མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་འདེབ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཕྱོགས་ཉི་ཟླ།

ཁ་སྔོན༸གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་བཞེས་རྒྱུ་ཡིན་ཞེས་སྤྱི་འཐུས་གྲོས་ཚོགས་གཙོས་པའི་བོད་ཕྱི་ནང་གཉིས་ཀ་ལ་བཀའ་གསལ་བོར་གསུངས་ཟིན་ཀྱང་སྤྱི་འཐུས་གྲོས་ཚོགས་སྐབས་མང་མོས་ཀྱིས་བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་བཏབ་པ་འདི་ཧ་ཅང་གི་གཟི་བརྗིད་ཆེ་བ་ཞིག་ཏུ་མཐོང་།

གང་ཡིན་ཞེ་ན། སྤྱིར་བོད་ཀྱི་ཁ་དཔེ་ལ། བླ་མའི་བཀའ་གསུངས་ཆོས་ཡིན་ཞེས་པའི་དཔེར་ཡོད་ཀྱང་ཐེངས་འདིར་དགོས་པ་དང་རྒྱུ་མཚན་ཆེ་བ་མཐོང་བ་མ་ཟད་ལོ་རྒྱུས་ཀྱི་ སྐྱོག་མཚམས་ཧ་ཅང་ཆེ་བ་ཞིག་ཡིན་སྟབས༸གོང་ས་མཆོག་གི་བཀའ་དབང་ཆ་ཚང་དགའ་དགའ་སྤྲོ་སྤྲོའི་ངང་ལེན་ཐབས་བྲལ་བས་བསྐྱར་དུ་ཞུ་གསོལ་རྒྱབ་པ་འདིས་རྒྱ་གུང་ཁྲན་ཏང་གིས་འཁྱོག་གཏམ་དེ་ཚོ་ཡང་བདེན་པ་མ་ཡིན་པའི་ར་སྤྲོད་གསལ་བོ་ཞིག་བྱུང་ཡོད།

བདག་གིས་སྤྱི་འཐུས་རེ་རེའི་གསུང་འཕྲིན་ཆ་ཚང་ཉན་པ་ཡིན། ཁ་ཞེ་གཉིས་མེད་ངང་མང་མོས་ཀྱིས་གསོལ་བ་ཕུར་ཚུགས་བསྐྱར་དུ་འདེབས་དགོས་ཞེས་གསུངས་བྱུང་བས་རང་ཉིད་ཡིན་ན་ཡང་འདི་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་དྲན་སོང་།

ཚེས་ ༡༩ ཉིན་བསྐྱར་དུ་སྤྱི་འཐུས་གྲོས་ཚོགས་སུ་གསུང་ལན་གསལ་བོར་གནང་སོང་བས་ཤར་སྐྱོད་ཀྱིས་བཀའ་དགོངས་གཙུག་ཏུ་བཞག་ནས་དམིགས་འདུན་གསར་བ་ཞིག་དང་ལམ་ཁ་གསར་བ་ཞིག མདུན་ལམ་གསར་བ་ཞིག་དང་གོམ་ཁ་གསར་བ་ཞིག་སྤོས་ནས་བོད་མི་རིགས་ཀྱི་རྩ་དོན་ཁོ་ནས་ཆེད་དུ་མ་གྲོས་བསམ་པ་གཅིག་མཐུན་གྱི་ངང་གྲོས་ཚོགས་སུ་ བཅའ་ཁྲིམས་བསྒྱུར་བཅོས་ཀྱི་མཚོན་པའི་བོད་མི་རིགས་ཀྱི་འཕྲལ་དང་ཕུགས་ཀྱི་བདེ་སྡུག་སོགས་ལ་བསམ་ཞིབ་ནན་མོའི་ངང་སྤྱི་འཐུས་མི་རེ་ངོ་རེ་ནས་རྣམ་དཔྱོད་རྩལ་དུ་བཏོན་ཏེ་མ་འོངས་བའི་གྲོས་ཆོད་དང་ད་ལྟའི་འབྱུང་འགྱུར་གྱི་བྱ་བཞག་ཁུར་དུ་བླངས་ནས་ཉིན་མཚན་ལྟོས་མེད་ངང་བོད་སྤྱི་བའི་དོན་དུ་དཀའ་ངལ་དང་དུ་བླངས་ནས་བཀའ་དགོངས་སོགས་ཀྱི་མཚོན་པའི་བྱ་བཞག་གང་ཡོད་ཚང་མ་གང་ཡོང་ཅི་ཡོང་བསྒྲུབ་བཞིན་པ་འདི་ནི་བཀའ་ཤག་དང་ཚོགས་གཙོ སྤྱི་འཐུས་རྣམ་པ་ཚང་མ་ལ་ཐུགས་རྗེ་བླ་མེད་ཞུ་བཞིན་ཡོད།

ཁ་ཤས་ཀྱིས་སྤྱི་འཐུས་གྲོས་ཚོགས་ནས་བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་བཏབ་པ་འདི་དད་པ་ཤུགས་དྲག་དང་སྒེར་དོན་སྦྲེལ་ལད་རེད་ཅེས་བའི་མ་འོས་པ་དང་སྐྱོན་འཛུགས་ཀྱི་བྱ་ངན་རིགས་བརྗོད་མཁན་དེ་ཚོ་ཧ་ཅང་བློ་ཕམ་དགོས་བའི་གནས་ཚུལ་ཞིག་རེད།

རྒྱལ་དབང་སྐུ་འཕྲེང་ལྔ་བ་ནས་བཟུང་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་བར་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡང་དག་པ་ཞིག་བྱས་ནས་བོད་མི་རིགས་ཀྱི་རྩ་དོན་ཁོ་ནར་དམིགས་ཏེ་བོད་ཀྱི་འགན་དབང་ཡོངས་རྫོགས་བཞེས་ཏེ། ད་བར་དུ་མི་མང་གི་མངོན་འདོད་ནང་བཞིན་འོས་འགན་ཆ་ཚང་བླངས་ཏེ་སྐུ་ངལ་དང་ལེན་བྱས་ནས། དེ་རིང་ཁ་སང་བཙན བྱོལ་བ་ནང་ནས་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཆགས་ཡོད་པ་འདི་ལྷག་པར་དུ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་ཉག་གཅིག་ལས་མ་འདས་སོ།

ཁ་སང༸གོང་ས་མཆོག་གི་གསུང་འཕྲིན་ནང་དུ་གསལ་བོར་གསུང་བ་ནི་བགྲེལ་ཡོལ་ཆ་ཚང་བཞེས་པ་འདི་ཁོང་བོད་དོན་ལ་སེམས་ཤུགས་ཆག་པ་དང་རེ་བ་ཆད་པ་སོགས་རྩ་བ་ཉིད་ནས་མིན་ཞེས་གསུངས་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་གི་སྟེང་ནས་ཆབ་སྲིད་བདག་དབང་ཕྱིར་བསྡུ་བྱས་ནས་མང་མོས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བའི་ལག་ཏུ་སྐུ་དབང་ཆ་ཚང་འབུལ་རྒྱུ་འདི་བོད་མི་རིགས་ཀྱི་རྩ་དོན་སོགས་ལ་ཕུགས་རྒྱང་རིང་བོའི་ལས་ཀ་ཞིག་ཡིན་པས་ཏན་ཏན་ཕན་ཐོགས་ཆེ་བ་མ་ཟད། མང་གཙོ་དང་བོད་དོན་ལ་ཕན་ཐོགས་ཆེ་ནས་ཆེ་རུ་འགྲོ་བས་བོད་གཞིས་བྱེས་གཉིས་ཀྱི་བསམ་ཤེས་ཡག་པོ་རེ བྱོས་དང་། ཁྱེད་ཚོ་བློས་བཏང་བ་ཞིག་གཏན་ནས་མ་ཡིན་གཏོང་ཡང་མི་ཤེས་པ་ཞིག་ཡིན་པས་ཚང་མའི་སེམས་འཚབ་ཁྱོན་ནས་བྱེད་མི་དགོས་སོ་ཞེས་བཀའ་ནན་གྱི་གསུངས་འདུག་པ་ཚང་མའི་མཁྱེན་གསལ་རེད། ༸གོང་ས་མཆོག་གིས་རྟག་པར་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་གསུངས་པ་ནང་བཞིན་རེད།

མཐའ་དོན་གཞུང་ཞབས་པ་ཚང་མས་བཀའ་དགོངས་ཤར་བསྐྱོད་ཀྱི་ཐོག༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་འདིར་དུས་ཚོད་དམ་འཛིན་ངང་གཞུང་གི་རྩ་ཁྲིམས་སོགས་ཚང་མ་དུས་རབས་ཉེར་གཅིག་གི་ཁ་ཕྱོགས་གསལ་བོར་མཚོན་པའི་ཐོག་འགྱུར་བ་གསར་བ་ཞིག་ཐོག་མདུན་ནས་མདུན་དུ་བསྐྱོད་ཐུབ་པའི་དགོངས་བཞེས་རྒྱ་ཆེ་ས་ནས་གནང་རོགས་ཞུ་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 12

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ལྷོ་ཕྱོགས་ཉི་ཟླ་ལགས། རྒྱལ་མཆོག་བཅུ་གསུམ་པའི་ལོ་རྒྱུས་དང་ཆུ་སྦྲེལ་ཞལ་གདམ་ཞིག་མཇལ་ཐུབ་ན་བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་བཏབ་པས་ཕན་མིན་རྟོགས་སླ་ངེས་ཡིན།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་འདེབས་པ་ནི་སྟབས་བདེའི་ཐབས་ལམ་ཙམ་ལས་རྒྱུ་མཚན་ཆེན་པོ་མེད། ང་ཚོས་༸གོང་ས་མཆོག་དོན་དམ་པའི་ཐམས་ཅད་མཁྱེན་པ་ཞིག་གི་སར་འཇོག་གི་ཡོད་ཚེ་འུ་ཅག་མི་ཕལ་བ་དག་གི་སེམས་ཚགས་དང་འཇིགས་སྣང་ནི་གླེན་རྟགས་ཙམ་ལས་མ་འདས། གོང་དུ་སྟབས་བདེའི་ཐབས་ལམ་འཚོལ་མཁན་གྱི་སྤྱི་འཐུས་རྣམས་ནི་གླེན་པའི་ནང་གི་སྤྱང་བོ་མགོ་བདེ་ཡང་རེད།

    Reply
  3. རིགས་བཟང་། says:
    ལོ་ 15 སྔོན།

    ལྷོ་ཕྱོགས་ཉི་ཟླ་མ་རེད་རྒྱ་ནག་གི་ཉི་ཟླ་དམར་པོ་རེད།
    གསོལ་བ་ཕུར་ཚུགས་སུ་བཏབ་ལས་ཅི་ཕན།
    ཅི་གསུང་དང་དུ་བླངས་ན་ད་གཟོད་ཡོངས་སུ་འགྲིག་པ་རེད།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས་བསམ་ཚུལ་གསུངས་བ་བཟང་། ༸གོང་ས་མཆོག་གིས་ཐུགས་ཐག་ཆོད་པོས་ངང་ནས་སྐུ་དབང་བསྡུ་ལེན་བྱེད་རྒྱུ་ཁས་བླངས་ཡོད་པ་བདེན་པ་རེད། འོན་ཀྱང་སྐུ་དབང་ཆ་ཚང་ལེན་ཐུབ་མཁན་གྱི་མི་ཞིག་དེང་ཐོག་དགོས་ཀྱང་ང་ཚོའི་བོད་པའི་ནང་ལ་དེ་ལྟར་ལེན་ཐུབ་མཁན་གྱི་མི་ཞིག་མེད་པ་གསལ་བོར་ཡིན་པས་ཕྱིར་གསོལ་བ་ཕུར་ཚུགས་སུ་མ་བཏབ་རང་བཏབ་ཆགས་ཡོད་པ་ཤེས་པར་བྱོས་ན་ལེགས།
    དཔེར་ན། ཕ་ཚབ་བུ་ཡིས་བྱེད་དགོས་བ་ཆོས་ཉིད་འདྲ་བོ་རེད། ཡིན་ཡང་གང་ཡང་མི་འཇོན་པའི་བུ་ཞིག་ལ་ཕ་ཚབ་བྱེད་དགོས་ཅེས་ཕ་ཡིས་ལབ་ན་བདག་གིས་དེ་ལྟར་འཇོན་ཐུབ་ཀྱི་མི་འདུག་ཅེས་ལབ་ན་གནས་ལུགས་དང་མཐུན་པ་ཞིག་རེད། དེ་ནང་བཞིན་རེད།

    གླང་དར་གྱི་བུ་རང་ཉིད་ཀྱི་མིག་ཚ་ན་རང་ལ་གནོད་པ་མ་གཏོགས་གཞན་སུ་ལ་ཡང་གནོད་ཀྱི་མེད་པ་གསལ་བོར་རེད། མིང་རྫིག་ན་ཡང་རང་ཉིད་ཀྱིས་དཔྱད་སྟོབས་ཀྱི་སྒོ་ནས་བཏགས་ཡ་མ་གཏོགས་ཁྱེད་འདྲ་བའི་ཕྱིན་པ་ཞིག་ཡང་མ་ཡིན་ཁྱེད་འདྲ་བའི་ལག་ནས་རྐུས་བ་ཞིག་དེ་བས་ག་ལ་ཡིན།

    Reply
  5. གླང་དར་གྱི་བུ། says:
    ལོ་ 15 སྔོན།

    ལྷོ་ཕྱོགས་ཉི་ཟླ་ཟེར་བའི་མི་འདིས། སོ་སོས་སོ་སོར་མིང་རྫིག་པོ་ཞིག་བཏགས་ཡོད་ཀྱང་། ལྗིད་ཁོག་རྒྱ་མ་ཕྱེད་ཀ་ལས་ཡོད་པ་མ་རེད། མ་འོངས་པ་བསམ་བློ་ཡག་པོ་བཏང་ནས་བྲིས་ལོ། གཞན་རང་གཞན་ཚང་མའི་དུས་ཚོད་འཕྲོ་བརླག་རང་རེད། དགོས་པ་གཙོ་བོར་རང་ཉིད་ཀྱི་བསམ་བློ་ལ་བཅིངས་འགྲོལ་ཐོབ་ཐབས་བྱེད་དགོས་གལ་ཆེ་མཐོང་།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པའི་རྒྱུ་མཚན་གང་ཡང་མ་མཐོང་ལགས། དེ་སྔ་བཀའ་སློབ་འཕེབས་མ་ཐག་ལག་བལྟར་མ་བྱས་པར་ཡར་བཞུགས་བྱས་པ་དེ་ནི་བཟང་སྤྱོད་དང་མཐུན་པའི་མོས་མཐུན་ཡོད། འོན་ཀྱང་སྐུ་དབང་ཡོངས་རྫོགས་མི་མང་གི་འོས་འདེམས་བྱས་པའི་བཀའ་སྤྱི་གཉིས་ཀྱི་ཕྱག་ཏུ་འཇོག་རྒྱུ་ཧ་ལམ་ཐུགས་ཐག་ཆོད་པ་ཞིག་བརྟེན་འབྱུང་གྱུར་གྱི་བཀའ་སྤྱི་གཉིས་ནས་གྲ་སྒྲིག་བྱས་དགོས་པ་དང་དེ་ཡང་བཙན་བྱོན་སྲིད་གཞུང་དེ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ངོས་ལེན་ཐུབ་པ་ཞིག་བཟོ་ཐུབ་པ་དགོས། དེ་ལྟར་བཟོ་མ་ཐུབ་ཚེ་བོད་པ་ཚང་ལ་དཀའ་ངལ་རྒྱུད་མར་ཡོངས་རྒྱུ་དང། དེ་བས་ཀྱང་ད་ཡོད་ཀྱི་ཕྱི་རྒྱལ་རྒྱལ་ཁབ་ཁག་གི་དོན་གཅོད་ཁག་ནི་བོད་བཙན་བྱོལ་སྲིད་གཞུང་གི་སྐུ་ཆབ་ངོ་མ་ཞིག་ཏུ་ངེས་ལེན་དགོས་པ་ཞིག་ཡིན། འོན་ཀྱང་ཉི་ཟླ་ལགས་དང་བསམ་ཚུལ་ཅུང་ཁ་ཁག་འདྲ་བོ་ཆགས་ཀྱང་དཔྱད་པ་གནང་རོགས།

    Reply
  7. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    དྲ་གྲོགས་བསྟན་འཛིན་ཚེ་འཚོ་ལགས་ཁྱེད་ཀྱིས་དགོངས་ཚུལ་བཏོན་པ་ཐུགས་རྗེ་ཆེ། ངེད་གཉིས་ཀྱི་བསམ་ཚུལ་མཐུན་པས་ཆོས་སྲིད་གང་ལ་བལྟས་ན་ཡང་བསྐྱར་དུ་གསོལ་བ་བཏབ་པ་འདི་དགོས་གལ་ཆེན་པོར་མཐོང་ཡོད།

    Reply
  8. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    གྲོགས་ལྷོ་ཕྱོགས་ཉི་ཟླ་ལགས། བློ་འཚབ་དང་དངངས་སྐྲག་གི་གནས་བབ་དེ་བསམ་བློའི་འཁྱེར་སྟངས་ཡིན་ལ། དད་འདུན་གྱི་འདུ་ཤེས་དང་གཞན་བརྟེན་གྱི་གཤིས་སྤྱོད་ཁོ་ན་ལས་ཅིང་མིན། དོན་དངོས་ཐོག་གྲོས་ཚོགས་ནས་གསོལ་འདེབས་སླར་ཡང་ཞུས་པ་དེ་ཆོས་ཕྱོགས་ཀྱི་འགྲོ་སྟངས་ཤིག་རེད་ལ། སྲིད་ཐོག་ནས་ཞུས་ན་ཆབ་སྲིད་ཀྱི་ལན་འདེབས་གསལ་བོ་ཞིག་ཀྱང་རེད། མདོ་དོན་འདི་ལྟར་གནང་བ་དེ་ངས་གོང་ནས་ཞུས་ཟིན་ལྟར་གཙོ་བོ་ཁ་གཏད་སའི་དགྲ་ལ་ལན་འདེབས་གལ་ཆེན་ཞིག་ཡིན།

    Reply
  9. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    དྲ་གྲོགས་བསྟན་འཛིན་ཚེ་འཚོ་ལགས་བསམ་ཚུལ་གསུངས་བ་དགའ་ནས་ཡོད། འདི་ཡང་ཆབ་སྲིད་ཀྱི་གནད་དོན་ཞིག་རེད་ལབ་པ་དེ་གང་རེད་དམ།
    ཁྱེད་དྲང་བདེན་གྱི་མི་བུ་ཞིག་ཡིན་པ་བདེན་ཅིང་ད་དུང་གནད་དོན་རྟོགས་མེད་པ་འདྲ། རྗེས་ནས་ཐུགས་བསམ་རེ་བཞེས་རྒྱུ་འདུག

    སྐྱ་རིད་ལགས་རང་ཉིད་ཀྱིས་འདོད་བློ་གསུངས་བ་བཟང་། འོན་ཀྱང་གྲོས་ཚོགས་ནས་བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་དགོས་གལ་ཆེ་བར་མཐོང་ཡོད།

    རྡོ་རྗེ་ལགས་རང་ངོ་མི་ཤེས་བའི་གཞན་ངོ་བསྲུང་མཁན་ཞིག་རེད་ཅེས། ཐེངས་མང་ལབ་ཚར་ཡིན། ཕེབས་པ་དགའ་ནས་ཡོད། བསམ་ཚུལ་ཡོད་ན་གསུང་ཆོག་ཆོག་ཡོད།

    Reply
  10. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ལྷོ་ཕྱོགས་ཉི་ཟླ་ལགས། དཔྱད་ཞིབ་དང་ཐུགས་རྒྱ་ཡངས་པོ་འདུག དོན་དངོས་ཐོག་ནས་ལྟ་ནའང་ལྟ་སྟངས་དང་བསམ་བློའི་འཁོར་རྒྱང་འདི་འདྲ་ཞིག་བྱས་ནས་ལྟ་དགོས་པ་འདུག ཁ་ཐུག་གི་ལྟ་སྟངས་ནས་ལྡོག་ཕྱོགས་ཀྱི་བསམ་བློ་ལེན་སྟངས་ཤེས་དགོས། འདི་ཡང་ཆབ་སྲིད་ཀྱི་གནད་ཞིག་རེད་སེམས། ངས་ཀྱང་འདི་ལྟ་བུ་ཞིག་རེད་ཞེས་ལྷ་ཆབ་ཀྱི་དཔྱད་བརྗོད་སྟེང་ལ་མཆན་ཐུང་ཞིག་བཏབ་པ་ཡིན།
    དྲ་གྲོགས་ཚོ་རང་ཉིད་ཀྱི་ལྟ་དཔྱོད་ཁོ་ན་བདེན་དགོས་པར་མ་བསམ་པར་ཀུ་ཡངས་དང་གླེང་ཕྱོགས། ལྟ་ཕྱོགས་གང་ཞིག་ཡོད་ཀྱང་གཙོ་བོ་ཁ་གཏད་སའི་དགྲ་དེའི་རྒྱབ་ལྗོངས་ནས་བསམ་བློ་བཏང་ནས་མཆན་དང་སྐད་ཆ་བཤད་ན་ལེགས། གྲོས་ཚོགས་ཀྱི་འཐུས་མི་ཚོ་ཡང་མཐའ་གཅིག་ཏུ་༸མགོན་པོ་གང་གི་བགྲེས་ཡོལ་ལ་འདོད་བློ་མེད་པ་ཞིག་མ་ཡིན་པར་གོ་བསྡུར་དང་ཁ་གཏད་སའི་དགྲ་ལ་ལན་འདེབས་ཚ་ཐག་ཞིག་ཡིན་པ་ཤེས་དགོས།

    Reply
  11. སྐྱ་རིད། says:
    ལོ་ 15 སྔོན།

    ངས་དེ་ལ་རྒྱབ་སྐྱོར་མེད། གང་ཡིན་ཞེ་ན། བདག་ཅག་རྣམས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་མགོན་རྒྱལ་བའི་དབང་པོ་ནི་ངེས་པ་དོན་གྱི་དབང་དུ་བྱས་ན་འཁོར་འདས་ཀྱི་ཆོས་ཀུན་མངོན་སུམ་དུ་གསལ་བར་མཁྱེན་པའི་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་ཡིན་ཀྱང་། ཐུན་མོང་གདུལ་བྱའི་སྣང་ངོར་སོ་སྐྱེ་ཐ་མ་པ་ཞིག་གི་ཚུལ་དུ་ཕེབས་པ་ཞིག་ཡིན་སྟབས། མགོན་པོ་ཁོང་གིས་མ་མཁྱེན་པ་ཞིག་དང་མ་དགོངས་པ་ཞིག་མེད་པས་ང་ཚོས་ནམ་ཡང་ཁོང་གི་བཀའ་ཅི་གསུངས་སྒྲུབ་དགོས་རྒྱུ་ནི་ང་ཚོས་གཡོལ་དུ་མི་རུང་པའི་འོས་འགན་ཞིག་ཡིན་པས་རེད། དེས་ན་ང་ཚོས་ངེས་པར་དུ་བཀའ་བཞིན་ཞུ་ན་འཕྲལ་ཡུན་ཀུན་ལ་དགེ་མཚན་ཆེ་ངེས་ཡིན།

    Reply
  12. རྡོ་རྗེ says:
    ལོ་ 15 སྔོན།

    མགོ་མཇུག་གཉིས་ཀ་མི་མཚུངས་བའི་རྩོིམ་འཁྱོག་འདི་འདྲ་ཞིག་བྲིས་བ་ཁྱོད་རང་དང་ཀློག་མཁན་གཉིས་ཀྱི་ཆུ་ཚོད་འཕྲོག་བརླག་ལས་ཕན་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese