མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལེ་བྷེ་ཡ་རྒྱལ་ཚོཊ་དང་གདོང་ཐུག

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp
ལེ་བྷེ་ཡའི་སྲིད་དབང་སྒེར་གཅོད་གཞུང་གིས་མང་ཚོགས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དེར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་དམག་དཔུང་གིས་ཁ་གཏད་གཅོག་མགོ་བརྩམས་ཡོད།  
བདུན་ཕྲག་སྔོན་མའི་ནང་ལེ་བྷེ་ཡའི་མང་ཚོགས་ཞི་རྒོལ་བ་ཚོས་གྲོང་ཁྱེར་དང་ས་ཁུལ་ཁག་ཅིག་བཙན་བཟུང་བྱས་ཡོད་ཅིང་། ལེ་བྷེ་ཡའི་སྲིད་འཛིན་གྷ་ཌ་ཧྥེ་ Gaddafi ཡིས་དྲག་ཆས་དམག་དཔུང་བཏང་སྟེ།མང་ཚོགས་ལ་དྲག་གནོན་ཤུགས་ཆེན་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་མཐུན་ཚོགས་པ་སོགས་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་སྲིད་འཛིན་གྷ་ཌ་ཧྥེ་ལ་དྲག་གནོན་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་དང་། ཕྱོགས་ཡོངས་ནས་གནོད་ཤུགས་སྤྲད་ཡོད་ཀྱང་ངོས་ལེན་མ་བྱས་སྟབས།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་དམག་དཔུང་དང་། ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའམ་ཎ་ཊོ (NATO) དྲག་དམག་ལེ་བྷེ་ཡའི་ནང་གཏོང་མགོ་བརྩམས་ཡོད།
ལེ་བྷེ་ཡའི་གཞུང་དམག་གིས་མང་ཚོགས་ཀྱིས་བཙན་བཟུང་བྱས་པའི་ས་གནས་ལྟེ་བ་བྷན་གྷ་ཛེ་ Benghazi དང་ཊི་རེ་པོ་ལེ་ (Tripoli)།མཱེ་སི་རཱ་ཊ(Misrata) སོགས་སུ་དྲག་གནོན་བྱེད་ཀྱི་ཡོད་པ་དེར། རྒྱལ་ཚོགས་ཀྱི་བདེ་འཇགས་དམག་མི་དང་། ཎ་ཊོ་མཚོ་དམག་དང་མཁའ་དམགདྲག་ཆས་རྐང་དམག་བཅས་ཀྱིས་ལེ་བྷེ་ཡའི་གཞུང་དམག་ལ་འགོག་རྒོལ་བྱས་ཏེ། འདས་པའི་ཉིན་བཞིའི་རིང་ཕན་ཚུན་བར་ཛ་དྲག་གི་དམག་འཐབ་བྱས་ཡོད།
ས་གནས་དེའི་སྨན་པ་ཞིག་གིས་གསར་ཨེ་པེ(AP)གསར་འགོད་པར་བརྗོད་ན། ཐེངས་འདིའི་འཐབ་འཛིང་ཁྲོད་ཤི་རྨས་ཚབས་ཆེན་བྱུང་སྟེ། ད་ཆར་ང་ཚོའི་སྨན་ཁང་དུ་རྨས་མ་མང་དྲགས་ཏེ། གོ་སྒྲིག་དང་སྨན་བཅོས་བྱ་དཀའ་བའི་གནས་སུ་གྱུར་འདུག་ཟེར།
ལེ་བྷེ་ཡའི་སྲིད་དབང་སྒེར་འཛིན་པ་གྷ་ཌ་ཧྥེ་ཡིས་བརྙན་འཕྲིན་ཞིག་ཏུ་གཏམ་བཤད་ཐུང་ངུ་ཞིག་བྱས་པའི་ནང་།དྲག་གཅོད་པའི་བཙན་འཛུལ་ཇི་ལྟར་རྒོད་ཀྱང་ང་ལ་འཇིགས་ཞུམ་མེད་ལ། ང་ཚོས་དུས་ནམ་ཡང་མགོ་འདོག་ཀྱང་བྱ་མི་སྲིད། ཁ་ཆེ་མི་རིགས་ཀུན་ལས་རྒྱལ་བར་ཤོགཁ་ཆེ་དྲག་དམག་ཚང་མ་ངའི་ཕྱོགས་སུ་ལོངས་ཤོགམཐའ་མའི་རྒྱལ་ཁ་ང་ཚོའི་ཡིན། ཞེས་འུད་སྒྲོག་བྱས་ཡོད་འདུག  
ཐེངས་འདིར་ལེ་བྷེ་ཡའི་གཞུང་གི་དྲག་གནོན་ལ་ཁ་གཏད་གཅོག་གི་ཡོང་མཁན་རྒྱལ་ཚོགས་བདེ་འཇགས་དམག་དཔུང་དང་། ཎ་ཊོ་ཡི་དམག་དཔུང་གི་དམག་མི་མང་ཆེ་བ་དང་མཚོན་ཆའི་བརྒྱ་ཆ་༤༠ལྷག་ཨ་རིའི་ཡིན་ཞིང་།ཁྱོན་སྡོམ་ཨ་སྒོར་ས་ཡ་བརྒྱ་ལྷག་གི་འགྲོ་གྲོན་བཏང་ཡོད་སྟབས། ཨ་རིའི་མང་ཚོགས་ཁྲོད་དེ་ལ་ངོ་རྒོལ་བྱེད་མཁན་ཡང་བྱུང་ཡོད་འདུག  
རྒྱ་ནག་དང་ར་ཤི་ཡ་སོགས་ཀྱིས་ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་དམག་དཔུང་ལེ་བྷེ་ཡར་བཏང་བར་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད།ཕྱི་ཚེས་༡༨ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས། རྒྱ་ནག་གིས་ཐེངས་འདིར་རྒྱལ་ཚོགས་ཀྱི་དམག་དཔུང་ལེ་བྷེ་ཡའི་ནང་བཏང་བར་ངོ་རྒོལ་ཡོད།གནད་དོན་འདིར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གིས་མེ་ཏོག་བ་སྤྲུའི་ལས་འགུལ་(Jasmine revolution)གྱི་ཤུགས་རྐྱེན་དར་སྤེལ་གཏོང་རྒྱུར་དམིགས་ཡོད་པ་རེད། ཅེས་བརྗོད་ཡོད་པ་རེད།
གསར་འགོད་པ།བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 8

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    ཨ་རི་དང་ནུབ་ཕྱོགས་པ་སོགས་ཀྱིས་ཉམ་ཆུང་ལ་སྡིག་དམོད་དང་བཙན་རྒོལ་བྱེད་ཐུབ་པ་ཙམ་ལས་སྟོན་པ་ལས་སྟོབས་ཆེན་གྱི་རྒྱལ་ཁབ་རྒྱ་ནག་དང་བྱང་ཀོ་རི་ཡ་བཅས་ལ་ཅི་གང་བྱེད་མི་ཐུབ།
    དམར་པོའི་རིང་ལུགས་དང་སྲིད་དབང་སྒེར་སྤྱོད་གདུག་རྩུབ་ཅན་ལས་སོགས་ལ་བསྒྱུར་བཅོས་གཏོང་དགོས་དེ་ཚོར་གཏོང་དང་ལྟ་རྒྱུ་ཡོད་རེད།
    དེ་མིན་སྤོ་ཐུབ་ས་རྨོ།
    ཞེས་པ་རེད།
    གལ་ཏེ་དེ་ལྟར་སེམས་གཏིང་ནས་བྱེད་དགོས་ན་
    དང་པོ་ར་གསོད།
    དེ་ནས་ལུག་འདར་ཡོང་གི་རེད།
    ཁོང་ཚོས་ཉམ་ཆུང་དང་སྟོབས་ཆུང་གི་རྒྱལ་ཁབ་ཚོར་བྱེད་ཐུབ་ཙམ་ལས་མི་འདུག
    ཕོ་རང་གིས་མ་འཇོན་ན་རོགས་རིལ་མ་མགོ་ཡིས་སྐྱོབས་ལུགས་མེད་ཅིས་མི་བདེན།
    ད་ཨོ་བྷ་མའི་ཞི་བདེའི་གཟེངས་རྟགས་དེ་ཚུར་ལེན་རྒྱུ་ཡིན་ཅེས་བཤད་ཀྱི་འདུག

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ཨོ། ངས་བཤད་པ་དེ་ཨེ་ཟིལ་རལ་དུ་ཡིན།

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    འགད་རྫས་བཞག་ནས་མི་མང་བོ་ཞིག་རྨས་འདུག གཅིག་བསད་འདུག འདང་དགོང་མེ་ཤུགས་འཕུར་འདེལ་ཚུར་འཕངས་དེ་མི་ཁ་ཤས་ཤིག་རྨས་འདུག མི་གཅིག་དེ་ག་རང་དུ་བསད་འདུག

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ཉིན་ཁ་ཤས་ཤིག་གི་སྔོན་ནས་བྱུང་ཚར་འདུག དམག་འཐབ་གནམ་གྲུ་ཞིག་ཀྱང་སར་གཡུག་འདུག གནས་ཚུལ་ཁག་དུས་ཐོག་ཏུ་སྤེལ་ན་མ་རེད་དམ། གལ་སྲིད་དགོས་མཁོ་ཡོད་ན་ངས་དྲ་གནས་ཤིག་སྤྲོད་ཆོད། ཁྱོད་ཚོར་དེར་བལྟས་ཏེ་གསར་གནས་དེ་ཚོ་ཐད་ཀར་བོད་ཡིག་གིས་འདིར་ཞོགས། ཨེ་འགྲིག་གི

    Reply
  5. འཁྱམས་པོ། says:
    ལོ་ 15 སྔོན།

    དེ་འདྲའི་དགོད་བྲོ་བ་ཞིག འདིར་ཕྱི་རོལ་གསར་ལམ་འགའ་ན་རྒྱ་ནག་གིས་ཡོ་རོབ་དང་རྒྱལ་ཚོགས་ཀྱི་དམག་དཔུང་གིས་ལེབྷའི་མི་སེར་ལ་གནོད་པ་བྱེད་ཀྱིན་འདུག་དེར་ངོ་རྒོལ་ཡོད་ཞེས་ཤོད་གྱིན་འདུག་ཟེར། དགོད་བྲོ་བ་ལ་་་་རྒྱ་གཞུང་གིས་རང་གི་མི་མང་དང་བོད་མི་ཚོས་སྟེང་དྲག་གནོན་རྩུབ་སྤྱོད། དམར་གསོད་མནར་གཅོད་གཏོང་བཞིན་དེ་གཏིང་བརྗེད་དུ་གྱུར་འདུག ལྟོས་རྒྱ་རྫུན་དེ་ཚོ་སྐྱག་རྫུན་ཤོད་སྟངས་ཡང་ཤེས་མི་འདུག

    Reply
  6. མངའ་རིས་བུ། says:
    ལོ་ 15 སྔོན།

    གསར་འགོད་པ་བཎྡེ་སྐྱབས་ལགས་ཉིན་ཤས་སྔོན་ནས་ངས་དུས་བབ་ཚང་ལ་འབོད་བསྐུལ་ཞུས་པ་བཞིན་དེ་རིང་ཁྱེད་ནས་དུས་རབས་ཀྱི་འགྱུར་འགྲོས་གསར་པའི་གནས་ཚུལ་མང་པོ་ཞིག་དང་ད་ལྟའི་མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་གྱི་གསར་འགྱུར་གསར་པ་མང་པོ་ཞིག་བོད་ཡིག་ཐོག་བཀོད་གནང་བར་ངོ་མ་ཐུགས་རྗེ་ཆེ།
    དུས་བབ་རྒྱལ་གྱུར་ཅིག

    Reply
  7. རི་བོང། says:
    ལོ་ 15 སྔོན།

    སྔ་ཕྱི་མ་གཏོགས་རྒྱ་ནག་ལའང་འདི་འབྱུང་སྲིད་པ་དང་འབྱུང་དགོས་པ་རེད།

    Reply
  8. འཕྲིན་ལས says:
    ལོ་ 15 སྔོན།

    མིག་གིས་མཐོང་ཚད་ལ་སྐྱོན་བརྗོད་བྱེད་འདོད་པས་མིན་མོད། འོན་ཀྱང་གསར་འགྱུར་འདི་ནི་ཉིན་ལྔའི་སྔོན་གྱི་གསར་འགྱུར་ཞིག་རེད། འདི་འདྲ་ཡིན་ན། དུས་བབ་ཚང་ལ་ཡོང་ན་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese