མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོཊ་དུས་བཅུ་གཅིག་པར་གྲ་སྒྲིག

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དེ། ༢༠༡༡ ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ནས་ ༢༥ བར་གྱི་ཉིན་བཅུ་གཉིས་རིང་འཚོགས་རྒྱུ་ཡིན་ཞིང་། སྐབས་དེར་གཙོ་བོ་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ལོའི་བཙན་བྱོལ་བོད་གཞུང་གི་ལོ་འཁོར་གཅིག་གི་སྔོན་རྩིས་གཏན་འབེབས་བྱ་འཆར་ཡོད་འདུག  

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འཚོགས་ལ་ཉེ་སྐབས། འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་དྲུང་སྟོབས་རྒྱལ་ལགས་སུ། གྲོས་ཚོགས་ཀྱི་མཛད་རིམ་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ལན་བསྐྱོན་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་དེ་འབྱུང་འགྱུར་ཕྱི་ཟླ་ ༣ ཚེས་ ༡༤ ནས་ ༢༥ བར་འཚོགས་རྒྱུ་གྲ་སྒྲིག་ཟིན་པ་རེད། སྐབས་དེར་གཙོ་བོ་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ལོའི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་གཅིག་གི་སྔོན་རྩིས་གཏན་འབེབས་ཐོག་བགྲོ་གླེང་ཐག་གཅོད་ཡོང་གི་རེད། དེ་དང་མཉམ་དུ་ཆབ་སྲིད་སྐོར་དང་ཉེ་ལམ་ལྷོ་ཕྱོགས་ནས་ཚོགས་པའི་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་སྟེང་གི་སྙན་ཐོ་དང་འབྲེལ་བའི་བཅའ་སྒྲིག་བསྐྱར་བཅོས་དགོས་རིགས་དང་དེ་མིན་གྱི་བསམ་འཆར་ཁག་གི་ཐོག་བཀའ་བསྡུར་གནང་གི་རེད། ཅེས་བརྗོད་བྱུང་།

 

ཡང་ཁོང་ལ་ཉེ་སྔོན་༧གོང་ས་མཆོག་གིས་ཁོང་གིས་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཡིན་སྐོར་དང་། གནད་དོན་དེ་ཐེངས་འདིའི་གྲོས་ཚོགས་ནང་བཀའ་ཕེབས་འཆར་ཡོད་སྐོར་གསུངས་ཡོད་སྟབས། འདི་དང་བསྟུན་ཏེ་༧གོང་ས་མཆོག་གྲོས་ཚོགས་ནང་དངོས་སུ་ཕེབས་རྒྱུའི་གྲྭ་སྒྲིག་འདྲ་ཡོད་མེད་དྲིས་པར་ཁོང་གིས། ༧གོང་ས་མཆོག་གིས་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་བཀའ་སློབ་ཐེངས་མང་གནང་ཡོད་ཀྱང་། བཀའ་སློབ་ཕེབས་པ་མ་གཏོགས་ད་སྔ་གཞུང་འབྲེལ་ཐོག་སྤྱི་འཐུས་ལྷན་ཁང་ལ་དངོས་སུ་ཕྱག་བྲིས་གང་ཡང་གནང་མེད། གལ་སྲིད་ཕྱག་བྲིས་གནང་ཚེ་དེར་དཔག་པའི་བཀའ་བསྡུར་སོགས་ཞུ་དགོས་ཀྱི་ཡོད་པ་རེད། ༧གོང་ས་མཆོག་འཛམ་གླིང་གང་སར་ཕེབས་ཏེ་མཛད་འཆར་ཧ་ཅང་བྲེལ་བ་ཆེ་སྟབས། གྲོས་ཚོགས་ཚོགས་དུས་སུ་ཕེབས་ཐུབ་མིན་ང་ཚོས་བཤད་ཚོད་ཐུབ་པ་ཞིག་མིན་པར་དེ་ནི་ཁོང་གིས་མཛད་འཆར་ལ་རག་ལས་པ་ཞིག་རེད། དེ་ལྟ་ནའང་ང་ཚོས་སྐུ་མདུན་གྲོས་ཚོགས་སུ་ཕེབས་ཐུབ་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་། 

འདི་ལོའི་གྲོས་ཚོགས་ཚོགས་དུས་སྐབས་སྦེལ་ཀོབ་ཏུ་སྤྱི་མོས་བྱུང་བའི་གལ་གནད་ཅན་གྱི་གྲོས་དོན་ཁག་ཇི་ལྟར་ཐག་གཅོད་ཡོང་མིན་དྲིས་པར། བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་གྱི་ཕྱོགས་བསྡོམས་བསམ་འཆར་ཡིག་ཆ་རྣམས། སྤྱི་འཐུས་ལྷན་ཚོགས་ཀྱི་ལག་ཏུ་ཡོད་སྟབས་སྤྱི་འཐུས་ཀྱིས་བསྒྲུབ་དགོས་པ་དང་། བཀའ་ཤག་དང་འོས་བསྡུ་ལས་ཁུངས་ཀྱིས་བསྒྲུབ་དགོས་པ་ཁག་སྤྱི་འཐུས་རྒྱུན་ལས་ཀྱིས་དབྱེ་བསྲེས་བྱས་ཏེ། བཀའ་ཤག་དང་འོས་བསྡུ་ལས་ཁུངས་སུ་སྤྲད་ཡོད་པར་མ་ཟད། སྤྱི་འཐུས་ཀྱི་བསྒྲུབ་དགོས་པ་ཁག་སྤྱི་འཐུས་ཀྱིས་ལག་བསྟར་བྱེད་ཀྱིན་ཡོད། བཀའ་སྤྱི་ཐུན་མོང་གིས་བསྒྲུབ་དགོས་པའི་གནད་དོན་ཐོག་ཕྱི་ཟླ་ ༡ ཚེས་ ༡༥ ཉིན། བཀའ་སྤྱི་ལྷན་ཚོགས་ཤིག་ཚོགས་ཏེ་དོན་ཚན་ ༡༢ ཐོག་བཀའ་བསྡུར་གནང་སྟེ་ཐག་གཅོད་བྱུང་ཡོད་ལ། ཐག་གཅོད་བྱུང་བ་ལྟར་ལག་བསྟར་ཡང་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 6

  1. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    གྲ་སྒྲིགས་ལེགས་པོ་ཞིག་བྱེད་དགོས་རེད་ལ་གྲུབ་འབྲས་ཀྱང་ལེགས་པོ་ཞིག་ཐོན་དགོས་རེད།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོར་ལྟ་སྟངས་སྐོར་ལ་རྩོམ་འཆལ་ཞིག་བྲིས་ཡོད་མོད། དེ་རིང་འདིར་དེ་འབྲེལ་གླེང་ས་ཞིག་འདུག་པས། ང་ཚོས་བཀའ་ཁྲི་ཅུང་ཙམ་བཞག་ནས་སྤྱི་འཐུས་ཚོའང་ཅུང་ཙམ་གླེང་དགོས་པར་གདའ།

    མང་པོ་ཤོད་རྒྱུ་མི་འདུག་སྟེ། སྤྱི་འཐུས་སྤྱི་པའི་འཐུས་མི་ཡིན་མིན་ཡོང་ཁུངས་ནས་ཤོད་མི་ཐུབ་ཀྱང་། ཕྱག་ལས་གནང་ཕྱོགས་ཀྱིས་སྤྱི་པའི་འཐུས་མི་ཡིན་མིན་གསལ་བོ་སྟོན་ཐུབ་ཀྱི་རེད་མོད། ང་ཚོས་དེ་དག་ལ་ད་བར་རྗེས་འདེད་གཏོང་རྒྱུའི་ཧུར་བརྩོན་བསྟེན་གྱི་མེད་ཙང་། ལོ་ཁོར་མོ་ཡུག་གཅིག་ཏུ་ཉིན་བཅུ་གྲངས་ཤིག་གི་ཚོགས་འདུར་ཞུགས་རྗེས། ཕལ་ཆེར་ལས་དོན་གཞན་སྤྱི་བྱིངས་ལ་མེད་པ་རེད། དེའང་འཚམས་གཟིགས་སྐབས་གནས་ཚུལ་རེ་རྡོག་སྒྲུབ་རྒྱབ་པ་གྲོས་ཚོགས་སུ་ཕར་གཡུག་ཚུར་གཡུག་བྱེད་རྒྱུ་ལས། ཉིན་རེའི་རང་གི་སྒེར་དོན་ལྟར་སྤྱི་པའི་ལས་ཀར་ཁ་ལག་གཉིས་ཀས་ལྟ་རྟོགས་བྱེད་མཁན་དང་དེ་འབྲེལ་གྱི་དྲི་བ་ཁྱེར་ཡོང་མཁན་ཉུང་ཉུང་ཡིན་ནི་རེད།

    ང་ཚོའི་སྤྱི་འཐུས་ལ་ལུང་པ་གཞན་ལྟར་དཔལ་འབྱོར་མཐུན་རྐྱེན་ལྷུག་གཏོང་གིས་རང་དབང་གིས་མི་མང་གི་ལས་དོན་བྱེད་རྒྱུར་དཀའ་ངལ་ཡོད་ནའང་། ང་ཚོའི་སྤྱི་འཐུས་ཚོའི་ལས་དོན་གྱི་ངོ་བོ་ཉེན་རྟོག་པ་འདྲ་བོ་ཞིག་རེད། དེས་གང་ན་དཀའ་ངལ་དང་སྐྱོན་ལྷག་གི་ཡོད་མེད་ལ་ལྟ་རྒྱུ་ལས་གཞན་བྱེད་ཡ་ཕལ་ཆེར་མེད་པ་འདྲ་བོ་རེད། གནས་ཚུལ་རེ་རེག་སོང་ན་གྲོས་ཚོགས་ནང་སྙན་སྒྲོན་ཞུ་རྒྱུ་དེ་རེད།

    འོ་ན། ང་ཚོས་ཉེན་རྟོག་པའི་ལས་དོན་འདིའི་ཐོག་སྤྱི་འཐུས་ཚོས་ཅི་ལྟར་ཤུགས་རྒྱག་གི་ཡོད་མེད་བསྐྱར་སེམས་རེ་བྱས་ན། དེའང་ཧ་ཅང་གསལ་བོ་མིན་པ་ཞིག་མ་རེད།

    ང་ཚོའི་སྤྱི་འཐུས་ཚོའི་ཡོང་ཁུངས་བྱེ་བྲག་པ་ཞིག་ལ། དེ་ལས་ཀྱང་བྱེ་བྲག་གཞན་ཞིག་ནི། ༡ ཁྱིམ་བརྒྱུད་སྤྱི་འཐུས། ༢ དཔལ་འབྱོར་སྤྱི་འཐུས། ༣ རྐང་པ་ཉིས་འཛུགས་ཀྱི་སྤྱི་འཐུས་བཅས་རེད། འདི་གསུམ་གྱི་ཁོངས་སུ་སྤྱི་འཐུས་མང་ཆེ་བ་ཚུད་སོང་ན།

    ལས་དོན་གྱི་ཐོག ༡ ལྷ་སྐུ་ལྟ་བུའི་སྤྱི་འཐུས། ༢ ཁ་དབང་ཅན་གྱི་སྤྱི་འཐུས། ༣ ཕྱོགས་ཁག་ཅན་གྱི་སྤྱི་འཐུས་གསུམ་མངོན་སུམ་དུ་ཐོན་འདུག་པས།

    དེའི་ནང་མ་ཚུད་པས། ཉམས་ཆུང། དྲངས་ཚུགས། ཤེས་ཡོན་ཅན་གྱི་སྤྱི་འཐུས་རྣམས་ངོས་གཞན་ཞིག་ཏུ་དེད་དེ་རང་བཞིན་གྱིས་ནུས་མེད་ཆགས་འགྲོ་བ་ཞིག་ནི་ཟུར་ལྟོས་ལེབ་མཐོང་ཡིན་པས།
    ང་ཚོས་རྐུབ་སྟེགས་མཚན་སྙན་གྲགས་སོགས་དོན་གཉེར་བྱེད་པོ་དག་ལ་རང་བཞིན་གྱིས་དགོངས་པ་མ་སྤྲད་ན་གྲོས་ཚོགས་ཀྱི་ནུས་པ་ཁྲིམས་བཟོའི་ཐོག་འདིང་རྒྱུར་དོན་དམ་གྱི་ཤུགས་ཇེ་ཞན་ལ་འགྲོ་བར་སེམས།

    ཞིབ་ཏུ་རྗེས་ནས་གླེང། དེ་རིང་འདི་ཙམ་ཡིན།

    Reply
  3. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ངོས་ཀྱི་བསམ་པ་ལ་སྔོན་མའི་སྤྱི་མཐུས་ཀྱི་གྲོས་ཚོགས་ནང་གང་ཟག་གཅིག་གི་དོན་རྐྱེན་བརྗོད་གཞིར་བཟུང་ནས་ཅུང་ཙམ་ལབ་གླེང་བྱུང་བ་ནི་བོད་སྤྱི་པའི་ཞབས་འདྲེན་ཞིག་རྩ་བ་ཉིད་ནས་མིན། སྨྲ་བརྗོད་ལ་རང་དབང་ཞེས་པ་ནི་དེ་འདྲ་ཞིག་ལ་བརྗོད་པ་ཡིན་དེ་ནི་སྤྱི་མཐུས་རྣམས་ཀྱི་བློ་གྲོས་ལ་ཤེས་རབ་ཀྱི་འོད་སྣང་སྦར་ས་དང་བོད་རྒྱལ་ཁབ་འདི་ཕྱི་གསལ་ནང་གསལ་གྱི་ལམ་ཁ་གསལ་པོ་ཡིན་ཞེས་བརྗོད་པ་དེ་དོན་ལ་གནས་པ་མ་ཚད་ཁ་གསལ་སྟིང་གསལ་ངོ་མ་དེ་བྱུང་བ་རེད། གང་ཡིན་ཞུ་ན་རང་དབང་དང་དྲང་བདེན་ཡིན་མིན་གྱི་གྲོས་ཆོད་དེ་གྲོས་ཚོགས་ནང་དགོས་ཀྱི་ལྐོག་ལྐོག་སུད་སུད་དུ་བསྒྲང་སྡད་ན་དོན་འབྲས་གང་ཡང་མི་འབྱུང་བ་མ་ཚད་ཆོལ་ཁ་དང་ཆོས་ལུགས་གང་སར་བྱད་ཁ་སྡུག་ཤོས་དེ་དེ་ཡིན་པ་ཀུན་གྱིས་ཤེས་དགོས། དཔེར་ན་རྒྱ་མི་གུང་ཁྲན་ལྟ་བུ་ཡིན་ན་གྲོས་ཚོགས་ཀྱི་སྐབས་སུ་ཕལ་ཆེར་མི་གཅིག་གི་བསམ་བློ་རྟ་གཅིག་གི་འགྲོས་གོམ་ལྟ་བུ་འཇམ་ཅག་གེར་གནས་ནས་མཐུན་མདོག་གི་ཚོས་གཞི་བབ་ཆག་པོ་ཞིག་བསྟན་པ་འདི་དག་གི་གང་མཚོན་གྱི་ཡོད་ཞེ་ན། བསམ་འཆར་ཉེས་ན་མགོ་ཁྲིད་དེ་དག་གི་རྒྱབ་ལྗོངས་སུ་བཙོན་ཁང་དང་གནས་དབྱུང་གཉིས་ལས་འགྲོ་ས་གསུམ་པ་མེད་པ་དང་། བསམ་འཆར་འདོན་པའི་དབང་ཆ་མེད་པ། སྒེར་གཅོད་ཀྱི་གྲོས་ཆོད་ལ་བཙན་ཤད་ཀྱིས་ཉན་དགོས་པ། མི་དགའ་དགའ་མདོག་མི་སྤྲོ་སྤྲོ་མདོག་མ་བྱེད་རང་བྱེད་ཆག་པ་བཅས་གྲོས་ཚོགས་ཀྱི་ཚོགས་དུས་ལ་ལྟས་པ་ཙམ་གྱི་ཀུན་ཀྱི་ཤེས་གསལ་འདི་རེད། ཨ་རི། རྒྱ་གར། ཐེ་ཝན། ལྷོ་ཀོ་རི་ཡ། སོགས་ཀྱི་མང་གཙོ་རང་དབང་གི་རྒྱལ་ཁབ་གང་སར་ཚོགས་པ་ཕན་ཚུན་འཛིང་རེས་འདི་དག་མང་གཙོའི་གྲོས་ར་དངོས་སུ་མཚོན་པ། རང་དབང་དང་ཞི་བདེ། འགྲོ་བ་མི་ཡི་ཐོབ་ཐང་ལག་ཏུ་བེད་སྤྱོད་པ་ཞིག་ལས་ཞབ་འདྲེན་ཞེས་པ་དེ་རྩ་བ་ཉིད་ནས་མ་ཡིན། ཞབས་འདྲེན་ཞེས་པ་དེ་དཔེར་ན་བྱུས་ཕྱི་ནང་བརྗེ་བ། དགྲ་བོ་ལ་ངོས་དགའ་སྤྲེལ་ལེད་འཁྲབ་པ། སྒོར་མོའི་དོན་དུ་རྐུ་བཤོ་རྫུན་སོགས་ཚད་ལས་བརྒལ་བའི་བྱ་སྤྱོད་དེ་ཚོ་ཐམས་ཅད་ངོ་མ་བོད་གངས་ཅན་པའི་ཞབས་འདྲེན་དང་། མི་རིགས་ཀྱི་སོན་རྩ་རུལ་བའི་བྱ་བ་ཁོ་ན་ཡིན། སྤྱི་མཐུས་ཞིག་ཡིན་ནས་བཟུང་མི་མངས་མང་འོས་ཀྱི་ཐོག་ནས་ཐད་ཀར་བསྐོ་བའི་མི་ཞིག་ཡིན་ཙང་ཤེས་ཡོན་ཅན་ཞིག་དང་། དྲང་བདེན་ཅན། ལ་རྒྱ་ཅན་ཞིག་ཡིན་པ་ལ་ཐེ་ཚོམ་མེད་པས་གནས་དོན་དེ་ཚོ་ལས་ལེགས་ཆ་ཉེས་འགོག་ཚད་དང་ལྡན་པ་ལེན་ཐུབ་པ་མ་ཚད་འབྱུང་འགྱུར་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ལ་དགེ་མཚན་ཡོད་མེད་ཀྱི་གོ་བ་ཡང་དེ་བས་གཏིང་ཟབ་བོའི་བསམ་བློ་འབྱུང་ཐུབ། གནས་ཚུལ་བཟང་ངན་གང་བྱུང་ན་ཕན་ཚུན་རྒྱུས་ལེན་དང་ལེགས་སྤེལ་ཉེས་འགོག་སོགས་དཔྱིས་ཕྱིན་པས་ད་རེས་ཀྱི་གྲོས་ཚོགས་འདི་རྒྱལ་ཁའི་ངང་གྲོལ་ཐུབ་པའི་ཡིད་ཆེས་ཡོད། ན་ལོ་གི་དོན་རྐྱེན་དེ་གཟི་བརྗིད་ཞིག་ལས་ཞབས་འདྲེན་རྩ་བ་ནས་མིན། སྐྱ་སེར་ཡོད་ཚད་གྲོས་ཚོགས་ལ་དོ་སྣང་དང་གོ་བ་གཏིང་ཟབ་བོ་ཞིག་བྱུང་སོང།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ངས་བལྟས་ན་ད་རེས་ཀྱི་སྤྱི་འཐུས་ཚོགས་དུས་དེ་གལ་ཆེ་དོན་ཆེ་ཞིག་ཏུ་མཐོང་གི་འདུག གང་ཡིན་ཞེས་ན། ༸གོང་ས་མཆོག་གིས་༸མགོན་པོ་མཆོག་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་སྐོར་ཡིག་ཐོག་ནས་གྲོས་ཚོགས་ལ་གནང་གི་ཡིན་གསུངས་སྟབས། ༸མགོན་པོ་མཆོག་བགྲེས་ཡོལ་ཕེབས་ཚེ་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་གནོད་ཇི་འདྲ་ཞིག་ཡོང་མིན་ཐོག་བཀའ་བསྡུར་ལྷུགས་པོ་དང་ཞིབ་འཇུག་མཐིལ་ཕྱིན་པ་གནང་རྒྱུ་ཤིན་ཏུ་གལ་ཆེ།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གོང་དུ་༼ བར་གྱི་ཉི་བཅུ་གཉིང་འཚོགས་རྒྱུ་ཡིན་ཞིང་༽བཟོ་བཅོས་བརྒྱབས་ན་འགྲིག

    འདི་ནི་གསུབ་དགོས། མཆན་མིན

    Reply
  6. ཀུན་དགའ། says:
    ལོ་ 15 སྔོན།

    ཡག་པོ་རེད། ཡིན་ཡང་ལོ་སྔོན་མའི་སྤྱི་འཐུས་འཐུས་ཞབས་འདྲེན་པ་དེ་ཚོས་ད་ལོ་ཡང་་་་་་་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese