟིན་རྗེས་ྋགོང་ས་མཆོག་གི་རྒྱ་ཡིག་ཊི་ཝེ་ཊིར་ @DalaiLamaCN དང་། ཝང་ལི་ཞོན་གྱི་ཊི་ཝེ་ཊིར་ @wlixiong །  ཐུན་པིའོ་ཡི་ཊི་ཝེ་ཊིར་ @tenbiao ། ཅཱང་ཐེན་ཡོང་གི་ཊི་ཝེ་ཊིར་ @jtyong བཅས་སུ་བརྒྱུད་གཏོང་བྱས་ཡོད་པ་དང་། ྋགོང་ས་མཆོག་གི་བོད་རྒྱ་དབྱིན་གསུམ་གྱི་དྲྭ་ཚིགས་སྟེང་བརྙན་འཕྲིན་དང་བཅས་ཐད་གཏོང་བྱས་འདུག

ཐེངས་འདིའི་༸གོང་ས་མཆོག་གི་བཀའ་ལན་གནང་སྐབས།  ད་ལྟ་རྒྱ་ནག་ཧྲིན་ཀྲིན་དུ་ཡོད་པའི་ཁྲིམས་རྩོད་པ་ཐུན་པིའོ་ལགས་ཀྱིས།  ཉེ་ཆར་ཝི་ཀེ་ (WiKileaks) དྲ་རྒྱས་གསལ་བསྒྲགས་བྱས་པའི་ཨ་རིའི་གསང་བ་ཕྱི་གྱར་གྱི་གནས་ཚུལ་ཁྲོད། རྒྱ་གར་གནས་སྡོད་ཨ་རའི་གཞུང་ཚབ་ཀྱིས་བརྗོད་པ་ལྟར་ན།  ༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་གནད་དོན་ཐད་བོད་མི་རྣམས་ཀྱིས་ད་དུང་ལོ་ ༥ ནས་ ༡༠ བར་ངང་སྒུག་བྱས་ཆོག་ཀྱང་། བོད་ཁུལ་གྱི་འཁྱག་རོམ་ཞུ་བ་དང་ནགས་ཚལ་གཅོད་འབྲེག གཏེར་ཁ་སྔོག་འདོན་སོགས་ཀྱི་རྐྱེན་པས་གཙང་པོའི་མགོ་ཁུངས་ཀྱི་རང་བྱུང་ཁོར་ཡུག་ཉམ་ཆག་ཏུ་འགྱུར་བཞིན་པ་བཅས་ཀྱི་ཐད་མུ་མཐུད་ངང་སྒུག་བྱེད་ཐབས་བྲལ་སྐོར་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག  དེ་ནི་བདེན་པ་ཡིན་མིན་དང་། གལ་སྲིད་བདེན་པ་ཡིན་ན།  དེ་ཡིས་༸གོང་ས་ཆོག་གི་ལངས་ཕྱོགས་ཐད་འགྱུར་བཅོས་བྱུང་བ་མཚོན་གྱི་ཡོད་མེད་དང་། ཞིབ་ཕྲའི་དགོངས་གཞི་ག་འདྲ་ཡིན་མིན་གྱི་བཀའ་འདྲི་གནང་ཡོད། 

པེ་ཅིན་དུ་ཡོད་པའི་ཁྲིམས་རྩོད་པ་ཅཱང་ཐན་ཡཱོང་གིས་བོད་ཀྱི་གནད་དོན་ཞི་བའི་ཐག་གཅོད་ཡོང་བར་རྒྱ་བོད་མི་མང་དང་། བོད་རྒྱ་ཤེས་ལྡན་པའི་བར་ཕན་ཚུན་འབྲེལ་མོལ་དང་རྒྱུས་ལོན་ཡོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ༸གོང་ས་མཆོག་ནས་དེའི་ཐད་ཐུགས་འདུན་ཡོད་མེད་དང་། ཅི་ལྟར་འབྲེལ་མོལ་དང་རྒྱུས་ལོན་ཡོང་ཐབས་བྱ་རྒྱུ་ཡིན་མིན།   དེ་ལྟའི་འབྲེལ་མོལ་དང་རྒྱུས་ལོན་ཡོང་བར་འགོག་རྐྱེན་གཙོ་བོ་གང་དག་འཕྲད་ཀྱི་ཡོད་མེད་བཀའ་འདྲི་གནང་ཡོད།

 

དེ་མིན་གཞན་པའི་དྲི་བ་ཁག་དྲུག་ནི།  དང་པོ། ང་ཕོད་ངག་དབང་འཇིགས་མེད་ནི་སྔོན་ཆད་སྐུ་ཉིད་ཀྱིས་མངགས་གཏོང་གིས་པེ་ཅིན་ལ་གྲོས་མོལ་ཆེད་སྐྱོད་མཁན་རེད། དེར་མ་ཟད་ཁོས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མཚན་རྟགས་བཀོད་པ་རེད། སྤྱིར་བཏང་ཁྱེད་ཀྱིས་གྲོས་མཐུན་དེར་ཆོག་མཆན་མོས་མཐུན་གནང་མེད་ནའང་། རྗེས་སུ་སྐུ་ཉིད་ནས་ཀྱང་ཐུགས་འདུན་མོས་མཐུན་གནང་དགོས་བྱུང་བ་རེད། དེའི་རྗེས་ནས་བཟུང་ང་ཕོད་ངག་དབང་འཇིགས་མེད་སྐུ་ཉིད་ཀྱི་ཁ་གཏད་དུ་ལངས་ཏེ། བོད་ཀྱི་གནད་དོན་ཐད་རྒྱ་གཞུང་གི་མགྲིན་ཚབ་པར་གྱུར་བ་རེད། སྐུ་ཉིད་ནས་ང་ཕོད་ངག་དབང་འཇིགས་མེད་ཀྱི་ཐད་ལ་ཐུགས་བཞེས་གང་འདྲ་གནང་གི་ཡོད་དམ།

གཉིས་པ།  སྐུ་ཉིད་ལ་བཙན་བྱོལ་ནང་བོད་མི་སྐོར་ཞིག་གི་བྱ་སྤྱོད་ལ་སྟངས་འཛིན་གནང་དཀའ་བའི་ཚད་གཞིར་སླེབས་ཡོད་པའི་དགོངས་ཚུལ་ཡོད་དམ།   གནས་ཚུལ་འདིའི་བྱུང་རྐྱེན་ཅི་ཞིག་ཡིན་མིན་དང་། མ་འོངས་པར་དེའི་ཐད་ཐུགས་འཆར་ག་རེ་ཡོད་དམ།

གསུམ་པ།  གཞན་དབང་སྟབས་བསྟུན་མི་བྱེད་པ་དང་འཚེ་བ་མེད་པའི་ཐབས་ལམ་གྱིས་རྒྱ་ནག་དམར་ཤོག་གཞུང་ལ་ཁ་གཏད་ཀྱི་ནུས་པ་ག་འདྲ་ཞིག་ཐོན་གྱི་ཡོད་དམ།  གལ་སྲིད་སྐུ་ཉིད་ནས་ནུས་པ་ཐོན་ངེས་པའི་དགོངས་བཞེས་ཡོད་ན། བོད་མི་རྣམས་ལ་ཐབས་ལམ་དེ་དག་བརྒྱུད་ནས་དོན་དངོས་ཀྱི་ཁེ་ཕན་ག་རེ་འབྱུང་གི་རེད་དམ།

བཞི་པ།  བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ལ་བསྒྱུར་བཅོས་བཏང་ཆོག་པའི་ལམ་ཁ་ཇི་ལྟར་འཚོལ་དགོས་པའི་ཐད་སྐུ་ཉིད་ནས་འགྲེལ་བཤད་ཅིག་གནང་རོགས། ང་རང་གི་ངོས་ནས་བསྒྱུར་བཅོས་གནང་རྒྱུ་དེ་ནི་བཅོམ་ལྡན་འདས་ཀྱི་ལུང་དང་འགལ་ཡོད་མེད་ལ་ཐེ་ཚོམ་ཡོད།

ལྔ་པ།  ད་ལྟ་རྒྱ་ནག་ནང་མི་མང་པོ་ཞིག་གིས་སྐུ་ཉིད་ལ་ཞེ་འཁོན་དང་སྡང་སེམས་འཛིན་གྱི་ཡོད་སྟབས་སྐུ་ཉིད་ནས་མི་དེ་དག་ལ་བཀའ་གསུང་ཅི་ཞིག་གནང་འདུན་ཡོད་དམ།

དྲུག་པ།  ང་ཚོས་ཤེས་གསལ་ལ།  ཏཱ་ལའི་བླ་མ་སྐུ་གོང་མའི་ཡང་སྲིད་ངོས་འཛིན་སྐབས།  རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་དབུས་སྲིད་གཞུང་གི་རྣམ་པའི་ཐོག་ནས་ཡང་སྤྲུལ་ཐག་གཅོད་དང་ཁྲི་འདོན་མཛད་སྒོའི་ཐད་ཐེ་ཇུས་བྱས་ཡོད། སྐུ་ཉིད་ཀྱིས་ད་ལྟ་ཐེ་ཝན་དུ་ཡོད་པའི་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་གཞུང་དེ་ངོས་ལེན་གནང་གི་རེད་དམ། ཐེ་ཝན་གཞུང་གིས་ད་དུང་ཡང་སྲིད་ངོས་འཛིན་ལམ་ལུགས་ཐད་སྔར་མཚུངས་ཀྱི་ནུས་པ་འདོན་ཆོག་པའི་ཐུགས་བཞེས་གནང་གི་ཡོད་དམ། བཅས་ཡིན་འདུག

ཐེངས་འདིར་༸གོང་ས་མཆོག་གིས་དྲ་ལམ་བརྙན་རིས་བརྒྱུད་རྒྱ་རིགས་ཤེས་ལྡན་པ་རྣམས་དང་གླེང་མོལ་གནང་བའི་སྐོར་ལ་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་འཇར་མན་རླུང་འཕྲིན་ཁང་ལ་བརྗོད་དོན།  བཀག་སྡོམ་འདྲ་མིན་གྱི་རྐྱེན་པས་རྒྱ་ནག་ནང་གི་ཤེས་ལྡན་པ་རྣམས་དང་ལྷན་དུ་༸གོང་ས་མཆོག་གིས་ཐད་ཀར་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཐབས་བྲལ་ཡང་། དྲ་རྒྱ་བརྒྱུད་བཀའ་མོལ་གནང་ཐུབ་པ་བྱུང་བ་འདིས་ཕན་ཚུན་ལྷན་གཅིག་ཏུ་བསྡད་དེ་གླེང་མོལ་བྱུང་བའི་སེམས་ཚོར་བྱུང་ལ། དེ་བཞིན་༸གོང་ས་མཆོག་གིས་ཀྱང་མ་འོངས་པར་རྒྱ་རིགས་ཤེས་ལྡན་པ་རྣམས་དང་གླེང་མོལ་སྔར་བས་མང་བ་གནང་ཐུབ་རྒྱུར་ཐུགས་རེ་གནང་གི་འདུག ཅེས་དང་། ༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལས་དོན་གྱི་འགན་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་སྤྲོད་རྒྱུའི་འཆར་གཞི་ཡོད་པ་རེད། ཡིན་ནའང་། བོད་རྒྱ་བར་གྱི་འབྲེལ་མོལ་གྱི་ཐུགས་འགན་དེ་མཚམས་འཇོག་གནང་གི་མ་རེད།  དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་ལམ་ཡར་རྒྱས་དང་།  བོད་རྒྱ་མི་རིགས་བར་མཐུན་འགྲིག་འབྱུང་ཐབས་ཀྱི་ཐུགས་འགན་མུ་མཐུད་གནང་གི་རེད་ལ། ༸གོང་ས་མཆོག་དང་བོད་ཀྱི་ལས་དབང་གཉིས་དུས་ནམ་ཡང་ཁ་བྲལ་ཐབས་མེད། ཅེས་བརྗོད་ཡོད་པ་རེད།

 

ཁྲིམས་རྩོད་པ་ཐུན་པིའོ་ལགས་ཀྱིས་ཐེངས་འདིར་དྲ་ལམ་བརྙན་རིས་བརྒྱུད་༸གོང་ས་མཆོག་དང་ཐད་ཀར་གླེང་མོལ་བྱུང་བའི་སྐོར་འཇར་མན་རླུང་འཕྲིན་ཁང་ལ་བརྗོད་དོན། ༸གོང་ས་མཆོག་གིས་བོད་རྒྱ་མི་རིགས་གཉིས་ཀྱི་མི་མང་ཚོ་དང་། ཕྱོགས་གཉིས་ཀྱི་ཤེས་ལྡན་པ་ཕན་ཚུན་བར་གླེང་མོལ་བརྒྱུད་བོད་ཀྱི་གནད་དོན་ཤེས་རྟོགས་ཡོང་རྒྱུ་དེ་དོན་དག་གལ་ཆེན་ཞིག་ཏུ་གཟིགས་ཀྱི་འདུག་ལ།  ༡༩༨༩ ལོ་ནས་ད་ལྟའི་བར་རྒྱ་རིགས་ཤེས་ལྡན་པ་ ༣༠༠ ལྷག་ལ་གླེང་མོལ་བྱུང་འདུག ད་དུང་མུ་མཐུད་དེ་གླེང་མོལ་བྱ་རྒྱུར་ཐུགས་རེ་གནང་གི་ཡོད་པར་མ་ཟད། འདིའི་ཐད་ཀྱི་འགོག་རྐྱེན་གཙོ་བོ་ནི། གཏན་འཇགས་རང་བཞིན་གྱི་འབྲེལ་ལམ་ཞིག་མེད་པ་དེ་རེད། ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་ངོས་ནས་རྒྱ་ནག་གཞུང་འབྲེལ་དཔོན་རིགས་དང་མང་ཚོགས་གང་ཡིན་ཡང་། མ་འོངས་པར་གཏན་འཇགས་རང་བཞིན་གྱི་འབྲེལ་ལམ་ཞིག་འཛུགས་ཐུབ་རྒྱུར་ཐུགས་རེ་གནང་བཞིན་པའི་སྐོར་སོགས་བརྗོད་འདུག 

ཐུན་པིའོ་ཡིས་མུ་མཐུད་དུ་བརྗོད་དོན། ༸གོང་ས་མཆོག་ནི་ཧ་ཅང་ཐུགས་གཤིས་འཇམ་ལ་རྩེད་མཚར་སློང་མཁས་པོ་ཞིག་འདུག་པ་མ་ཟད།  ལྷད་མེད་དྭངས་གཙང་གི་བྱིས་པ་ཞིག་དང་འདྲ་བར་ཧ་ཅང་ལྷག་བསམ་ཟོལ་མེད་ཅན་ཞིག་ཀྱང་རེད། ཅེས་དང་། ང་ལ་མཚོན་ན། ཐེངས་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་བརྙན་རིས་བརྒྱུད་ཐད་ཀར་གླེང་མོལ་བྱུང་བ་ཐོག་མ་ཡིན་ཡང་། ཕན་ཚུན་བློ་ཐག་ཧ་ཅང་ཉེ་བའི་ཚོར་བ་ཤུགས་ཆེན་པོ་བྱུང་སོང་། མ་གཞི་ནས་ང་རང༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་ལ། ༢༠༠༧ ལོར་༸གོང་ས་ཏཱ་ལའི་བླ་མར་ཨ་ཪིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོ་དེར་ཐད་གཏོང་བརྙན་འཕྲིན་ནས་བལྟས་མྱོང་བ་དང་། ༧གོང་ས་མཆོག་གི་མི་གཤིས་དང་། ཐུགས་རྒྱུད། བྱམས་བརྩེ་བཅས་ཀྱིས་མི་རྣམས་ལ་རང་དབང་མེད་པར་ཡིད་འགུ་བ་དང་དད་གུས་སྐྱེ་རུ་འཇུག་ཐུབ་མཁན་ཞིག་རེད། ཅེས་བརྗོད་ཡོད་པ་རེད། 

གཞན་ཡང་། ཁོང་གིས་ཉེ་ལམ་རྒྱ་རིགས་ཤེས་ལྡན་པ་རེ་འགས་མི་རིགས་རང་ལུགས་ཀྱི་ཕྱོགས་ལྷུང་གི་ལྟ་བ་ཤུགས་ཆེན་པོ་འཆིང་བཞིན་ཡོད་པའི་སྐོར་ལ་བརྗོད་དོན།  རྒྱ་རིགས་མང་པོར་མི་རིགས་རང་ལུགས་ཀྱི་ལྟ་ཚུལ་འབྱུང་རྐྱེན་གཙོ་བོ་ནི།  རྒྱ་གཞུང་གིས་མི་རིགས་རང་ལུགས་དྲིལ་བསྒྲགས་དང་། དེ་འབྲེལ་གྱི་སྒྲིག་སྲོལ་ལམ་ལུགས་མང་པོ་ཞིག་བཙུགས་ཡོད་པའི་རྐྱེན་གྱིས་ཡིན་ལ། གནད་དོན་དེ་སེལ་ཐབས་ལེགས་ཤོས་ནི་མི་རིགས་ཕན་ཚུན་བར་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་དགོས་པ་དེ་རེད། ཁོ་རང་ནི་འགྲོ་བ་མིའི་ཐོབ་ཐང་བརྩོད་ལེན་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཡིན་སྟབས། བོད་ནང་ ༢༠༠༨ ལོའི་ ༣་༡༤ དོན་རྐྱེན་བྱུང་རྗེས་༼ བོད་མིར་ཁྲིམས་ལུགས་ཀྱི་རྒྱབ་རོགས་བྱ་རྒྱུར་ང་ཚོར་མོས་མཐུན་ཡོད་པའི་སྤྱི་བསྒྲགས། ༽ཞེས་པའི་ཡིག་ཆ་འགྲེམས་སྤེལ་བྱས་པར་བརྟེན། ཁོ་རང་གི་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ཀྱང་རྒྱ་གཞུང་གིས་རྩིས་མེད་བཟོས་ཡོད་ཀྱང་།  ཁོས་མུ་མཐུད་དུ་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ཐད་ཧུར་བརྩོན་གནང་གི་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 3

  1. དགེའོ says:
    ལོ་ 16 སྔོན།

    རེད་ཡ་དྲ་གྲོགས་མགར་ནེ་ཙོས་གསུངས་པ་བཞིན་རེད། ཐབས་ལམ་འདི་ནི་བོད་རྒྱའི་འབྲེལ་ལམ་གྱོ་དཀའ་རྙོགས་སེལ་ཐབས་ཀྱི་ལམ་ཡག་པོ་ཞིག་དང་རྒྱ་མི་རིགས་ཚོར་༸གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་དྲི་མ་མེད་པའི་ཡོན་ཏན་དག་རྟོགས་ཆེད་ལའང་ཧ་ལས་པའི་ཕན་ཐོག་ཡོང་གི་འདུག

    Reply
  2. མགར་ནེ་ཙོ། says:
    ལོ་ 16 སྔོན།

    འདི་ནི་༸ གོང་ས་མཆོག་དབུ་བཞུགས་པའི་བོད་རྒྱ་ཞི་མོལ་གྱི་གཙོ་གནད་གཅིག་པུ་ཙམ་དུ་མ་ཟད། རྒྱ་མི་རིགས་གིས་༸གོང་ས་མཆོག་གི་ཡང་དག་པའི་དགོངས་བཞེས་དངོས་དེ་རྟོགས་ཐུབ།

    Reply
  3. འབྱོར་རྒྱལ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་དགོངས་གཞི་ཟབ་མོ་དེ་རྒྱ་དམར་གྱི་མགོ་སྐོར་འོག་ཚུད་པའི་མི་མང་རྣམས་ཀྱི་ཤེས་ན་བོད་དོན་ཐད་གྲུབ་འབྲས་ཆེན་པོ་ཡོང་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese