མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གསོད་ལག་དམར་གྱི་ཉེས་འཛུགས་བྱས་ཀྱང་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp




བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་བསྟུན་ཏེ་བོད་ནང་གི་ས་གནས་མང་པོ་ཞིག་ལ་རྒྱ་གཞུང་གིས་དམ་དྲག་བྱེད་མགོ་བཙུགས་ཡོད་པ་མ་ཟད། ཨ་མདོ་རྔ་པ་ཁུལ་གྱི་དགོན་གྲོང་གཉིས་ཀར་དམ་དྲག་ཤུགས་ཆེན་དང་། རྒྱལ་གཅེས་སློབ་གསོ་ཞིག་མགོ་འཛུགས་བྱས་ཏེ། ཀིརྟི་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཚོར་སྐྱོན་བརྗོད་དང་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོ་ནས་རྔ་པའི་སྟོད་སྨད་བར་གསུམ་དུ་རྒྱ་ནག་གཞུང་གི་དམག་མི་ཕོན་ཆེན་བཏང་སྟེ་དམ་དྲག་སྔར་ནས་ཆེ་བ་བྱེད་མགོ་བཙུགས་ཡོད་འདུག་ལ། ལྷག་པར་དུ་ཕྱི་ཚེས་ ༢༠ ཉིན་རྫོང་དང་ཐག་ཉེ་རིང་གི་དགོན་གྲོང་ཡོངས་ལ་བཀའ་རྒྱ་བཏང་སྟེ། དགོན་པའི་ལས་སྣེ་ཁག་དང་སྡེ་དཔོན་རྣམས་ཀྱིས་འགན་ཁུར་ཏེ། སོ་སོའི་དགོན་པ་དང་སྡེ་བའི་ནང་མི་སུ་གཅིག་ལའང་ཤོག་སྦག་སྒྲོན་པ་དང་བསང་གཏོང་བ། རླུར་རྟ་གཏོར་སོགས་བྱེད་མི་ཆོག་སྐོར་བརྗོད་ཡོད་འདུག

ས་གནས་མང་ཚོགས་ཚོས་བརྗོད་ན། ཉིན་འདི་འགར་རྒྱ་གཞུང་གིས་དམ་དྲག་སྔར་ལས་ཆེ་བ་བྱེད་དོན། ཕྱི་ཚེས་ ༢༠ ཉིན་བཙལ་བྱོལ་མི་རྣམས་ཀྱིས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་འདེམས་བྱེད་ཀྱིན་ཡོད་པར་བོད་ནང་གི་བོད་མི་ཚོས་དགའ་བསུའི་རྣམ་འགྱུར་སྟོན་སྲིད་པའི་དོགས་གཞི་བྱས་པ་ཡིན་སྐོར་བཤད།   

ཕྱི་ཚེས་ ༢༠ ཉིན་ནས་རྔ་པ་ཀིརྟི་དགོན་དུ་སི་ཁྲན་ཞིང་ཆེན་དང་རྔ་པ་ཁུལ་གྱི་ལས་བྱེད་སྐོར་ཞིག་བསླེབས་ཡོད་པ་དང་། ཉིན་དེ་ནས་བཟུང་དགོན་པའི་དགེ་འདུན་པ་རྣམས་ཕྱི་ལ་འགྲོ་དགོས་ཚེ་འཛིན་གྲྭ་སོ་སོའི་སྐྱོར་དཔོན་གྱིས་འགན་ལེན་ཡིག་ཆ་དང་། དགེ་བསྐོས་གང་རུང་གི་འགན་ལེན་ཡིག་ཆ། དགོན་པའི་ནང་ལྟ་རྟོག་བྱེད་མཁན་རྒྱ་མིའི་ལས་བྱེད་ཀྱི་ཆོག་མཆན་བཅས་མེད་ན། གྲྭ་བ་སུ་གང་ཡང་ཕྱི་ལ་འགྲོ་སྐྱོད་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

 ཞིང་ཆེན་དང་ཁུལ་རྫོང་རིམ་པའི་ལས་བྱེད་དེ་དག་གི་སྣེ་ཁྲིད་འོག ཕྱི་ཚེས་ ༢༡ ཉིན་ནས་བཟུང་དགོན་པའི་དགེ་འདུན་པ་ཡོངས་ལ་སློབ་གསོའི་ལས་འགུལ་སྤེལ་མགོ་བརྩམས་ཡོད་པ་དང་། ལས་འགུལ་དེ་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ སྟེང་དངོས་སུ་མགོ་འཛུགས་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། དགེ་འདུན་པ་རྣམས་འཛོམས་མེད་སྟབས། རྒྱ་དཔོན་ཚོས་དགོན་པའི་ལས་སྣེ་ཚོར་བཙན་བཀའ་བཏང་སྟེ། གྲྭ་ཤག་རེ་རེ་བཞིན་ཉུལ་ཏེ་དགེ་འདུན་པ་རྣམས་འདུ་ཁང་རྡོ་ཅལ་དུ་འཛོམ་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། རྒྱ་དཔོན་སྐོར་ཞིག་ཀྱང་གྲྭ་ཤག་ཁག་ཏུ་འཛུལ་ཏེ་གྲྭ་བ་རྣམས་བཙན་ཤེད་ཀྱིས་ཁྲིད་ཡོང་ཡོད་འདུག

མཐར་ཆུ་ཚོད་ ༡༠ ཙམ་ལ་གཞི་ནས་དགེ་འདུན་པ་ཉིས་བརྒྱ་ལྷག་འཛོམས་ཏེ། རྒྱ་དཔོན་ཚོས་གཏམ་བཤད་མགོ་འཛུགས་བྱ་ཐུབ་ཙམ་བྱུང་ཡོད་འདུག ཉིན་དང་པོར་རྔ་པ་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་ཁུངས་ཀྱི་མགོ་གཙོས་ཚོགས་འདུ་གཙོ་སྐྱོང་དང་གཏམ་བཤད་མང་པོ་ཞིག་བྱས་ཡོད་འདུག་ལ། ནང་དོན་གཙོ་བོ་རྔ་པ་ཀིརྟི་དགོན་པ་གཞུང་སྒེར་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཡུལ་མིའི་བདེ་འཇགས། མི་རིགས་མཐུན་སྒྲིལ་དང་བརྟན་བརླིང་ལ་གཏོར་བརླག་སྔ་ཕྱིར་བཏང་སྟེ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ས་གནས་ཀྱི་ཡུལ་སྲོལ་ལ་བརྩི་འཇོག་མ་བྱས་ཚུལ་གྱི་ནག་ཉེས་མང་པོ་བགྲངས་ཏེ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཕུན་ཚོགས་མཆོག་གིས་སྐུ་ལུས་མེར་བསྲེག་གཏོང་སྐབས་རྒྱ་ལག་ནས་འཕྲོག་མཁན་ཚོར་མི་གསོད་ལག་དམར་གྱི་ཉེས་འཛུགས་ཀྱང་བྱས་ཡོད་འདུག་ལ། ད་དུང་ཀིརྟི་དགོན་པའི་ནང་གཟུགས་པོ་མེར་སྲེག་གཏོང་མཁན་གྱི་ཚོགས་པ་ཞིག་ཡོད་སྐོར་དང་། ཐེངས་འདིར་སྲིད་གཞུང་དང་དགོན་པ་མཉམ་འབྲེལ་ཐོག་ཚོགས་པ་དེ་རྩ་མེད་བཟོ་དགོས་ལུགས་ཀྱང་བརྗོད་ཡོད་འདུག  

ད་ཐེངས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་དེ་སྤེལ་མཁན་གྲས་སུ་གྲྭ་པ་ཚོས་ཤེས་ཚོད་ལྟར་ན། སི་ཁྲན་ཞིང་ཆེན་གྱི་སྲིད་ཁྲིམས་ཁང་གི་ལས་བྱེད་ཁག་ཅིག་དང་། རྔ་པ་རང་སྐྱོང་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་དང་ལས་བྱེད། དེ་བཞིན་རྔ་པ་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་ཁུངས་ཀྱི་མགོ་གཙོ་དང་ལས་བྱེད། རྔ་པ་རྫོང་གི་རྫོང་དཔོན་དང་འབྲེལ་ཡོད་ལས་བྱེད་བཅས་གྲུབ་པའི་ལས་དོན་རུ་ཁག་ཅིག་ཡིན་འདུག

སྤྱིར་ཐེངས་འདིའི་རྒྱལ་གཅེས་སློབ་གསོའི་བྱ་འགུལ་དེ་བོད་ནང་གི་ཞོགས་པའི་དུས་ཚོད་ ༨ ནས་ ༡༢ བར་དང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༦ བར་འཚོགས་རྒྱུའི་ལས་འཆར་བསྒྲིགས་ཡོད་ཀྱང་། ཉིན་དང་པོར་ཕེབས་མཁན་མ་བྱུང་སྟབས། ཕྱི་ཚེས་ ༢༢ ཉིན་གྲྭ་བ་གཅིག་ཀྱང་ཕྱི་ལ་འགྲོ་སྐྱོད་མི་ཆོག་པར་ནང་ནས་འདུག་དགོས་པ་དང་། ཉིན་དེར་རྒྱ་དཔོན་ཚོ་གྲྭ་ཤག་རེ་རེ་བཞིན་ཉུལ་ཏེ་གྲྭ་པ་ག་ཚོད་ཡོད་མེད་དང་། མིང་དང་ལོ་ཚོད་བཅས་ཐོ་འགོད་བྱས་ཏེ། ཉིན་རྒྱབ་ཆུ་ཚོད་ ༡ སྟེང་གྲྭ་བ་རྣམས་འདུ་ཁང་རྡོ་ཅལ་དུ་འཛོམ་དགོས་པའི་བཀའ་ཡང་བཏང་ཡོད་འདུག  

གནས་ཚུལ་མཁོ་གཏོང་བ། ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཡིན།

 




འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༤ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese