མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་རིག་གཞུང་སྲུང་སྐྱོབ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ལྡི་ལིར་རྟེན་གཞི་བྱས་པའི་ཨིན་ངྷི་ར་གྷན་ངྷི་གཙུག་ལག་སློབ་གཉེར་ཁང་ The Indira Gandhi National Open University  ཞེས་པས་འཆར་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་སློག་གཉེར་ཁང་དེའི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་དུ་བོད་དང་འབྲེལ་བའི་སློབ་གཉེར་གྱི་བསྟི་གནས་ཞིག་ཟུར་འཛུགས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་འདུག

དེ་ནི་རྒྱ་གར་དང་བལ་ཡུལ་ནང་བོད་ཀྱི་རིག་གཞུང་ཉམས་ཆགས་སུ་འགྲོ་བཞིན་པའི་རིགས་སྲུང་སྐྱོབ་བྱ་ཆེད་ལ་དམིགས་ཏེ་བཙུགས་པ་ཞིག་ཡིན་འདུག་ལ།  སློབ་གཉེར་གྱི་ཁོངས་སུ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ། ནང་པའི་ལྟ་གྲུབ། ཆོས་ལུགས་ཀྱི་རྣམ་གཞག་བཅས་འཇོག་འཆར་ཡོད་པར་མ་ཟད། བསྟི་གནས་ཁང་དེ་ནས་སློབ་མཐར་སོན་པའི་སློབ་མར་གཙུག་ལག་སློབ་གྲྭ་དེ་ཉིད་དང་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་ཁང་གཉིས་ཟུང་འབྲེལ་ཐོག་ IGNOUཡི་ལག་འཁྱེར་སྤྲོད་འཆར་ཡོད་འདུག 

ཐེངས་འདིའི་ལས་གཞི་དེ་ནི་འདི་ལོ་སློབ་གཉེར་ཁང་དེ་གའི་འགན་འཛིན་  Prof. V.N. Rajasekharan Pillai  ལགས་ཀྱིས་མ་ངྷི་ཁྲི་རེ་ས་ཡི་དྲན་རྟེན་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་བྱམས་བརྩེའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྐབས་ཐག་གཅོད་གནང་བ་ཞིག་ཡིན་པ་དང་། ཉེ་བའི་ཆར་སྐུ་སྒེར་ཡིག་ཚང་གིས་ལྡི་ལི་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་བརྒྱུད་དེ། ཧིན་སྒོར་འབུམ་ ༥ སློབ་གཉེར་ཁང་དེའི་འགན་འཛིན་ལ་ཕུལ་ཡོད་འདུག 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 6

  1. གྲྭ་རྒོད says:
    ལོ་ 16 སྔོན།

    གནོད་ཤུགས་སྤྲད་མཁན་ཡོད་སྲིད་ཀྱང་སེམས་ཤུགས་མ་ཆགས་རོགས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་གི་ཡིནཤེས་ཡོན་རྒྱུད་འཛིན་དང་ཡར་རྒྱས་ཐོག་ལས་དོན་སྤེལ་མཁན་དང་གསར་བཟོ་འཛུགས་བསྐྲུན་གང་ཡིན་ཡང་ཡར་རྒྱས་ཀྱི་སྣ་པ་རང་རེད།ཐུགས་རྗེ་ཆེ་ཞུ་གི་ཡིན།

    Reply
  2. རྨ་ ཉག་ཕྲན། says:
    ལོ་ 16 སྔོན།

    ལྷ་མོ་དོན་གྲུབ་ཀྱི་བསམ་ཚུལ་དེ་བདེན་ཚོད་ཡིན་མོད། དང་པོ་ལག་པ་འཐམ་ས་རྙེད་ན་དེའི་རྗེས་སུ་རྐང་པ་སྤོ་ཐུབ་མིན་དེ་གཙོ་བོ་རང་རང་ལ་ཡང་འགན་ལོས་ཡོད

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    དེ་ཡང་རྗེས་སུ་ཡི་རང་གི་གནས་ལགས་མོད། ང་ཚོར་ཆད་པ་ནི་རིག་གསར་གྱི་མག་པ་དང་བག་མ་ཡིན་པ་ལས། རང་ཉིད་ཀྱི་ཕ་མེས་རྒས་འཁོགས་ཁོ་ན་སྐྱོང་རྒྱུ་དེ་ཡིན་ནམ།
    ཁ་ཚ་དགོས་གཏུགས་འགའ་ཡོད་པ་ནི། སྤུས་དག་ཚགས་ཚུད་ཀྱི་ཡིག་སྒྱུར་ཁང་འགའ་འམ་ཆེན་པོ་ཞིག སློབ་དེབ་གསར་སྒྲིག་ཚོགས་ཆུང་ཞིག སློབ་གསོའི་ཞིབ་འཇུག་ཁང་ཞིག སྤྱི་ཚོགས་ཞིབ་འཇུག་ཁང་ཞིག གློག་བརྙན་སྐད་སྒྱུར་སྡེ་ཚན་ཞིག ལྷ་རབ་བྱུང་ན་གློག་བརྙན་གསར་བཟོ་ཁང་ཞིག་བཅས་ནི་ངེས་པར་གཞུང་འབྲེལ་གྱིས་གསར་འཛུགས་གནང་དགོས་པ་ཞིག་རེད།
    བཀའ་ཁྲི་གསར་བའམ་ལྷག་པར་ཤེས་རིག་བཀའ་བློན་གསར་བས་འདི་དག་གསར་འཛུགས་ཐད་ནུས་པ་འདོན་ཐུབ་བམ།

    Reply
  4. ཤག་སྒང་པ། says:
    ལོ་ 16 སྔོན།

    བཀྲིས་བདེ་ལེགས་ཀྱི་གསར་འགྱུར་རེད། བོད་ཡིག་ལེགས་པོ་ཡོད་པ་དང་ལག་འཁྱེར་མེད་པ། ཡང་ན་བོད་ཡིག་སྦྱོང་འདོད་ཀྱི་བོད་རིགས་སུ་རུང་ལ་དམིགས་བསལ་གྱི་གོ་སྐབས་གསར་པ་ཞིག་རེད། མཐོ་སློབ་འདི་ནི་རྒྱལ་སྤྱིའི་སྟེང་ཚད་འཛིན་ཡོད་པའི་ཟུར་སློབ་ཕྱག་འཁྱེར་སྤྲོད་ཐུབ་པའི་མཐོ་སློབ་གལ་ཆེ་གྲགས་ཅན་ཞིག་ཀྱང་རེད། བོད་ནས་ཕེབས་པའི་གྲོགས་པོ་གྲོགས་མོ་རྣམས་ལ་དེ་བས་ཀྱང་དམིགས་བསལ་གྱི་གོ་སྐབས་ཤིག་ཡིན་པར་སེམས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་མིས་བོད་ཆོས་རིག་གཞུང་ཉམས་གསོའི་ཟླ་བ་གསར་པ་གཅིག་ཤར་རིའི་ཕྲག་པར་ཤར་བ་རེད། བོད་རིགས་རྣམས་རྒྱ་གར་ནང་སྡོད་དགོས་ཆོད་པའི་རྟགས་རེད་གདའ། དེ་ཡང་༸གོང་ས་མཆོག་གི་བཀའ་དྲིན་ལས་བྱུང་བ་འདི་ཡང་རྒྱ་མཚོ་མ་སྐམ་གྱི་བར་ལ་བོད་མི་རྣམས་ཀྱིས་མ་བརྗེད་གྱིས་ཤིག་ཀྱེ། དགེའོ། དགེའོ། དགེའོ།

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    སློག་གཉེར་ཁང་། སློབ་གཉེར་ཁང་།

    རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཨིན་ངྷི་ར་གྷན་ངྷི་གཙུག་ལག་སློབ་གཉེར་ཁང་དུ་སྡེ་ཚན་དེ་ལྟ་བུ་ཞིག་གསར་འཛུགས་གནང་ཐུབ་པར་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་དང་། འབྱུང་འགྱུར་ཕྱི་རྒྱལ་ཁག་གི་མཐ་ོསློབ་འདྲ་མིན་ནང་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་རིག་གཞུང་སློབ་གཉེར་བྱེད་སའི་སྡེ་ཚན་ཟུར་འཛུགས་ཐུབ་ན།
    དེ་ནི་བོད་མི་རིགས་ཀྱི་སྐད་ཡིག་གི་རིན་ཐང་མཐོར་འདེགས་དང་། རིག་གཞུང་གི་རིན་ཐང་མཐོར་འདེགས་སོགས་ལ་ནུས་པ་དམིགས་བསལ་ཞིག་འཐོན་ངེས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese