རྒྱའི་ལོ་སར་གྱི་ཚེས་མགོ་སྟེ་ཕྱི་ཟླ་ ༢ པའི་ཚེས ༢ ་ནས་ ༣ བར་གྱི་ཆུ་ཚོད་ ༣༢ རིང་རྒྱ་ནག་གི་ས་ཁུལ་ཡོངས་སུ་ཁྱོན་བསྡོམས་མེ་སྐྱོན་གནོད་འཚེ་ ༥༩༤༥ བྱུང་ཡོད་པ་དང་། མེ་སྐྱོན་དེ་དག་ཁྲོད་སྤྱིའི་འགྲོ་སོང་གྱོང་གུད་རྒྱ་སྒོར་ཁྲི་ ༡༣༠༠ ལྷག་ལ་བུད་ཡོད་འདུག པེ་ཅིན་གྲོང་ཁྱེར་གཅིག་པུར་རྒྱ་ལོའི་ཚེས་ ༡ གི་ཉིན་གུང་བར་ཤོག་སྦག་མེ་སྐྱོན་གྱིས་མི་གཅིག་རྐྱེན་འདས་དང་། མི་ ༢༢༣ ལ་རྨས་སྐྱོན་ཕོག་ཡོད་འདུག
གཞན་ཡང་རྒྱའི་ལོ་སར་གྱི་སྐབས་རྒྱ་ནག་ནང་མི་ཚོགས་འགྲུལ་བཞུད་ཀྱི་གྲངས་འབོར་ལྡབ་འགྱུར་གྱིས་འཕར་བས། གྲོང་ཁྱེར་ནང་རླངས་འཁོར་གྱི་དུ་བ་དང་ཤོག་སྦག་གི་རྫས་དུད་ཇེ་མང་དུ་སོང་ཞིང་། རྒྱ་ནག་གི་གྲོང་ཁྱེར་ ༨༨ གྱི་ནང་ནས་ ༢༢ ཀྱི་མཁའ་དབུགས་འབགས་བཙོག་ཅན་དུ་བསྒྱུར་ཡོད་པ་རེད། དེ་དག་ལས་མཁའ་དབུགས་ཆེས་སྡུག་ཤོས་ནི་ཞི་ཨན་དང་ཌན་མའོ་ཅང་གྲོང་ཁྱེར་གཉིས་ཆགས་ཡོད་འདུག
ཉེ་ཆར་ཡེ་ཤུ་ལོ་གསར་སྐབས་ཨི་ཊ་ལིའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁག་མང་པོ་ཞིག་ཏུ་རྒྱ་ནག་ནས་ཐོན་པའི་ཤོག་སྦག་རིགས་བསྒྲོན་ཏེ་འབར་གས་དང་མེ་སྐྱོན་ཧ་ཅང་མང་པོ་བྱུང་ཡོད་པ་མ་ཟད། མི་ལ་ཤི་རྨས་ཚབས་ཆེན་ཐེབས་ཤིང་བྱིས་པ་མང་པོ་ཞིག་གི་མིག་དང་རྣ། ལག་པ་སོགས་ལ་རྨས་ཕོག་སྟེ་དབང་བོ་སྐྱོན་ཅན་མང་པོ་བྱུང་ཡོད་འདུག དེ་བཞིན་ཤེལ་སྒོ་དང་ཅ་དངོས་རིག་བཅག་གཏོར་བྱུང་བ་སོགས་ཀྱི་གནོད་སྐྱོན་མི་ཉུང་བ་ཞིག་བྱུང་ཡོད་སྟབས། མང་ཚོགས་མང་ཞིག་གིས རྒྱ”་ནག་ནས་ཐོན་པའི་ཚོང་རྫས་རིགས་ཀྱིས་ང་ཚོའི་སྤྱི་ཚོགས་ལ་གོད་ཆག་བཏང་སོང” ཞེས་ངོ་རྒོལ་དང་སྦྱར་ཡིག་ཚོགས་བཀྲམས་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
རྒྱ་ནག་གི་ཤོག་སྦག་བེད་སྤྱོད་བྱེད་མི་ཉན་པ་སྟོན་འདུག