མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བར་ཁྱད་ལས་བྱུང་བའི་བར་ཁྱད་ཆེན་པོ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གི་ཆབ་སྲིད་ཀྱི་དབང་ལུང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་རྒྱུའི་བཀའ་རྩ་གསུང་འཕྲིན་དང་འབྲེལ་བའི་གྲོས་ཚོགས་ཀྱི་བགྲོ་གླེང་གི་ཟུར་འགའ་ཞིག་གི་མཐོང་སྣང་བརྗོད་པ།

ཨ་འབྲུག་དཀོན་མཆོག  

ཉེ་ཆར་འཛམ་གླིང་གི་མང་གཙོའི་གསར་བརྗེ་བཞི་བར་གྲགས་པའི་ཨ་རབ་རྒྱལ་ཁབ་ཁག་ནས་མཆེད་པའི་མང་གཙོ་རྩོད་ལེན་གྱི་ལས་འགུལ་ཆེན་པོ་དེས། འཛམ་གླིང་གི་མི་རྣམས་ལ་མང་གཙོའི་གོ་དོན་དང་རིན་ཐང་ལ་བསྐྱར་དུ་གདེང་འཇོག་ཐོབ་པའི་ལོ་རྒྱུས་ཀྱི་དཔང་རིས་ཤིག་བཤམས་སྟོན་བྱས་ཤིང༌། མང་གཙོའི་རིང་ལུགས་ནི་དམངས་ཀྱི་སྙིང་སྟོབས་དང༌། གསར་བརྗེའི་ཆོད་སེམས། རང་དབང་གི་རེ་འདུན་བཅས་ལ་བརྟེན་ཡོད་པ་གསལ་སྟོན་བྱས།

འཛམ་གླིང་གི་མང་གཙོའི་ལོ་རྒྱུས་དང་མ་འདྲ་བའི་སྐྱབས་བཅོལ་བོད་མིའི་མང་གཙོ་ནི་དབུ་ཁྲིད་ཀྱི་སྙིང་སྟོབས་དང༌། གསར་བརྗེའི་ཆོད་སེམས།  རིགས་དང་ཤེས་རིག་གི་མདུན་ལམ་ལ་རྒྱང་གཟིགས་ཁོ་ན་ལས་བྱུང་བས། ཚིག་གཞན་ཞིག་གིས་བརྗོད་ན་བོད་ཀྱི་མང་གཙོ་ནི་དབུ་ཁྲིད་ཀྱིས་མང་ཚོགས་ལ་རྩོད་ལེན་བྱས་ནས་བྱུང༌། 

འཛམ་གླིང་གི་མང་གཙོ་རྩོད་ལེན་གྱི་གསར་བརྗེའི་ནང་དབང་འཛིན་པས་དམངས་ཀྱི་འདུན་པ་བཙན་གནོན་དང༌། དམངས་ཀྱི་བསམ་ཚུལ་ལོག་འགྲེལ། དམངས་ཀྱི་འགུལ་སྐྱོད་འགོག་སྡོམ་བྱས་པ་ལས་མང་ཚོགས་དང་མང་ཚོགས་ཀྱི་སྐུ་ཚབ་ཀྱིས་མང་གཙོ་རིང་ལུགས་སུ་འགྲོ་བའི་དབུ་ཁྲིད་ཀྱི་འདུན་པ་བཙན་འགོག་དང༌། དགོངས་དོན་ལོག་འགྲེལ། མདུན་བསྐྱོད་ཀྱི་ལས་དོན་ལ་འགོག་རྒོལ་བྱེད་སྲོལ་བྱུང་ཡོད་དམ། 

ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མས་བོད་ཀྱི་ཆོས་སྲིད་ཀྱི་འགན་བཞེས་པ་ནས་བཟུང་བོད་ཀྱི་ལམ་ལུགས་སྤྱི་དང༌། ཡང་སྒོས་ཆབ་སྲིད་ཀྱི་ལམ་ལུགས་དེང་རབས་མང་གཙོའི་རིང་ལུགས་ཚད་ལྡན་དུ་གསར་བརྗེ་དང་བཅོས་བསྒྱུར་བྱེད་པའི་ཆོད་སེམས་བཟུང་ཞིང༌། དེ་འབྲེལ་གྱི་ལམ་སྟོན་དང་ཐག་གཅོད་སྣ་ཚོགས་བྱས་ཏེ། ད་ཆ་ཡོངས་སུ་བགྲེས་ཡོལ་ཕེབས་པའི་ཐག་གཅོད་ཀྱི་བཀའ་རྩ་ནན་བསྒྲགས་བྱས།

ཁོང་གི་དགོངས་པ་འདི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནད་དོན་ལ་གཏིང་ཟབ་པའི་ངོས་འཛིན་ལས་བྱུང་བས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྦྲགས་ཏེ་བཀའ་རྩ་ནན་བསྒྲགས་བྱས་ཤིང་། མང་གཙོའི་རིང་ལུགས་ཀྱི་སྤྱི་ཚོགས་ནང་འགྱུར་ལྡོག་དེ་ཡང་ཁྲིམས་ལུགས་ཀྱི་རྒྱབ་རྟེན་འོག་འགྲོ་དགོས་སྟབས། བོད་ཀྱི་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་ལ་ཁོང་གི་ཐག་གཅོད་འདི་དང་འབྲེལ་བའི་བྱེད་སྒོའི་བཀའ་ཡིག་བསྩལ། 

བཀའ་ཡིག་ནང་ྋགོང་ས་མཆོག་གིས་མཚན་གནས་རྗེས་འབྲེལ་གྱི་དབང་ལུང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་སྤྲོད་རྒྱུ་དེ་ཁོང་གིས་དགོས་པ་དང་དགོངས་གཞི་ཆེན་པོས་ཐག་གཅོད་བྱས་ཟིན་པ་ཞིག་ཡིན་པ་ཞིབ་གསལ་འཁོད་ཡོད་པ་ལས། ཁོང་གི་ཐག་གཅོད་འདི་འགྲིག་མིན་ནི་སྤྱི་འཐུས་ཚོའི་བགྲོ་གླེང་གི་བརྗོད་གཞི་མིན། 

འོན་ཀྱང་གྲོས་ཚོགས་ར་བའི་ནང་གི་གནད་དོན་འདིའི་ཐོག་བགྲོ་གླེང་བྱེད་ཕྱོགས་མང་པོ་ཞིག་ྋགོང་ས་མཆོག་གིས་དགོངས་ཕྱོགས་དང༌། ཐག་གཅོད་བྱེད་ཕྱོགས་འདི་འགྲིག་མིན་ལ་ཆེས་ཆེར་ཕྱོགས། ལྷག་པར་དུ་ཁོང་ཚོས་བཤད་ཕྱོགས་འགའ་ཞིག་ནི་ྋགོང་ས་མཆོག་གི་བཀའ་རྩ་གནང་བའི་དགོས་དོན་རྒྱང་ཐག་ཧ་ཅང་རིང་དུ་སོང་བའི་ཚོར་སྣང་དང་ངོས་འཛིན་གྲོས་ཚོགས་ར་བའི་ནང་དུ་ཡོད་པའི་འཐུས་མི་བྱེ་བྲག་པ་རེ་ལའང་བྱུང་ནས་གླེང་སློང་བྱས།

བགྲོ་གླེང་ནང་སྤྱི་འཐུས་མང་པོ་ཞིག་གིས་བོད་མང་གིས་ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་བཞེས་པའི་རེ་འདུན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང༌། མི་མང་གི་འཐུས་མིས་མི་མང་གི་མངོན་འདོད་ལ་བསྟུན་དགོས་པས། ང་ཚོས་དམངས་ཀྱི་རེ་འདུན་དེ་གཞི་ལ་བཞག་ནས་ཐག་གཅོད་འདི་ལྟ་བུ་གནང་ན་མི་འགྲིག་པའི་གསོལ་འདེབས་བྱེད་དགོས་པ་ཤུགས་ཆེན་པོས་བཤད་པ་མ་ཟད། སྤྱི་འཐུས་སྐོར་ཁག་ཅིག་གིས་གནད་དོན་འདིར་བགྲོ་གླེང་མ་གནང་གོང་ནས་བཤད་ཕྱོགས་འདི་གཅིག་གྱུར་གྱིས་ཐག་གཅོད་བྱས་འདུག

ྋགོང་ས་མཆོག་གིས་འདས་པའི་མི་ལོ་ལྔ་བཅུའི་རིང་མི་མང་གིས་གནད་དོན་འདི་ངོས་ལེན་བྱེད་ཐུབ་པའི་འབད་བརྩོན་གནང་བ་དང༌། ལྷག་པར་ད་ཐེངས་མི་མང་གི་རེ་འདུན་དང་ལེན་བྱེད་ཐབས་མ་བྱུང་བར་གསུངས་པས་དགོངས་པ་དང་ཐག་གཅོད་འདིའི་ངོ་བོ་ལ་སྤྱི་འཐུས་ཀྱི་ལྟ་ཕྱོགས་དང་ཁོང་གི་གཟིགས་ཕྱོགས་གཉིས་ཐ་དད་དུ་གྱུར། 

བགྲོ་གླེང་སྐབས་སྤྱི་འཐུས་མང་པོ་ཞིག་གིས་གོང་ས་མཆོག་དང་བོད་མི་མང་གཉིས་ཁ་བྲལ་དུ་འགྲོ་ཐབས་མེད་པ་དང༌། ྋགོང་ས་མཆོག་གིས་འགན་ཁུར་དང་འགོ་འཛིན་མེད་པའི་གཞུང་དང་སྒྲིག་འཛུགས་ཤིག་གནས་ཐབས་མེད་པ་དང༌། གཞུང་དང་སྒྲིག་འཛུགས་ལ་མི་མང་དང་གནས་ཡུལ་རྒྱལ་ཁབ་ཀྱི་རྒྱབ་རྟེན་ཤོར་ངེས་ཡིན་པར་བཤད།

ྋགོང་ས་མཆོག་གིས་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་མེད་པར་བསྡད་ན་རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཡིན་པར་གསུངས་པས་དགོངས་པ་དང་ཐག་གཅོད་འདིའི་མཇུག་འབྲས་ལ་སྤྱི་འཐུས་ཀྱི་ལྟ་ཕྱོགས་དང་ཁོང་གི་གཟིགས་ཕྱོགས་གཉིས་ཐ་དད་དུ་གྱུར།

འཐུས་མི་འགའ་ཞིག་གིས་ྋགོང་ས་མཆོག་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་ནས་བགྲེས་ཡོལ་དུ་ཕེབས་པའི་གསུང་འཕྲིན་འདི་ལས་འཕྲོས་པའི་བགྲོ་གླེང་གི་སྐབས་སུ། གནད་དོན་འདི་ནི་བོད་སེར་སྐྱ་མཆོག་དམན་ཚང་མར་ཕན་པ་སྤུ་ཙམ་མེད་པ་མ་ཟད། རྒྱ་ནག་གི་རྒྱལ་ཁ་ཞིག་ཡི་པར་བརྗོད། 

གསུང་འཕྲིན་དུ་མང་གཙོའི་ལམ་ལུགས་ལག་བསྟར་དང་དེ་འབྲེལ་གྱི་ཐག་གཅོད་དག་ནི་གཞན་གྱི་ལད་མོ་དང་མཛེས་ཆོས་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་ཕྲལ་ཕུགས་ཀྱི་བདེ་དོན་ལ་དམིགས་པར་གསུངས་པས། དགོངས་པ་དང་ཐག་གཅོད་འདིའི་ཁ་གཏོད་ས་ལ་སྤྱི་འཐུས་ཚོས་ལྟ་ཕྱོགས་དང་ཁོང་གི་གཟིགས་ཕྱོགས་གཉིས་ཐ་དད་དུ་གྱུར། 

འཐུས་མི་འགའ་ཞིག་གིས་ྋགོང་ས་མཆོག་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་གཙོ་འཛིན་དབུ་ཁྲིད་དུ་དུས་གཏན་དུ་བཞུགས་དགོས་པ་དང༌། ྋགོང་ས་མཆོག་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པའི་དགོངས་པ་བཞེས་དགོས་པའི་རྒྱུ་རྐྱེན་དག་གདོང་ལེན་བྱེད་པའི་ཁ་ཞེ་གཉིས་མེད་ཀྱི་དམ་བཅའ་བརྟན་པོ་ཡོད་པར་བརྗོད་པ་དང། ཁོང་གི་དགོངས་པ་ལྟར་བཞེས་པའི་རྒྱུ་རྐྱེན་ངོས་འཛིན་ཐད་བོད་མི་རྩོམ་པ་པོ་དང་ཆབ་སྲིད་པ་རེ་གཉིས་ཀྱི་བསམ་ཕྱོགས་དང་བཤད་ཕྱོགས་ཙམ་ཡིན་པར་ངོས་འཛིན་བྱས།

༸གོང་ས་མཆོག་གིས་ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱ་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པར་གསུངས་པས། དགོངས་པ་དང་ཐག་གཅོད་འདིའི་རྒྱུ་རྐྱེན་ཐད་སྤྱི་འཐུས་ཚོས་ལྟ་ཕྱོགས་དང་ཁོང་གི་གཟིགས་ཕྱོགས་གཉིས་ཐ་དད་དུ་གྱུར།

འཐུས་མི་འགའ་ཞིག་གིས་བོད་གཞུང་དགའ་ལྡན་ཕོ་ཕྲང་གི་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་དེ་བོད་དུ་བྱུང་བ་ཞིག་ཡིན་པས། གཞུང་འདིའི་མིང་ཚིག་ལ་སོགས་པར་འགྱུར་བ་བོད་ནང་དུ་གཏོང་དགོས་པ་ལས། རྒྱ་གར་སོགས་ཕྱི་ཡུལ་ནས་གཏོང་རྒྱུའི་དབང་ཆ་དང་འོས་བབ་མེད་པས། འཐུས་མི་ཞེ་གྲངས་ཤིག་གིས་དུས་ཡུན་ཐུང་ངུའི་ནང་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་གཏོང་མི་ཐུབ་པར་བརྗོད་ཅིང་། 

དེ་དང་འགྲོས་གཅིག་པ་ཞིག་ལ་འཐུས་མི་འགས་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་པའི་བོད་ཆོས་སྲིད་གཉིས་ལྡན་གྱི་དགའ་ལྡན་ཕོ་བྲང་བའི་གཞུང་མཚན་བྱང་དང་བཅས་པ་མེད་པར་བཟོ་བའི་དབང་ཚད་ཀྱིས་མི་འདང་བ་མ་ཟད། བཅའ་ཁྲིམས་སུ་འཁོད་པའི་རྒྱལ་བ་རིན་པོ་ཆེའི་དབང་ལུང་མེད་པར་བཟོ་བ་དེ་མང་ཚོགས་ཀྱི་བསམ་ཡུལ་ལས་འདས་པས། བཀའ་འདི་བཀའ་བརྩི་དང་ལེན་བྱེད་མི་ཐུབ་པར་ཚིག་ཐག་ཆོད་པོས་བཤད་རྒྱུ་མ་ཟད། གལ་ཏེ་ལས་དོན་འདི་ལྟ་བུ་བསྒྲུབ་པའི་འགོ་འཛུགས་བྱས་ན་སྤྱི་འཐུས་ཀྱི་ལས་གནས་ནས་དགོངས་ཞུ་བྱ་རྒྱུ་ཡིན་པར་བཤད།

གསུང་འཕྲིན་དུ་ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་པར་གསུངས་འདུག་པས། དགོངས་པ་དང་ཐག་གཅོད་འདི་ལྟར་བྱེད་པའི་ལོ་རྒྱུས་ཀྱི་འགན་དབང་ཐད་སྤྱི་འཐུས་ཚོའི་ལྟ་ཕྱོགས་དང་ཁོང་གི་གཟིགས་ཕྱོགས་གཉིས་ཐ་དད་དུ་གྱུར། 

འཐུས་མི་མང་པོ་ཞིག་གིས་༸གོང་ས་མཆོག་གིས་དགོངས་བཞེས་དང་ཐག་གཅོད་དེ་ལྟ་བུ་མི་གནང་བའི་སྐྱབས་འཇུག་གསོལ་འདེབས་བྱ་རྒྱུ་དང།  གསོལ་འདེབས་ཞུ་རྟེན་དུ་མང་མོས་འོས་བསྡུ་བྱ་རྒྱུའམ་ཡང་ན་དེ་ལྟར་དགོངས་བཞེས་དང་། ཐག་གཅོད་མི་གནང་བའི་དམངས་ཀྱི་འདུན་པ་གསལ་སྟོན་གྱི་ཆེད་དུ་མང་མོས་འོས་བསྡུ་བྱ་དགོས་པར་བཤད་པས། ཁོང་ཚོས་བསམ་ཕྱོགས་དང་ཐབས་ལམ་འདི་ཁོང་གི་དགོངས་བཞེས་དང་ཐག་དེ་ལྟར་མི་གནང་བའི་ཆེད་དུ་དམིགས་འདུག་པ་དང་།

གསུང་འཕྲིན་དུ་གལ་ཆེའི་གནད་དོན་འདི་ཉིན་འགྱངས་ཞག་འཕུལ་དུ་མ་བཞག་པར་ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་ཐོག་བཅའ་ཁྲིམས་གཙོ་བོར་གྱུར་པའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས་ངོས་ནས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་པར་བྱེད་དགོས་ཞེས་གསལ་བས། དགོངས་པ་དང་ཐག་གཅོད་འདི་དང་འབྲེལ་བའི་འཐུས་མི་ཚོའི་རེ་བ་དང་ཁོང་གི་ཐུགས་རེ་གཉིས་འདི་ལྟར་ཐ་དད་དུ་གྱུར།

ད་ཐེངས་གོང་ས་མཆོག་གི་བཀའ་ཡིག་དགོངས་དོན་དང་གྲོས་ཚོགས་ར་བའི་ནང་གི་བགྲོ་གླེང་གཉིས་ཕྱོགས་སྣེ་མང་པོ་ཞིག་ནས་ཐ་དད་དུ་གྱུར་ཞིང་། ༸གོང་མཆོག་གིས་ཐག་གཅོད་དེ་འདྲ་གནང་ན་མི་འགྲིག་པ་མ་ཟད། དགོངས་པ་དེ་འདྲ་ཡང་མི་བཞེས་པའི་གསོལ་འདེབས་བྱེད་ངེས་པའི་གྲོས་འཆར་བཏོན་པ་ནི་བསམ་བློ་གཏོང་ཕྱོགས་གང་འདྲ་ཡིན་མིན་ལ་མ་ལྟོས་པར། བྱེད་སྟངས་ཀྱི་ཆ་ནས་༸གོང་ས་མཆོག་ལ་ཁ་གཏད་བཅག་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. སྟག་ཕྲུག says:
    ལོ་ 15 སྔོན།

    དེ་ལྟར་༸གོང་ས་མཆོག་གི་དགོངས་གཞི་དང་སྤྱི་འཐུས་གང་མང་གི་བསམ་ཚུལ་ཐ་དད་དུ་གྱུར་པ་དེས་༸གོང་ས་མཆོག་གི་དགོངས་གཞི་ལམ་དུ་ལྷོང་རྒྱུར་བར་ཆད་བྱ་སྲིད། ངས་བྱས་ན་སྤྱི་འཐུས་རྣམས་ཀྱི་བསམ་ཚུལ་དེ་༸གོང་ས་མཆོག་གི་སྐྱབས་འོག་ཏུ་གནས་ཤིང་༸གོང་ས་མཆོག་ལ་གོང་བཀུར་གྱི་བསམ་པ་རྣམ་དག་ཅིག་དང་། དད་འདུན་གཙང་མ་ཞིག་ལས་བྱུང་བ་ཡིན་པར་འདོད། འོན་ཀྱང་ཆབ་སྲིད་ཀྱི་ལས་དོན་ནང་དུ་དད་འདུན་ལས་གནས་ལུགས་ཀྱི་ཕྱོགས་སུ་ཉེ་དགོས་པ་དེ་བོད་མི་མང་སྤྱི་འཐུས་གཙོ་བའི་རང་གཞན་ཚང་མས་སེམས་སུ་ངེས་རྒྱུ་གལ་ཆེའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese