མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་བྲལ་བའི་བཀོད་བྱུས་ཡོད་པའི་ཉེས་འཛུཊ་བྱས་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྫ་སེར་ཤུལ་དགོན་པའི་དགེ་འདུན་པ་ཚོས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་ཞིག་སྤེལ་བ་དེར། རྒྱ་གཞུང་གིས་ཆབ་སྲིད་དང་འབྲེལ་བ་ཡོད་སྐོར་དང་། ཕྱི་ཕྱོགས་ཁ་བྲལ་བའི་བཀོལ་བྱུས་ཡིན་ཚུལ་གྱི་བསྙོན་འཛུགས་བྱས་ཏེ་བཀག་སྡོམ་བྱས་ཡོད་པ་མ་ཟད། འབྱུང་འགྱུར་ཡང་དེ་འདྲའི་ལས་འགུལ་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་འདི་གའི་གསར་འགོད་པས་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་། ད་ལྟ་དབུས་སྣེ་ལེན་ཁང་དུ་བཞུགས་ཡོད་པའི་རྫ་སེར་ཤུལ་དགོན་པའི་གྲྭ་ངག་དབང་རབ་གསལ་ལགས་སུ། ས་བྱི་ཞི་རྒོལ་ཆེན་མོའི་སྔ་ཕྱིར་རྫ་སེར་ཤུལ་ས་ཁུལ་དུ་ཆག་འཇིག་གང་འདྲ་བྱུང་ཡོད་མེད་དང་། ཉེ་ལམ་རྫ་སེར་ཤུལ་དགོན་པའི་གྲྭ་མང་ཚོས་མ་བསྐུལ་དང་བླངས་ཐོག བོད་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་བྱེད་སྒོ་ཞིག་སྤེལ་བར་རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་སྐོར་ལ་བཅར་འདྲི་ཁག་ཅིག་བྱས་ཡོད།   

ཐོག་མར་གྲྭ་ངག་དབང་རབ་གསལ་ལགས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་རྫ་སེར་ཤུལ་དགོན་གྲོང་གཉིས་ཀྱི་གནས་སྟངས་ངོ་སྤྲོད་གནང་དོན། ༢༠༠༨ ལོའི་རྗེས་ཙམ་ལ་ང་ཚོའི་དགོན་སྡེ་དང་ཐག་མི་རིང་བའི་སེར་ཤུལ་གྲོང་དུ་དམག་མི་ ༣༠༠ ལྷག་བསླེབས་ཏེ། ཟླ་བ་གསུམ་རིང་དགོན་གྲོང་གཉིས་ལ་ལྟ་རྟོག་དང་དམ་དྲག་ཤུགས་ཆེན་བྱས་སོང་ལ། དགོན་པ་གཙོ་བྱས་ཏེ་སེར་ཤུལ་རྫོང་འོག་གི་གྲོང་སྡེ་ཁག་ཏུ་༸གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པའི་བཙན་བཀའ་བཏང་ཞིང་། གྲོང་སྡེ་ཁག་གི་ཁྱིམ་ཚང་རེ་རེ་བཞིན་སྔོག་བཤེར་བྱས་ཏེ་༧གོང་ས་མཆོག་གི་སྐུ་པར་ཡོད་ཚད་གཞུང་བཞེས་བཏང་ཞིང་། དེ་དང་མཉམ་དུ་མི་མང་པོ་ཞིག་ཀྱང་འཛིན་བཟུང་བྱས་སོང་། དགོན་པའི་ནང་གང་སར་“ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་བྱ་དགོས” བཅས་དང་། “མི་རིགས་ཁ་བྲལ་བར་ངོ་རྒོལ་བྱ་དགོས” ཞེས་པ་སོགས་ཀྱི་སྦྱར་ཡིག་བཀྲམས་ཏེ་སྐྱ་སེར་གཉིས་ལ་དཀའ་ངལ་མང་པོ་བཟོས་སོང་། ཞེས་དང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། ད་ལྟའི་ཆར་རྫ་སེར་ཤུལ་དགོན་པའི་ནང་ལོ་བཅོ་བརྒྱད་མ་སོན་པའི་གྲྭ་བ་གཅིག་ཀྱང་ཞུགས་མི་ཆོག་ལ། སློབ་གྲྭར་འགྲོ་མྱོང་མཁན་ཚོ་ཡང་ཞུགས་ཆོག་གི་ཡོད་པ་མ་རེད། སྲིད་གཞུང་གི་སྟངས་དམ་དྲག་དེའི་དབང་གིས་ད་ཆར་དགོན་པའི་བསླབ་པ་སློབ་གཉེར་གྱི་ཕྱོགས་ནས་འདོན་རྟ་དབྱངས་དང་། ཅོ་ཀ་ཕྱག་ལེན་ཙམ་ལས་བོད་པའི་རིག་གནས་དང་རྒྱལ་རབས་ལོ་རྒྱུས། དེང་རབས་ཀྱི་ཤེས་ཡོན་སོགས་ལ་སློབ་གཉེར་གྱི་གོ་སྐབས་རག་གི་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

 

ཡང་ཁོང་ལ་ཟླ་འགའི་སྔོན་རྫ་སེར་ཤུལ་དགོན་གྲོང་གཉིས་ནས་བོད་པའི་སྐད་ཡིག་ལ་དག་ཐེར་གྱི་བྱ་འགུལ་ཞིག་སྤེལ་བར་རྒྱ་གཞུང་གིས་བཀག་སྡོམ་བྱས་སྐོར་དྲིས་པར་ཁོང་གིས། རྫ་སེར་ཤུལ་དགོས་པའི་གྲྭ་མང་ཚོས་དགོན་པ་རང་ལ་སློབ་གྲྭ་ཞིག་འཛུགས་རྒྱུའི་ཐད་ལོ་བཞིིའི་རིང་འབད་བརྩོན་བྱས་ཀྱང་། གོང་རིམ་ནས་མཆོག་མཆན་ཐོབ་ཡོད་པ་མ་རེད། རྒྱ་གཞུང་གི་དམ་དྲག་དང་ཞེ་ནག་གི་སྲིད་ཇུས་དེ་རྐྱེན་ངན་གྲོགས་ཤར་ལྟ་བུ་ཆགས་ཏེ། དགོན་པའི་གྲྭ་དམངས་ཚོར་སྔར་ལས་ལྷག་པར་སེམས་ཤུགས་དང་ལ་ཞེན་རྒྱས་ཏེ། སྔར་ལོའི་ཕྱི་ཟླ་ ༧ པ་ཡས་མས་སུ་དགོན་པའི་དགེ་འདུན་པ་ཚོས་༼ སྐད་ཡིག་རྒྱུད་འཛིན་ཚོགས་པ ༽ཞེས་པའི་དང་བླངས་ཚོགས་པ་ཞིག་བཙུགས་ཏེ། དགོན་པའི་འདུ་ཁང་དང་གྲོང་སྡེ་ཁག་ནང་སྒམ་ཆུང་རེ་བཞག་ཅིང་། མི་སུ་ཞིག་གིས་༼ སྦྲགས་སྐད ༽ དང་རྒྱ་སྐད། བསྲེས་ལྷད་ཅན་གྱི་སྐད་སོགས་བཤད་ན་རང་འགུལ་ཐོག་སྒོ་ཟུར་ ༥ རེ་སྒམ་ཆུང་དེའི་ནང་འཇོག་དགོས་པའི་སྒྲིག་ལམ་ཞིག་བཟོས་པ་རེད། ཅེས་དང་།

ཁོས་མུ་མཐུད་དོན། དུས་ཡུན་གང་འཚམ་རིང་སྐྱ་སེར་གཉིས་ནས་སྒྲིག་སྲོལ་དེ་ལ་བརྩི་སྲུང་ཡག་པོ་བྱས་ཏེ། བོད་ཡིག་བོད་སྐད་ལ་དག་ཐེར་དང་། བོད་པའི་རིག་གཞུང་ལ་སྲུང་སྐྱོབ་ཀྱི་སེམས་ཤུགས་ཆེན་པོ་སྐྱེས་ཡོད་ཀྱང་། ཕྱི་ཟླ་ ༡༠ བའི་ནང་ས་གནས་ཉེ་རྟོག་པ་མང་པོ་བསླེབས་ཏེ་སྒམ་ཆུང་དེ་དག་བཙན་འཕྲོག་གིས་གཞུང་བཞེས་བཏང་སོང་། ད་དུང་བྱེད་སྟངས་དེ་རིགས་ཆབ་སྲིད་དང་འབྲེལ་བ་ཡོད་སྐོར་གྱི་ཉེས་འཛུགས་ཀྱིས་མང་ཚོགས་ལ་འཇིགས་སྐུལ་ཡང་བཏང་སོང་། སྐབས་དེར་དགོན་པའི་བླ་མ་ལས་སྣེ་མང་པོ་ཞིག་རྫོང་སྲིད་གཞུང་དུ་བསྐྱོད་དེ་གནས་ལུགས་བཤད་ཀྱང་། སྒམ་ཆུང་དེ་དག་ཕྱིར་སྤྲད་མེད་པ་མ་ཟད། ལས་ཀ་དེའི་རྒྱབ་ཏུ་ཕྱི་ཕྱོགས་ཁ་བྲལ་བའི་བཀོད་བྱུས་ཡོད་སྐོར་གྱི་གཞི་མེད་བསྙོན་འཛུགས་བྱས་པ་མ་ཟད། མ་འོངས་པར་ཡང་དགོན་པའི་ནང་དེ་འདྲའི་བྱ་བ་བརྩམ་མི་ཆོག་པའི་བཀའ་རྒྱ་བཏང་སོང་ལ། སྐབས་དེ་ནས་བཟུང་ཟླ་གཅིག་རིང་དགོན་པ་དང་གྲོང་སྡེ་ཁག་ཏུ་ཁ་པར་སོགས་བརྒྱུད་ལམ་ཁག་བཅད་དེ། ཕྱི་ནང་ཀུན་ལ་འབྲེལ་བ་བྱ་མི་ཐུབ་པའི་དམ་དྲག་བྱས་པ་རེད། ཅེས་བརྗོད་བྱུང་།

 

མཇུག་ཏུ་ཁོ་རང་གི་རེ་འདུན་ཞིག་བརྗོད་དོན། ད་ལྟའི་ཆར་རྩ་བའི་ཆ་ནས་གུ་ཡངས་ཀྱི་རྣམ་པ་ཡོད་ཀྱང་། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་ཀྱི་རང་དབང་ཚད་ཧ་ཅང་ཆུང་ཆུང་རེད། དེར་བརྟེན། ད་ཆར་བོད་ཕྱི་ལོགས་ལ་རེ་བ་རྒྱག་དགོས་པ་ཞིག་ཆགས་ཡོད་ཀྱང་། བོད་ཕྱི་ལོགས་ནས་ཀྱང་རང་གི་སྐད་དང་ཡི་གེར་གཅེས་འཛིན་མི་བྱེད་པར་ཕྱི་སྐད་ལ་ཧམ་རྒྱུག་བྱས་བསྡད་ན། མ་འོངས་པའི་དུས་ཡུན་ཐུང་ཐུང་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་རེད། བོད་ནང་གི་གཞོན་སྐྱེས་རིགས་ཞེན་ཅན་དག་དང་། ལྷག་པར་དུ་དགོན་སྡེ་ཁག་གི་དགེ་འདུན་པ་ཚོའི་ཁྲོད་དུ་ཡང་གཅིག་མཚུངས་ཀྱི་བློ་འཚབ་འདི་ཡོང་གི་འདུག  ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

སྐར་མ ༣༩ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༢ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་བྱེད་རྒྱུ་གཅིག་ཡོད་རེད། གཞིས་བཞུགས་བྱེས་ལ་མ་རེ། བྱེས་པས་གཞིས་ལ་མ་རེ། རང་སོ་སོའི་ས་ལ་རང་རང་སོ་སོས་བོད་ཡིག་བོད་སྐད་ལ་སྦྱངས་བརྩོན་གྱིས།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཨ་རོགས་ཚོ། གྲྭ་བ་འདིའི་གཞིས་བཞུགས་སྤུན་ཟླ་ཚོའི་སྐད་ཞིག་འདི་ན་བསྒྲོགས་འདུག་(ད་ཆར་བོད་ཕྱི་ལོགས་ལ་རེ་བ་རྒྱག་དགོས་པ་ཞིག་ཆགས་ཡོད་ཀྱང་། བོད་ཕྱི་ལོགས་ནས་ཀྱང་རང་གི་སྐད་དང་ཡི་གེར་གཅེས་འཛིན་མི་བྱེད་པར་ཕྱི་སྐད་ལ་ཧམ་རྒྱུག་བྱས་བསྡད་ན། མ་འོངས་པའི་དུས་ཡུན་ཐུང་ཐུང་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་རེད། བོད་ནང་གི་གཞོན་སྐྱེས་རིགས་ཞེན་ཅན་དག་དང་། ལྷག་པར་དུ་དགོན་སྡེ་ཁག་གི་དགེ་འདུན་པ་ཚོའི་ཁྲོད་དུ་ཡང་གཅིག་མཚུངས་ཀྱི་བློ་འཚབ་འདི་ཡོང་གི་འདུག ) ད་ཅི་བྱེད་རྒྱུ་ཡིན????????????????????????????

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese