མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་བསྟན་དར་སྤེལ་གཏོང་ཕྱོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp







ཐའེ་ཝན་གྱི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་བོད་ཚེས་ ༢༢ དང་སྤྱི་ཚེས་ ༢༤ ཉིན་ཐའེ་ཝན་གྱི་གྲོང་ཁྱེར་ཐའེ་པེའི་མེ་ཏོག་ལྡུམ་རའི་ཨར་ཁང་ཆེན་མོ་རུ་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་པའི་སྐོར་གྱི་བགྲོ་གླེང་ཐེངས་དང་པོ་དེ་འཚོགས་ཡོད་འདུག་ཅིང་། སྐབས་དེར་གཙོས་གསེར་ཁྲི་རིན་པོ་ཆེ་དང་གཞུང་དོན་གཅོད་ཁང་གི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན། དགེ་བཤེས་ཆོས་ཀྱི་དབང་པོ་སོགས་དགེ་ལུགས་ཀྱི་དགེ་བཤེས་དང་སྤྲུལ་སྐུ་ཁག་ཅིག་དང་། འབྲི་གུང་འགར་རྣམ་གྲོལ་རིན་པོ་ཆེ་དང་སྤྲུལ་བསོད་ནམས་ཆོས་འཕེལ་སོགས་བཀའ་བརྒྱུད་ཀྱི་མཁན་སྤྲུལ་སློབ་དཔོན་འགའ། དཔལ་ཡུལ་སྨུག་སངས་སྐུ་ཆེན་རིན་པོ་ཆེ་དང་ཞེ་ཆེན་མཁན་པོ་ཨོ་རྒྱན་དྲི་མེད། ཉག་རོང་མཁན་སྤྲུལ་རིན་པོ་ཆེ་སོགས་རྙིང་ཕྱོགས་ཀྱི་མཁན་སྤྲུལ། སློབ་དཔོན་བསོད་ནམས་ཕུན་ཚོགས་སོགས་ས་སྐྱའི་སློབ་དཔོན་ཁག་ཅིག་བཅས་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་ ༢༥ ཙམ་མཉམ་ཞུགས་གནང་ཡོད།

 

བགྲོ་གླེང་སྟེང་བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ཀྱི་དགོས་མཁོ་ཇི་ལྟར་བསྐང་རྒྱུ་དང་ཆོས་ཚོགས་མང་པོ་ཞིག་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ལ་དཔྱད་བསྡུར་གྱིས་མ་འོངས་པར་ཡར་རྒྱས་སྲ་བརྟན་གཏོང་ཐབས། བསྟན་པའི་གོ་རིམ་དང་མཐུན་པར་ནང་ཆོས་དར་སྤེལ་བྱེད་ཕྱོགས། ཆོས་བརྒྱུད་བར་གྱི་མཐུན་ལམ་དང་། ཁྱད་པར་ཡུལ་དུས་དང་མཐུན་པར་སྔར་ལས་ལྷག་པར་ཀུན་སྤྱོད་ཐད་གཟབ་ནན་བཅས་བརྗོད་གཞི་དོན་ཚན་ ༩ ཐོག་བགྲོ་གླེང་གནང་ཡོད་པ་མ་ཟད། ནང་ཆོས་ངོ་སྤྲོད་ཀྱི་དུས་དེབ་དང་སློབ་དེབ་རྩོམ་སྒྲིག་གི་སྐོར་ལ་ཡང་གྲོས་སྡུར་དང་། ཁྱད་པར་ལོ་འགའི་སྔོན་ནས་ཤུགས་ཆེ་རུ་གཏོང་བཞིན་པའི་ཐའེ་ཝན་གྱི་ཚོགས་པ་དང་མི་སྒེར་རེ་ཟུང་གིས་བོད་བརྒྱུད་གསང་སྔགས་དང་བོད་ཀྱི་བླ་གྲྭ་ལ་གཞི་མེད་སྐུར་འདེབས་བྱེད་ཀྱི་ཡོད་པར་གདོང་ལེན་བྱེད་སྟངས། ཐའེ་ཝན་རྒྱ་ཆེའི་མི་མང་ལ་བོད་ཀྱི་ནང་ཆོས་ཐད་སྔར་ལས་ལྷག་པའི་གོ་རྟོགས་མཐོ་རུ་གཏོང་ཐབས་བཅས་ལ་བགྲོ་གླེང་ཞིབ་ལྷུག་གནང་ཡོད་འདུག

  

ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་ནི། ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེ་དང་རང་གཞུང་ཐའེ་ཝན་དོན་གཅོད་སོགས་ཀྱི་མཐུན་གྱུར་དབུ་བཞུགས་ཀྱི་མཛད་སྒོ་ཟབ་རྒྱས་གནང་བའི་ཐོག་ནས་དབུ་བརྙེས་ཤིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། ཆབ་སྲིད་དང་སྒེར་དོན་བཅས་ལ་མ་འདྲེས་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    འབྲེལ་ཡོད་བོད་ཀྱི་གནའ་རྫས་རྙེད་སོན།
    2011-02-28
    སྔར་བོད་ཀྱི་ཆ་ཤས་མངའ་ཁུལ་གློ་ཡུལ་གྱི་ཐག་རིང་རི་ཁུག་ཏུ་གནའ་བོའི་བྲག་ཕུག་རྙིང་པ་མང་པོ་ཞིག་ཡོད་པ་བརྙེད་ཐུབ་པ་བྱུང་འདུག
    ༄༅༎རི་བོ་ཇོ་མོ་གླང་མའི་རྩེ་མོར་ཐེངས་བདུན་འཛེགས་སྐྱོད་གནང་མཁན་ཨ་རི་བ་པི་ཊར་ཨེ་ཐེན་སི་ཡིས་༢༠༠༤ནས་བཟུང་བལ་ཡུལ་བྱང་ཕྱོགས་ཁུལ་མིག་གི་སྐྱ་སྒྲིབ་གཤག་བཅོས་ཀྱི་དགེ་རྩའི་ལས་དོན་ནང་མཉམ་ཞུགས་གནང་བའི་རྗེས་། ཉེ་དུས་ཁོང་གིས་སྔར་བོད་ཀྱི་ཆ་ཤས་མངའ་ཁུལ་གློ་ཡུལ་(Mustang)གྱི་ཐག་རིང་རི་ཁུག་ཏུ་གནའ་བོའི་བྲག་ཕུག་རྙིང་པ་མང་པོ་ཞིག་ཡོད་པ་བརྙེད་ཐུབ་པ་བྱུང་སྟེ། བྲག་ཕུག་དེ་ཚོའི་ནང་ནས་སྔར་གྱི་བོན་པོའི་རྩ་ཆེའི་ཕྱག་དཔེའི་གཏེར་མཛོད་ཆེན་པོ་གཉིས་དང༌། ཡང་སྟོན་པ་ཡེ་ཤུ་མ་འཁྲུངས་གོང་གི་ལོ་བརྒྱའི་སྔོན་གྱི་མིའི་རུས་པ་བརྙེད་སོན་བྱུང་གནང་བཞག།
    ཨ་རི་བ་པི་ཊར་ཨེ་ཐན་སི་ཡིས་༡༩༩༦ལོར་རི་བོ་ཇོ་མོ་གླང་མའི་རྩེ་མོར་འཛེགས་སྐྱོད་བྱེད་མཁན་མི་གྲངས་༡༥རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་སྐབས་ཁོང་གིས་རི་འཛེགས་པ་དེ་ཚོ་སྐྱོབ་ཐབས་ཀྱི་འབད་བརྩོན་ཆེན་པོ་གནང་ཡོད་སྟབས་། ཁོང་ལ་འཛམ་གླིང་ནང་Mr. Everestཞེས་ཡོང་གྲགས་མིང་ཐོབ་ཡོད་པ་རེད། བལ་ཡུལ་ནང་མིག་གི་སྐྱ་སྒྲིབ་གཤག་བཅོས་སྐབས་རོགས་པ་གནང་བའི་དུས་རིང་
    ཁོང་གིས་ས་གནས་ཡུལ་མི་མང་པོ་དང་གྲོགས་པོ་ཆགས་གནང་ཡོད་པ་དང༌། དེ་ཚོའི་གྲས་ནས་མི་འགའ་ཤས་ཀྱིས་ཁོང་རི་མཐོ་སར་སུས་ཀྱང་འགྲོ་མྱོང་མེད་སའི་གནའ་བོའི་བྲག་ཕུག་ཡོད་སར་སྣེ་འཁྲིད་བྱས་པའི་རྗེས་སུ། པི་ཊར་ཨེ་ཐེན་སི་ལ་ཡ་མཚན་ཅན་གྱི་བྲག་ཕུག་དེ་ཚོའི་ཐོག་ཞིབ་འཇུག་གནང་རྒྱུའི་འདོད་པ་ཆེན་པོ་བྱུང་གནང་འདུག།
    དེ་ནས་༢༠༠༨ལོར་བལ་ཡུལ་གཞུང་དང་གནའ་དངོས་ཤུལ་རྫས་ཞིབ་འཇུག་ཚན་པས་པི་ཊར་གྱིས་གཙུགས་གནང་བའི་གནམ་སྒོ་ཐེབས་རྩ་དང་མཉམ་དུ་བྲག་ཕུག་དེ་ཚོའི་ཐོག་ཞིབ་འཇུག་གནང་རྒྱུའི་གྲོས་མཐུན་བཞག་གནང་ནས་ལས་དོན་འགོ་འཛུགས་གནང་ཡོད་པ་དང༌། ལོ་གཉིས་རྗེས་སུ་ཞིབ་འཇུག་པ་ཚོས་གློ་ཡུལ་གྱི་རི་མཐོ་པོ་ཡོད་སར་བྲག་ཕུག་མང་པོ་ཞིག་བརྙེད་ཐུབ་ཡོད་པ་དང༌། བྲག་ཕུག་དེ་ཚོ་གོང་འོག་ཏུ་ལྡེབས་རིས་རྙིང་པ་དང༌། བོད་ཡིག་ཐོག་སྔར་བོན་གྱི་ཕྱག་དཔེ་ཁྲི་གཅིག་མིན་ཙམ་ཡོད་པའི་གཏེར་མཛོད་ཆེན་པོ་གཉིས་དང༌། མི་༢༧གྱི་རྐང་རུས་བརྙེད་སོན་བྱུང་ཡོད་པ་རེད། བྲག་ཕུག་ནང་གི་ལྡེབས་རིས་དེ་ཚོ་རྒྱ་གར་གྱི་གྲུབ་ཐོབ་ཁག་གི་ཡིན་པ་དང༌། གྲུབ་ཐོབ་རེ་རེའི་མཚན་དང་ཁོང་རྣམ་པའི་རྣམ་ཐར་ཞིབ་ཕྲ་བཀོད་ཡོད་པ་རེད། དེ་བཞིན་བྲག་ཕུག་དེ་ཚོའི་ནང་ཡོད་པའི་མིའི་རྐང་རུས་ལ་བརྟག་ཞིབ་བྱེད་སྐབས་ དེ་ཚོ་ཕལ་ཆེ་བ་རྒྱ་གར་ནུབ་བྱང་ཁུལ་གྱི་མིའི་རིགས་ཀྱི་འབྱུང་ཁུངས་ཡིན་པ་ཤེས་རྟོགས་བྱུང་འདུག།

    Reply
  2. དུག་མདའ། says:
    ལོ་ 15 སྔོན།

    བོད་པ་རང་གི་བུ་རབས་ཚ་བརྒྱུད་དེ་ཚོ་འདུ་ཁང་རྩ་ལ་གཅིན་མི་གཏོང་བ་ཞིག་བཟོ་ཐུབ་སོང་ན་མི་རིགས་གཞན་གྱི་ཆོས་དད་ལ་སེམས་ཁྲལ་དེ་མི་འབབ་ཀི ཡིན་ནའང་གྲུབ་མཐའ་རིས་མེད་ཀྱི་ལྟོ་འདེད་པ་དེ་ཚོ་མཉམ་དུ་བཞེས་ལག་རེ་མཆོད་རོགས་བྱས་བར་རྗེས་སུ་ཡི་རིང་ཡོད། ནམ་རྒྱུན་ལྟར་ན་ཁྱོད་ཁྱོད་ས་དང་ང་ང་ས་ཡིན་པ།

    Reply
  3. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    ད་མི་ཤེས་ཡ།ནང་ཆོས་དར་སྤེལ་ཡིན་ནམ་སྒོར་མོ་དར་སྲོལ་གང་ཡིན་མི་ཤེས།ནང་ཆོས་དར་སྤེལ་ལ་ངེས་བར་དུ་ཕྱི་རྒྱལ་ཁག་ཏུ་ཆོས་ཚོགས་མང་པོ་དགོས་པ་རེད་དམ།དེ་ན་༧གོང་ས་མཆོག་ལ་ཆོས་ཚོགས་གཅིག་ཀྱང་མེད་པ་གང་ཡིན་ནམ།དངོས་གནས་ནང་ཆོས་དར་སྥེལ་ཡིན་ན་བོད་པའི་གཞིས་ཆགས་ཁག་ཏུ་ཆོས་ཚོགས་མ་ཚུགས་པ་གང་ཡིན་ནམ།བོད་པ་རྣམས་ནང་ཆོས་མཁས་པ་ཤ་སྟག་རེད་དམ།ཐེ་ཚོམ་གྱི་དོགས་པ་མང་གི་ཡ།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    གཞུང་ལ་ཆོས་ཡོད་ན་འདི་ལས་མེད།
    ཆོས་རྒྱུད་བྱེ་བྲག་པ་འགའ་ཡི་དོན་དུ་གཞུ་ནས་འགྲོ་སོང་ཇི་ཙམ་གཏོང་གི་མི་འདུག་གམ།
    ཕྱོགས་སུ་ལྷུང་བའི་བྱེད་སྟངས་ལ་ནམ་ཡང་འདོད་པ་མེད།
    ཆོས་ལུགས་རིས་མེད་ཀྱི་གཞུང་ནི་རྒྱ་ནག་གི་གཞུང་རེད།
    རྒྱ་གར་ཡང་ཧིན་དྷུའི་ཕྱོགས་སུ་ལྷུང་འདུག

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བོད་བརྒྱུད་ནང་བསྟན་ཆེན་མོ་དར་རྒྱས་རྒྱུན་འཛིན་ཡོང་སླད་བརྗོད་གཞི་དོན་ཚན་དགུ་ཡི་ཐོག་བཀའ་བསྡུར་གནང་བ་དངོས་གནས་ཡག་པོ་འདུག འོན་ཀྱང་བློ་ཕམ་པ་ཞིག་ལ་ཚོགས་བཅར་པའི་ཁྲོད་སྟོད་ཐུང་བསྣམས་པའི་མཁན་སྤྲུལ་དགེ་བཤེས་རེ་ཟུང་འདུག ནད་པ་གཅོང་ནད་ཅན་ཡིན་ན་དམིགས་བསལ་རེད། དེ་ལས་གཞན་སྤྱིར་བཅོམ་ལྡན་འདས་ཀྱི་བཅས་ཁྲིམས་དང་ཡང་སྒོས་ཁྱེད་རྣམ་པའི་དོན་ཚན་དགུ་པོ་དེ་དང་ཏག་ཏག་བསྡད་ཨེ་ཡོད།
    ཁ་བཤད་ཆུ་ཡི་ལྦུ་བ།།
    ལག་ལེན་གསེར་གྱི་ཐིགས་པ།།

    ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།
    ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།།
    མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར།།
    རིས་མེད་རྒྱལ་བསྟན་ཡུན་རིང་རྒྱས་གྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese