མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་གྷོ་མི་མང་གི་རེ་སྐུལ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་ཀྱིས་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ཚོགས་དུས་བཅུ་གཅིག་པའི་སྟེང་སྙན་ཞུ་ཞིག་ཕུལ་ཏེ།གྲོས་ཚོགས་ནས་༸གོང་ས་མཆོག་བགྲེས་ཡོད་མི་གནང་བར་མུ་མཐུད་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་པའི་གསོལ་འདེབས་གནང་དགོས་པའི་རེ་སྐུལ་གནང་ཡོད་འདུག

ཐེངས་འདིའི་སྐབས་བཅུ་བཞི་བའི་སྤྱི་འཐུས་གྲོས་ཚོགས་སྟེང་༸གོང་ས་མཆོག་གིས་དམིགས་བསལ་གསུང་འཕྲིན་ཕེབས་ཡོད་པའི་ཐོག་སྤྱི་ཚོགས་ཁྲོད་གླེང་སློང་ཤུགས་ཆེར་བྱུང་ཡོད་ལ།མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་ཀྱི་ངོས་ནས། ཐེངས་འདིའི་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་རྩའམ་གསུང་འཕྲིན་ཕེབས་མིན་ལ་མ་ལྟོས་པར་བགྲེས་ཡོལ་ཕེབས་བཞེད་ཅི་ནས་ཀྱང་མི་ཡོང་བའི་ཐད། སྤྱི་འཐུས་རྣམ་པའི་དགོངས་པ་བཞེས་ཕྱོགས་མི་མང་གི་མངོན་འདོད་ལྟར་གནང་སྐྱོང་གསོལ་འདེབས་དགོས་པའི་གྲོས་ཆོད་བཞག་ཡོད་པ་ལྟར། ཐེངས་འདིར་ས་གནས་ཚོགས་གཙོ་གཞོན་གཉིས་ཆེད་དུ་གྲོས་ཚོགས་སུ་བཅར་ཏེ། གྲོས་ཚོགས་ལ་སྙན་ཞུ་ཞིག་ཕུལ་ཡོད་འདུག
སྙན་ཞུ་ནང་བསྟན་དོན་གཙོ་བོ་ནི། ༸གོང་ས་མཆོག་བགྲེས་ཡོལ་ཕེབས་བཞེད་སྐོར་ད་རེས་གྲོས་ཚོགས་ཚོགས་ཐེངས་འདིར་གྲོས་བསྡུར་སླད་ཕེབས་ངེས་ལགས་ན། ཁྲིམས་བཟོ་ལྷན་ཚོགས་བཀུར་འོས་སྤྱི་འཐུས་རྣམས་ནས་འཕྲུལ་མཛངས་རྣམ་དཔྱོད་ཀྱི་ལམ་ནས། གལ་འགངས་ཆེ་བའི་གནད་དོན་འདིར་ཁྲིམས་ཀྱི་ཁ་ལོ་སྒྱུར་ཕྱོགས་མི་མང་གི་མངོན་འདོད་ལྟར་ཡོང་སླད་དགོངས་པ་བཞེས་མ་ནོར་བའི་ཐོག ༸གོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མུ་མཐུད་གནང་སྐྱོང་གསོལ་འདེབས་ཕུར་ཚུགས་སུ་འདེབས་དགོས་ནན་བསྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་དང་། ཐེངས་འདིའི་སྙན་ཞུ་དེ་སྤྱི་འཐུས་གྲོས་ཚོགས་གཙོས། སྐུ་སྒེར་ཡིག་ཚང་། བཀའ་བློན་ཁྲི་པ་མཆོག   དེ་བཞིན་བཀའ་བློན་གཞན་ཡོངས་ལ་ཕུལ་ཏེ་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་དགོས་པའི་གསོལ་འདེབས་བྱ་རྒྱུར་རེ་སྐུལ་ཞུས་ཡོད་འདུག
གསར་འགོད་པ། དོན་གོ                      

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. དམར་ཁ་ཚ། says:
    ལོ་ 15 སྔོན།

    མོན་གྷོ་འདོད་རྒུ་གླིང་ནི་གཞིས་ཆགས་དང་།དགོན་སྡེ་མང་པའི་བཙན་བྱོལ་ནང་གི་ཁོར་ཡུག་གལ་ཆེའི་ཞིག་རེད།ཡིན་ཡང་ཁོར་ཡུག་འདིའི་ནང་ན་རུལ་དྲི་ཁ་བའི་དབང་འཛིན་པའི་ཕྱོགས་གཏོགས་ཧ་ཅང་མང་ལ།དབང་འཛིན་པ་དེ་དག་གི་བསམ་ཚུལ་དང་ལྟ་གྲུབ་མ་མཐུན་པའི་རིགས་ཁོར་ཡུག་འདི་ནས་རྒྱང་འཕུད་གཏོང་བའི་ལུགས་སྲོལ་ཞིག་ཡོད།
    ཁོང་ཚོ་ལ་དམག་ཤུགས་དང་།ཉེན་རྟོག་པའི་དབང་ཤུགས་མེད་པས་ལོ་རབས་བརྒྱའི་སྔོན་གྱི་ཨུ་རུ་སུའི་སྲིད་གཞུང་རྙིང་པ་སོགས་ཀྱི་དབང་འཛིན་པའི་བྱེད་སྟངས་ཇི་བཞིན་ཡོང་དཀའ་ནའང་།ཁོ་ཚོའི་དབང་ཤུགས་གཅིག་བསྒྲིལ་གྱི་མཚན་རྟགས་བསྡུ་རུབ་བྱེད་པའི་ལུགས་སྲོལ་བཙན་པོ་ཞིག་ཡོད།
    དཔེར་མཚོན་ཙམ་ཞུས་ན་ས་གནས་ལས་ཐོག་པ་དང་དབུས་སློབ་གྲྭའི་སློབ་སྤྱི་གཉིས་ལྟ་གྲུབ་མ་མཐུན་པའི་རྐྱེན་གྱིས་དབུས་སློབ་སྤྱི་ས་གནས་ནས་ཕྱིར་འཕུད་གཏོང་དགོས་པའི་མཚན་རྟགས་ཉེར་གཅིག་ཐེངས་མ་གཉིས་སུ་བསྡུས་པ་དང་།
    བུད་མེད་ཚོགས་པའི་ཚོགས་གཙོ་པདྨོ་ལགས་དགའ་བོ་དང་ཐུག་འཕྲད་བྱས་པ་དེ་ས་གནས་གཞུང་མང་ཚོགས་ཆུང་གི་བཀའ་དང་འགལ་ལུགས་ཀྱིས་མཚན་རྟགས་བཅུ་གྲངས་ཤིག་བསྐྱོན་ཏེ་ཛ་དྲག་ཚོགས་པའི་དྲུང་ཆེ་དང་།བུད་མེད་ཚོགས་གཙོ་ནས་ཕྱིར་འཕུད་གཏོང་དགོས་པར་བཤད་པ་དང་།
    སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་གྱིས་རྒན་གསོ་ཁང་ཡར་རྒྱས་སུ་གཏོང་དགོས་པའི་སྐད་བརྒྱབ་པར་བརྟེན་མཚན་རྟགས་བཅོ་བརྒྱད་བསྡུས་ཏེ་ཕྱིར་འཕུད་གཏོང་དགོས་པའི་གཞུང་ལ་སྙན་ཞུ་བརྒྱབ་པ་དང་།
    རྨོག་རུ་བསྟན་པ་མི་མང་གིས་འོས་ཤོག་བརྒྱུད་ས་གནས་འཐུས་མིའི་འོས་མི་རྩེ་ཕུད་དུ་སོན་པར་མཚན་རྟགས་བཅོ་ལྔ་བསྡུས་ཏེ་རྨོག་རུ་བསྟན་པ་མོན་གྷོ་ས་གནས་ཀྱི་མི་ཁོངས་མིན་པར་བཤད་པ་དང་།
    ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་བླ་རྒན་ཞེས་པར་བསྙད་དེ་མདོ་སྨད་མི་མང་དང་ཀླུ་མཁར་བྱམས་ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་དགོས་པའི་ཁང་ཚན་ཁག་བཅུ་བདུན་གྱི་མཚན་རྟགས་བསྡུས་ཏེ་ཚོགས་སྡེ་ཁག་ལ་བཏང་བ་སོགས་རྒྱུན་སྲོལ་ཅན་གྱི་ལམ་ངན་འདི་ནི་དུས་རབས་བཅུ་ཙམ་ཞིག་ནས་བོད་ལ་དར་བའི་སྲོལ་རྒྱུན་མཁྲེགས་པོ་ཞིག་རེད་དམ།

    Reply
  2. རིགས་བཟང་། says:
    ལོ་ 15 སྔོན།

    རྨོངས་དད་ཀྱི་ས་ཞིང་སྟེང་འོན་ལྐུགས་ཀྱི་འབྲས་བུ་སྨིན་དྲགས་པ་ཡིན་ནམ།
    ད་དུང་བོད་པའི་སྤྱི་ཚོགས་ཁྲོད་འོན་ལྐུགས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཟིན་འདུག

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ད་ཡིན་ན་མི་འདི་དག་གིས་སྔར་བོད་རྒྱལ་ཁབ་བསྐྱལ་ཚར་བའི་མ་ཆོག་པར་ད་དུང་ཡང་བོད་དོན་བསྐྱལ་རྩིས་འཆིང་བཞིན་པས། ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་བར་ཤོག བོད་དོན་བསྐལ་བར་གནས་པའི་བཀྲ་ཤིས་སྩོལ།

    Reply
  4. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    ང་ཚོས་ངེས་པར་དུ་༧རྒྱལ་བའི་དགོངས་པ་མཐར་ཐུག་ལ་སློབ་སྦྱོང་བྱེད་དེ་བོད་མི་རིགས་འདི་རང་གི་རྐང་པའི་སྒང་ལ་ལངས་ཐབས་བྱེད་དགོས་པ་ལས་འགན་ཡོངས་རྫོགས་༧སྐྱབས་མགོན་རིན་པོ་ཆེ་སྟེང་ལ་གཡུགས་བཞག་ན་གཏན་ནས་མི་འགྲིགས།

    གསུམ་དུས་གསུང་འཕྲིན་ནང་”ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང༌། བོད་མི་ཡོངས་ཀྱིས་ཇི་སྲིད་ངོས་ལ་ཡིད་ཆེས་བློས་འགེལ་ཡོད་པ་དེ་སྲིད་དུ་ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུར་བརྟེན། རིམ་བཞིན་གནད་དོན་འདིའི་དགག་དགོས་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད།” ཅེས་དང་།

    སྤྱི་འཐུས་སུ་བརྩལ་བའི་གསུང་འཕྲིན་ནང་གསལ་དོན། ༼སྐབས་འདིར་ནན་བརྗོད་བྱ་རྒྱུ་ཞིག་ལ། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས།༽ ཞེས་གསུངས་འདུག་པས་ཚང་མས་བསམ་བློ་ཡག་པོ་བཏང་དགོས་ལ་གཞན་ཟེར་རྗེས་འབྲངས་དང་གཡམ་རྒྱུག་ནམ་ཡང་བྱེད་མི་རུང་།

    Reply
  5. JIGME says:
    ལོ་ 15 སྔོན།

    ༸གོངས་ས་སྐྱབས་དགོན་ཆེན་པོའི་སྐུ་ཚེ་རིང་བ་དང་དགོངས་དོན་ལྷུན་གྱི་གྲུབ་པ་ཤོག་་  ལྷག་བསམ་ཡིན་ཁུལ་གྱི་རྒྱ་བའི་བཀའ་ལ་དགགས་ཆ་བྱེད་མཁན་ཚང་མ་ཕམ་པར་ཤོག་ བཀའ་ཁྲི་གསར་པའི་མཛས་ཕྲིན་རྒྱས་པ་ཤོག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese