མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་པ་མཆོག་གི་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

དཔལ་རྒྱལ་བ་ཀརྨ་པ་མཆོག་གནས་མཆོག་ཝ་ར་ནཱ་སི་རུ་བཀའ་རྒྱུད་སྨོན་ལམ་ཆེན་མོ་དང་འབྲེལ་བའི་ཚོགས་ཆེན་སྟེང་ཕེབས་རྒྱུ་ཡིན་འདུག 

རྒྱལ་བ་ཀརྨ་པའི་བླ་བྲང་ལ་དངུལ་གྱི་དོན་རྐྱེན་བྱུང་སྟེ་ཟླ་གཅིག་འཁོར་ལ་ཉེ་བའི་སྐབས་ཏེ། ཁ་སང་ཕྱི་ཚེས་ ༢༤ ཉིན་ཀརྨ་པ་མཆོག་ངྷ་ས་ནས་ཕེབས་ཐོན་གྱིས་མཁའ་ལམ་བརྒྱུད་ལྡི་ལིར་འབྱོར་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་ལྡི་ལིའི་མཁའ་ལམ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་རྒྱུ། ཕྱི་ཚེས་ ༢༨ ཉིན་བཅོམ་ལྡན་འདས་ཀྱི་བདེན་བཞིའི་ཆོས་འཁོར་བསྐོར་ཡུལ་གནས་མཆོག་ཝ་ར་ཎ་སིར་ཕེབས་ཏེ། ཕྱི་ཟླ་གསུམ་པའི་ཚེས་ ༤ དང་ ༥ བཅས་ཉིན་གཉིས་རིང་བཀའ་རྒྱུད་སྨོན་ལམ་ཆེན་མོ་དང་འབྲེལ་བའི་ཚོགས་ཆེན་སྟེང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག ཁོང་གི་མཛད་འཕྲིན་ཁག་འགྲུབ་རྗེས་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་པ་ཊི་ནའི་མཁའ་ལམ་བརྒྱུད་ཕྱིར་ངྷ་སར་ཕེབས་རྒྱུ་ཡིན་པ་རེད། 

ཉེ་ཆར་༧གོང་ས་མཆོག་གི་ལྷོ་ཕྱོགས་ཀྱི་མཛད་འཕྲིན་ཁག་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་འཁོར་མཚམས། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་འདུག་ལ། འདིའི་སྐོར་གསར་འགོད་པས་ཀརྨ་བླ་བྲང་གི་མཁན་པོ་དགའ་དབང་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས། ༧གོང་ས་མཆོག་གིས་དུས་རྒྱུན་དུ་ཀརྨ་པར་མཇལ་འཕྲད་གནང་གིན་ཡོད་པ་ལྟར། ད་ཐེངས་ཡང་འཆར་ཅན་གྱི་མཇལ་འཕྲད་གནང་བ་ཙམ་རེད། ད་ཐེངས་ཀྱི་དངུལ་གྱི་དོན་རྐྱེན་སོགས་རྒྱུ་མཚན་མཚན་གཞན་གང་ཡང་མེད་ཚུལ་གསུངས་སོང་།  ཉེ་ཆར་ལ་དྭགས་ཁུལ་དུ་ཀརྨ་བླ་བྲང་གི་དངུལ་གྱི་དོན་རྐྱེན་དང་འབྲེལ་དཀྲོག་གཏམ་འདྲ་མིན་ཞིག་བྱུང་ཡོད་སྟབས། ཕྱི་ཚེས་ ༢༣ ཉིན་ལ་དྭགས་ཁུལ་གྱི་མི་མ་ཉིས་སྟོང་ལྷག་གིས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གོམ་བགྲོད་ཅིག་གནང་ཡོད་འདུག

 འདིའི་ཐད་ལ་དྭགས་དུང་རི་ཕུན་ཚོགས་གླིང་བཙུན་དགོན་གྱི་བོད་དགེ་མི་ཉག་སྟོབས་ལྡན་ལགས་ཀྱིས། ཁ་པར་བརྒྱུད་བརྗོད་དོན། ཕྱི་ཚེས་ ༢༣ ཉིན་ལ་དྭགས་དཔའ་ལྡུམ་རྫོང་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་དམངས་ ༢༠༠༠ ལྷག་འདུ་འཛོམས་ཀྱིས། ཀརྨ་པར་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་གོམ་བགྲོད་ཅིག་བྱས་སོང་བར་མ་ཟད། སྐབས་དེར། མང་ཚོགས་ཀྱིས་ཀརྨ་པ་མཆོག་རྒྱ་ནག་གི་གསང་མྱུལ་བ་མིན་པར་ཐེངས་འདིའི་བྱུང་རྐྱེན་ནང་ཁོང་ལ་ཉེས་པ་ཅི་ཡང་མེད་ཅེས་འབོད་ཚིག་བསྒྲགས་སོང་། ཉེ་ཆར་ལ་དྭགས་ཕྱོགས་སུ་ཀརྨ་བླ་བྲང་ལ་དངུལ་གྱི་དོན་རྐྱེན་བྱུང་བའི་དབང་གིས། གཅིག་བྱས་ན་ཀརྨ་པ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་པའམ་རྒྱ་གར་གཞུང་གིས་བཟང་བཙོན་འོག་འཇུག་སྲིད་པའི་སྐད་ཆ་འདྲ་མིན་བྱུང་སྟབས། ས་གནས་མང་ཚོགས་ཀྱིས་སེམས་ནས་མ་བཟོད་པར་རྒྱབ་སྐྱོར་གྱི་འབོད་སྒྲ་བསྒྲགས་པ་རེད་ལ།  ཁོང་ཚོས་འབོད་སྒྲ་གཙོ་བོ་ཀརྨ་པ་མཆོག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་ཁག་གི་སྐྱབས་གནས་ཡིན་སྟབས། ཁོང་ལ་གཞི་མེད་བསྙོན་འཛུགས་བྱ་ཆོག་གི་མེད་ཅེས་དབུས་དང་མངའ་སྡེ་གཞུང་ལ་འབོད་སྐུལ་ཞུས་སོང་ཟེར། དེ་བཞིན་ཟངས་དཀར་དགོན་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཟངས་དཀར་ས་གནས་སུ་ཡུལ་དེའི་ནང་པའི་མི་རིགས་མང་པོས་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་མཛད་འཕྲིན་ལ་བར་ཆད་མི་འབྱུང་ཆེད།  ས་གནས་ཁག་གི་ཚོགས་ཁང་དུ་མཉམ་འཛོམས་བྱས་ཏེ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་དང་སྒྲོལ་མ། བཱ་ཛ་གུ་རུ་སོགས་གསོག་བསྒྲུབ་བྱས་ཡོད་འདུག   

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 12

  1. ཁམས་པའི་ཕོ་རྒོད། says:
    ལོ་ 16 སྔོན།

    ལ་དྭགས་མི་མང་གི་གཙོས་པས་ཧི་མ་ལ་ཡི་རི་བརྒྱུད་དང་ཕྱོགས་མཐའ་ཁག་ནས་
    ཀརྨ་པ་ལ་གདུང་སེམས་མཉམ་བསྐྱེད་བྱས་པ་དེ་ཐུགས་རྗེ་ཆེ་
    ་རྒྱལ་དབང་མཆོག་ལ་ཞབས་སུ་ཡག་པོ་ཞིག་དགོས་ས་རེད་དེ་སྔ་ཁྱིམ་ཚང་ཁ་ཤས་
    ཞིག་གི་འཛིན་པ་དེ་མེད་པར་བྱེད་དགོས་ཞེས་འབོད་བསྐུལ་ཞུ་བ་ཡིན་

    Reply
  2. རྡོ་རྗེ says:
    ལོ་ 16 སྔོན།

    ད་རུང་རྐམ་པའི་འཁོར་གཡོག་དང་སློབ་སྟོན་པ་དེ་ཚོ་བརྗེ་བོ་རྒྱག་མ་ཐུབ་ན་རྐམ་པའི་མཛད་འཕྲིན་མཐའ་དག་བླ་རྒན་དང་གྲྭ་རྒན་ཁ་ཤས་གྱི་བར་ནས་རུལ་རྒྱུ་ཡིན་པའི་སྔ་ལྟས་རེད

    Reply
  3. ལྷ་སྲིན་གྱི་བུ། says:
    ལོ་ 16 སྔོན།

    མཚུར་ཕུ་བླ་བྲང་ལ་ཤེས་འཇོན་མེད་པའི་མི་རྐྱང་རྐྱང་འདི་ལྟར་མཉམ་དུ་འཛོམ་དགོས་བ་སུས་བཀའ་ཆད་ཡིན་ནམ།
    དེང་སང་མགོན་པོའི་ཚོགས་འབུམ་མང་པོ་ས་ཕྱོགས་གང་ས་རུ་ཚོགས་ཀྱི་ཡོད་རེད་ཟེར་་་་གད་མོ་ཤོར་ཡ་རང་རེད་མིས་མ་འཇོན་ན་ལྷས་གང་ཡང་བཟོ་རྒྱུ་ཡོད་མ་རེད།གླན་རྟགས་འདི་ལས་ཆེ་བ་གང་ཡོད།ཨ་ཁ་ཁ་་་་་་་

    Reply
  4. ལྷ་སྲིན་གྱི་བུ། says:
    ལོ་ 16 སྔོན།

    རྒྱལ་བ་ཀརྨ་པའི་སྐུ་མདུན་དུ་ཕྱག་ལས་གནང་མཁན་མགོན་པོ་ཟེར་བ་དེས་བུ་གཅིག་རྒྱ་ནག་པེན་ཅིང་དུ་མཐོ་སློབ་གཅིག་ལ་བཏང་ཡོད་འདུག་ཅིང།བུ་གཅིག་དང་བུ་མོ་གཅིག་ཁེ་ན་ཌ་རུ་མཐོ་སློབ་ཅིག་ཏུ་བཏང་བ་རེད་ཟེར།
    ད་དུང་ཁོང་གི་རྡེ་ར་རྡོན་དུ་ཁང་བརྩེགས་མཐོན་པོ་ཞིག་གསར་དུ་ལས་ཡོད་པ་མ་ཟད་ཚོང་ཁང་རྫིག་པོ་ཞིག་ཀྱང་གསར་དུ་ལས་ཡོད་རེད་ཟེར།
    རྡེ་ར་རྡོན་གྱི་གཞིས་ཆགས་ཁྱིམ་མཚེས་ཚོས་ཕྱུག་པོ་བྱེད་འདོད་ན་རྒྱལ་བ་ཀརྨ་པའི་ཞབས་ཞུ་བྱེད་ས་རགས་དགོས་ཞེས་འཕྱ་སྨོད་ཀྱི་ཚུལ་དུ་ཤོད་སྲོལ་ཡོད་ཟེར།
    ཁོང་གི་བུ་ཕྲུག་ཚོ་རྒྱལ་ཁབ་གཞན་གྱི་མཐོ་སློབ་ལ་སློན་ཡོན་འདི་ལྟར་འབུལ་ཐུབ་པ་དང།
    ཁང་བརྩེགས་མཐོན་པོ་འདི་ལྟར་བསླངས་ཐུབ་པའི་དངུལ་གྱི་ཡོ་ཁུངས་འདི་ལྟར་ཟབ་མོ་ཡོད་པ་གང་ཡིན་ཞིབ་འཇུག་བྱ་དགོས།
    རྒྱལ་བ་ཀརྨ་པའི་ཞབས་ཞུ་ཚོ་འདི་ལྟར་བླ་བྲང་གཞན་གྱི་ལས་བྱེད་དང་མ་འདྲ་བར་ཕྱུག་པོ་རྐྱང་རྐྱང་ཆགས་དགོས་བའི་རྒྱུ་མཚན་གང་ཡིན་ནམ།
    ཤི་གསོན་མང་པོའི་དད་པ་བྱས་ནས་ཕུལ་བའི་དངུལ་དེ་ཚོ་ཁྱིམ་ཚང་ཁ་ཤས་ཕྱུག་པོ་བཟོ་བྱེད་ཅིག་ཏུ་གྱུར་སོང་ལ་ཕང་པོ་རེད་ཨ་་་་་་་

    Reply
  5. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    སྐད་གྲགས་ཅན་ལ་ཡག་སྡུག་གང་བྱུང་ཡང་སྐད་གྲགས་ཇེ་ཆེར་འགྲོ་བཞིན་འདུག

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    དཔལ་རྒྱལ་དབང་ཀརྨ་པ་མཆོག་སྐུ་ཚེ་ཡུན་བརྟན་དང་། ལ་དྭགས་ཀྱི་དཔལ་འབྱོར་རིག་གསུམ་དར་རྒྱས་ཡུན་གནས་ཤོག །

    Reply
  7. མངའ་རིས་བུ། says:
    ལོ་ 16 སྔོན།

    གནས་ཚུལ་བཟང་པོ་འདི་འདྲ་ཐོས་པར་དགབ་བོ་བྱུང།
    འོན་ཀྱང་བོད་དང་རྒྱ་གར་དང་ཕྱི་རྒྱལ་གྱི་གསར་ཤོག་གི་ཐོག་ཀརྨ་པ་མཆོག་བོད་ཀྱི་བླ་ཆེན་གསུམ་པ་རེད་ཟེར་བ་དང་གཉིས་པ་རེད་ཟེར་བ་སོགས་མང་པོ་ཞིག་བཤད་ཡོང་གི་འདུག
    དེ་རྒྱུ་མཚན་ཅི་ཞིག་གིས་སྟེང་ནས་འཇོག་གི་ཡོད་མེད་མ་ཤེས།
    བླ་ཆེན་ཨང་དང་པོ་དང་གཉིས་པ་ལས་སོགས་ཨང་རིམ་དེ་གུས་བཀུར་བྱེད་མཁན་མང་པའི་རྒྱུ་མཚན་དང་འབངས་མི་སེར་མང་ི་མང་གིས་བྱེད་པ་ཡིན་ན།
    རྒྱ་ནག་གི་དབུ་ཁྲིད་དེ་འཛམ་གླིང་གི་དབུ་ཁྲིད་ཨ་དང་པོ་དེ་ཡིན་པར་ཁས་ལན་དགོས།་དེ་མིན་རྒྱུ་མཚན་གང་ནས་ཡོད།
    བོད་ལ་ཆོས་རྒྱུད་བཞི་དང་བོན་པོ་བཅས་ལྔ་རུ་ཡོད་པས་དེ་དག་གི་བླ་ཆེན་ལ་ཨང་རིམ་མཐོ་དམའ་སོགས་གང་ཡང་མེད།
    དེ་འདྲ་ལ་བརྟེན་ནས་གྲལ་རིམ་གྱི་འཐབ་རྩོད་དེ་རིགས་སླེབ་ཡོང་གི་འདུག

    Reply
  8. བོད་པ་ says:
    ལོ་ 16 སྔོན།

    ཀརྨ་པ་ལ་དགོན་པ་གསར་བཞེངས་ཀྱི་ས་ཆ་ཉོ་ཆོག་པའི་ཆོག་མཆན།
    2011-02-25
    རྒྱ་གར་གཞུང་གིས་ཀརྨ་པ་མཆོག་ལ་དགོན་པ་གསར་བཞེངས་གནང་ཆེད་ས་ཆ་གཟིགས་ཆོག་པའི་ཆོག་མཆན་གནང་རྒྱུའི་ཐག་གཅོད་གནང་བཞག

    ༄༅༎རྒྱ་གར་དབུས་གཞུང་གིས་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་ཧི་མ་ཅལ་མངའ་སྡེའི་ས་གནས་གང་འདྲ་ཞིག་ཡིན་ཀྱང་ས་གནས་གཅིག་གི་ནང་དགོན་པ་གསར་བཞེངས་གནང་ཆེད་ས་ཆ་གཟིགས་ཆོག་པའི་ཆོག་མཆན་གནང་རྒྱུའི་ཐག་གཅོད་གནང་བཞག

    དེ་ཡང་རྒྱ་གར་གྱི་ཨིན་ཌི་ཡེན་ཨེ་སི་པེརེསི་ཞེས་པའི་གསར་ཤོག་ནང་ཁ་ས་ཚེས་༢༤ཉིན་གནས་ཚུལ་སྤེལ་དོན་ལ་རྒྱ་གར་གཞུང་གིས་དམིགས་བསལ་བྱས་ནས་རྒྱལ་བ་ཀརྨ་པ་མཆོག་ལ་དགོན་པ་གསར་བཞེངས་གནང་རྒྱུའི་ས་ཆ་ཉོ་ཆོག་པའི་བཀའ་འཁྲོལ་གནང་བ་མ་ཟད་ཀརྨ་པ་མཆོག་ལ་དད་ལྡན་པ་ཚོས་ཞལ་འདེབས་དང་འབུལ་བ་གང་ཕུལ་བ་རྣམས་རྩིས་ཕྲ་ཚུལ་བཞིན་ཉར་དགོས་པའི་ལམ་སྟོན་ཡང་རྒྱ་གར་གཞུང་གིས་གནང་ཡོད་འདུག རྒྱལ་བ་ཀརྨ་པའི་བླ་བྲང་ནས་དངུལ་ཕོན་ཆེ་ཐོན་པའི་གནས་ཚུལ་བྱུང་རྗེས་ཁ་ས་རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྣམ་གཉི་མཇལ་འཕྲད་གནང་ཡོད་པ་དང་ མཇལ་འཕྲད་དེ་ཐོག་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་པ་དེ་མཚོན་གྱི་ཡོད་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་དངུལ་གྱི་དོན་རྐྱེན་དེ་རིགས་ནི་འབྲེལ་ཡོད་ལས་བྱེད་པས་ཟབ་ཟབ་མ་བྱས་པ་ལས་རྒྱལ་བ་ཀརྨ་པ་མཆོག་ལ་འབྲེལ་བ་མེད་སྐོར་བཀའ་གནང་ཡོད་པ་རེད༎

    Reply
  9. ལུང་རྟོགས། says:
    ལོ་ 16 སྔོན།

    རྒྱ་གར་གཞུང་ནས་ད་དུང་ཡང་༸རྒྱལ་བ་ཀརྨ་པའི་མཛད་འཁྲིན་ལ་བཀག་མགོག་དང་། གཞི་མེད་སྨྱོན་འཛུག་མུ་མཐུད་ནས་བྱས་ཚེ། ༸རྒྱལ་བ་ཀརྨ་པ་མཆོག་རྒྱལ་ཁབ་གསུམ་པ་ཞིག་ལ་སྐྱབས་གཅོལ་ལ་ཕེབས་རྒྱུའི་གྲ་བསྒྲིགས་བྱེད་དགོས་པར་སེམས།

    Reply
  10. རྒྱ་སྟག་དཀར་པོ says:
    ལོ་ 16 སྔོན།

    འང་རླབས་ཆེན་གྱི་མཛད་འཕྲིན་ཁ་སྔོན་དེ་འདྲ་བསྐྱང་རྒྱུ་ཡིན་པ་རེད་དམ།
    ཁྱེད་འདྲ་བ་ཁ་ཤས་ཡོད་ན་བོད་དང་ནང་ཆོས་འདི་རྩ་མེད་དུ་མི་འགྲོ་བའི་གཏན་ཚིག་འགོད་ཐུབ་ས་རེད།

    Reply
  11. ཐུབ་བསྟན says:
    ལོ་ 16 སྔོན།

    མཁན་པོ་དགའ་དབང་གཙོས་ཀརྨ་བའི་ནང་འཁོར་བྱིངས་ལ་ཞུ་རྒྱུར་དེ་སྔའི་དོན་རྐྱེན་དེ་ལྟ་བུ་དེང་ཕྱིན་དཔལ་རྒྱལ་བ་ཀརྨ་བ་དང་བཙན་བྱོལ་གཞུང་གི་ཐོག་ཏུ་མི་འབྱུང་བར་ཡིད་གཟབ་བྱེད་རོགས

    Reply
  12. བཛྲ་སུ་མ་ཏི། says:
    ལོ་ 16 སྔོན།

    ལ་དྭགས་མི་དམངས་ཀྱིས་ལས་འགུལ་འདིས་ང་ལ་དངོས་གནས་སེམས་འགུལ་ཐེབས་བཅུག་སོང་།ལས་འགུལ་འདི་རྒྱ་གར་གཞུང་ཕྱོགས་ལ་ནུས་པ་ཐོན་བར་ཕན་ཆེ་བར་སྙམ།ལ་དྭགས་མི་དམངས་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese