མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གི་དུས་ཡུན་གཉིས་ཀྱི་གསལ་བཤད་མཐའ་མ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་གསུང་འཕྲིན་ཐོག་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་ལས་དོན་བྱེད་ཕྱོགས་དང་བསམ་བློ་གཏོང་ཕྱོགས། ལྟ་གྲུབ་འཛིན་ཕྱོགས། བགྲོ་གླེང་བྱེད་སྟངས་ཚང་མ་ད་དུང་ཕྲན་བུ་ཚད་མཐོ་བ་དང་། སྤུས་དག་པ་ཞིག་ཡོང་ན་བསམ་པའི་རེ་བ་ཤུགས་ཆེན་པོ་ཡོང་གི་འདུག དེ་འདྲའི་རེ་བ་ཡོད་པའི་ཚོར་སྣང་དེ་གྲོས་ཚོགས་དང་རྒྱ་ཆེའི་མང་ཚོགས་གཉིས་ཀར་སྙན་གསང་ཞུ་བཞིན་ཡོད། ཟེར།

ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཉིན་བཅུ་བའི་ཐོག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་བཀའ་ཤག་གི་གསལ་བཤད་མཐའ་མ་དེ་གནང་སོང་། སྐབས་དེར་བཀའ་ཁྲི་མཆོག་གིས་གསུངས་དོན། ཆེས་མཆོག་ཏུ་གུར་བར་འོས་པའི་ཚོགས་གཙོ་མཆོག ཕྱི་ལོ་ ༢༠༠༡ ལོའི་ཕྱི་ཟླ་ ༩ པའི་ཚེས་ ༢༤ ཉིན་བཀའ་ཤག་གིས་གྲོས་ཚོགས་ཀྱི་དཀྱིལ་འཁོར་འདིའི་ནང་སྐབས་བཅུ་གཉིས་པའི་གསལ་བཤད་ཐོག་མ་དེ་ཞུས་པ་ཡིན། སྐབས་དེར་ཆབ་སྲིད་དང་འཛིན་སྐྱོང་། བློན་ཆེན་ལས་ཁུངས་ཁག་གི་ལས་གཞི་བཅས་ཀྱི་ཐོག་དོན་ཚན་ ༥༥ ཡོད་པའི་བསམ་ཚུལ་རགས་བསྡུས་ཤིག་ཞུས་ཡོད། སྐབས་དེར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་དགྱེས་ཉམས་ཆེན་པོས་རྒྱབ་སྐྱོར་གནང་སོང་། འདས་པའི་ལོ་བཅུ་ལ་ཉེ་བའི་རིང་ཕྱིར་མིག་བལྟས་པ་ཡིན་ན། སྐབས་དེར་སྙན་གསང་ཞུས་པའི་བསམ་ཚུལ་དེ་དག་ལག་བསྟར་ཆེད་འབད་བརྩོན་མ་ཞུས་པར་ལྷག་པ་གཅིག་ཀྱང་བྱུང་མེད། འོན་ཀྱང་གྲུབ་འབྲས་ཐོན་པ་ཉུང་ཉུང་རེད། ཅེས་དང་།

 

བཀའ་ཁྲི་མཆོག་གིས་འདས་པའི་འདས་པའི་ལས་ཡུན་གཉིས་རིང་བཀའ་ཤག་གིས་སྤྱི་འཐུས་གྲོས་ཚོགས་ལ་འགན་འཁུར་ཕྱོགས་ཐད་གསུངས་དོན། སྔོན་མ་ང་རང་གྲོས་ཚོགས་ནང་ལོ་བཅུ་ལ་བསྡད་པ་རེད། སྐབས་དེའི་བསམ་ཚུལ་དག་ཁ་ཚུར་ལོག་པའི་བསམ་ཚུལ་ཞིག་རེད། འདས་པའི་ལོ་བཅུའི་རིང་གི་ཉམས་མྱོང་དང་བསམ་ཚུལ་དེ་ཁ་ཕར་ལོག་པའི་བསམ་ཚུལ་རེད། དེ་གཉིས་ལ་ཁྱད་པར་ཆེན་པོ་ཕྱིན་པའི་ཚོར་སྣང་བྱུང་སོང་། གྲོས་ཚོགས་ནང་ཡོད་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་འཁུར་དགོས་པ་དང་རྩིས་རྒྱག་དགོས་པ། དྲི་བར་ལན་འདེབས་སོགས་ཚད་དང་ལྡན་པ་ཞིག་དགོས་པ་དང་། གྲོས་ཚོགས་དེ་དམངས་གཙོའི་སྒྲིག་འཛུགས་ཀྱི་དབང་འཛིན་མཐར་ཐུག་དེ་ཡིན་སྟབས། འཛིན་སྐྱོང་གིས་གཙོས་པའི་དམངས་གཙོའི་སྒྲིག་འཛུགས་ཚང་མར་ལམ་སྟོན་དང་གྲོས་འདེབས། རྒྱབ་སྐྱོར་དང་གཞོགས་འདེགས། ཡོ་བསྲང་སྟངས་འཛིན་ནུས་པ་ལྡན་པ་ཞིག་གནང་དགོས་པ་རེད། ཅེས་དང་།

མུ་མཐུད་དུ་གསུངས་དོན། ལྟ་གྲུབ་ཀྱི་ཆ་ནས་དཔལ་འབྱོར་གྱི་གནས་བབ་ཡོངས་སུ་རྫོགས་པའི་སྟངས་འཛིན་དེ་གྲོས་ཚོགས་ཀྱི་ཕྱག་ཏུ་ངེས་པར་ཡོད་དགོས་པའི་ཚོར་སྣང་ཞིག་ཡོད། སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པའི་ལས་འཁུར་ཞུས་སྐབས། སྐབས་བཅུ་གཅིག་པ་ཕན་ཆད་ཀྱི་བཀའ་ཤག་དང་མི་འདྲ་བར་མང་ཚོགས་ཀྱིས་ཐད་ཀར་བཀའ་ལུང་ཡོད་པའི་བཀའ་བློན་ཁྲི་པ་དང་བཀའ་ཤག་ཅིག་ཆགས་པ་རེད། འོན་ཀྱང་དེ་འདྲ་ཡིན་མིན་ལ་མ་ལྟོས་པར། གྲོས་ཚོགས་ལ་འགན་འཁུར་ཞུ་ཕྱོགས་སྔོན་མ་བསམ་ཚུལ་ཡོད་པ་ལྟར། ཚད་ལྡན་གྱི་ལམ་སྲོལ་གཏོད་རྒྱུའི་རེ་བ་བརྒྱབ་སྟེ་ ༢༠༠༡ ལོའི་གསལ་བཤད་ཐོག་མའི་ནང་། གྲོས་ཚོགས་ལ་འགན་འཁུར་རྒྱུ་ཡིན། དྲི་བར་ལན་འདེབས་ཞུ་རྒྱུ་ཡིན། དེ་དག་ལ་འགྱུར་བ་གཅིག་ཀྱང་མེད་ཅེས་གསལ་བོར་ཞུས་པ་ཡིན། གྲོས་ཚོགས་ཚོགས་དུས་རེ་རེར་འཐུས་མི་མི་རེ་ངོ་རེ་ལ་ཆབ་སྲིད་དང་འཛིན་སྐྱོང་། འདས་པའི་ཟླ་སྒྲིལ་གྱི་གནས་སྟངས། འབྱུང་འགྱུར་གྱི་བྱེད་འཆར་ཚང་མར་བཀའ་ཤག་གིས་གྲོས་ཚོགས་ལ་གསལ་བཤད་ཞུ་རྒྱུར་འབད་བརྩོན་ཞུས་པ་ཡིན། ཡིན་ནའང་། བསམ་བློའི་ནང་མངོན་འདོད་ཡོད་པ་ལྟར་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་འབྲེལ་བ་དེ་སྔར་ལས་ལྷག་པའི་ཚད་མཐོ་བོ་ཞིག་དང་། ཕྱོགས་གཉིས་ཀར་རེ་བ་ཡོད་པའི་གྲུབ་འབྲས་ཤིག་འཐོན་མ་སོང་བསམ་ཡོད།

 

བཀའ་ཤག་གི་འདོད་པ་མ་ཁེངས་པ་དང་བློ་ཕམ་རིགས་གསུངས་དོན། བཀའ་ཤག་གི་གསལ་བཤད་ཁག་གི་ཐོག་ལ་གྲོས་ཚོགས་ནས་སྒྲུབ་ཕྱོགས་ཀྱི་ལམ་སྟོན་དང་གྲོས་འདེབས། ཡང་ན། སྐྱོན་བརྗོད་དང་ཡོ་བསྲང་འཐོབ་པའི་ཚབ་ལ་གྲོས་ཚོགས་ཀྱི་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་གཏོང་བའི་གཞི་རྩ་མ་གཏོགས། དགོས་པ་ཆེན་པོ་མེད་པའི་ཚོར་སྣང་ཞིག་བཀའ་ཤག་གི་བཀའ་བློན་ཚང་མར་བྱུང་སོང་། དེར་བརྟེན། སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་བར་གསལ་བཤད་རིམ་པར་ཞུས་ཡོད་ཀྱང་། གསུམ་པ་ནས་ད་བར་བཀའ་ཤག་གི་གསལ་བཤད་ཞུ་རྒྱུ་མཚམས་བཞག་པ་ཡིན། གསལ་བཤད་མ་ཞུས་པ་དེར་གྲོས་ཚོགས་ཀྱིས་ཅིག་ཆད་སོང་སྙམ་པའི་ཚོར་སྣང་ཡོད་པ་ཡང་མཐོང་མ་སོང་། ད་རེབ་སྐབས་བཅུ་གསུམ་པའི་བཀའ་ཤག་དང་སྐབས་བཅུ་བཞི་པའི་གྲོས་ཚོགས་གཉིས་ཀྱི་ལས་དོན་རྫོགས་ལ་ཉེ་སྟབས། བཀའ་ཤག་སྐབས་བཅུ་གསུམ་པའི་གསལ་བཤད་མཐའ་མ་དེ་ཞུ་རྒྱུའི་གོ་སྐབས་བླངས་པ་ཡིན། ཅེས་དང་།

བཀའ་ཤག་གིས་འབད་བརྩོན་ཇི་ལྟར་བྱས་ཀྱང་། སྤྱི་འཐུས་ཚང་མས་འཛིན་སྐྱོང་ཐོག་ཡིད་ཆེས་དང་འགན་འཁུར་ཆ་ཚང་ཞིག་འདོན་ཐུབ་མ་སོང་བསམ་པའི་བློ་ཕམ་ཕྲན་བུ་བཀའ་བློན་ཚང་མར་ཡོད། མཚམས་དང་སྐབས་རེ་ཟུང་ལ་སྤྱི་འཐུས་རེ་ཟུང་གིས་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་གྱི་ཡོད་པའི་མཐོང་སྣང་དེ་འདྲ་ཡང་བྱུང་། ཡིན་ནའང་སྤྱི་འཐུས་མང་ཆེ་བས་མངོན་པར་གསལ་བ་དང་། མངོན་པར་མི་གསལ་བ་ཅི་རིགས་ཀྱི་ལམ་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བ་ལ་བརྟེན་ཏེ། གྲོས་ཚོགས་ཀྱི་བཀའ་འཁྲོལ་དང་མཐུན་འགྱུར་དགོས་སའི་ལས་དོན་ཡོངས་རྫོགས་ལ་བཀའ་འཁྲོལ་དང་མཐུན་འགྱུར་ཐོབ་པ་བྱུང་སོང་། འདས་པའི་ལོ་བཅུའི་རིང་འཛིན་སྐྱོང་གི་བསམ་བློའི་ནང་བྱེད་འདོད་དང་བྱ་འཆར་ཡོད་པའི་ལས་དོན་སྣ་གཅིག་ཀྱང་གྲོས་ཚོགས་ཀྱི་བཀའ་འཁྲོལ་མ་ཐོབ་པར་ལག་བསྟར་བྱ་མ་ཐུབ་པ་གཅིག་ཀྱང་མེད། དེ་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་གཟི་བརྗིད་དང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས་སོང་།

 

ཁོང་གིས་༧གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་ཏེ། སྤྱི་འཐུས་ཚོའི་གནས་ཚད་སྐོར་གསུངས་དོན།༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་དགོངས་པ་རྒྱ་ཆེན་བཞེས་ཏེ། བོད་མིའི་ཆབ་སྲིད་དམངས་གཙོའི་ལམ་སྲོལ་ཐོག་བསྒྱུར་རྒྱུའི་ཆེད་འདས་པའི་ལོ་ལྔ་བཅུ་བརྒལ་བའི་རིང་ཐུགས་འདུན་དང་སྐུ་ངལ་བསྐྱོན་པའི་ཐད། ད་ཆར་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་རྒྱུའི་བཀའ་ནན་ཕེབས་བཞིན་པ་དང་། གྲོས་ཚོགས་ནང་བཀའ་བསྡུར་གནང་བཞིན་པའི་སྐབས་རེད། གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་ལས་དོན་བྱེད་ཕྱོགས་དང་བསམ་བློ་གཏོང་ཕྱོགས། ལྟ་གྲུབ་འཛིན་ཕྱོགས། བགྲོ་གླེང་བྱེད་སྟངས་ཚང་མ་ད་དུང་ཕྲན་བུ་ཚད་མཐོ་བ་དང་སྤུས་དག་པ་ཞིག་ཡོང་ན་བསམ་པའི་རེ་བ་ཤུགས་ཆེན་པོ་ཡོང་གི་འདུག དེ་འདྲའི་རེ་བ་ཡོད་པའི་ཚོར་སྣང་དེ་གྲོས་ཚོགས་དང་རྒྱ་ཆེའི་མང་ཚོགས་གཉིས་ཀར་སྙན་གསང་ཞུ་བཞིན་ཡོད།

མཐའ་དོན། བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་ཀྱི་དུས་ཡུན་རིང་འབུར་དུ་ཐོན་པའི་གྲུབ་འབྲས་འདི་ཡིན་ཟེར་བ་ཞུ་རྒྱུ་གཅིག་ཀྱང་མེད། འོན་ཀྱང་རྙོག་དྲ་ཆེན་པོ་དེ་འདྲ་ཡང་བྱུང་མེད་ལ། བཀའ་ཤག་ལས་ཡུན་གཉིས་ཀྱི་རིང་ལེགས་འགྲུབ་བྱུང་ཡོད་མེད་ལ་མ་ལྟོས་པར་སྲིད་ཇུས་དང་ལས་རིམ་གཏན་འབེབས་བྱས་པ། ལག་བསྟར་བྱས་པ་ཚང་མ་༸གོང་ས་མཆོག་གི་བཀའ་དགོངས་དང་མ་འགལ་བ་ཞིག་དང་། གནས་སྐབས་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་ཕུགས་རྒྱང་རིང་པའི་ཐོག་ནས་བོད་མི་རིགས་ལ་ཁེ་ཕན་ཡོད་པ་ཤ་སྟག་ཡིན་བསམ་པའི་ཡིད་ཆེས་ཡོད། དེར་བརྟེན། བློ་ཕམ་སྐྱེ་དགོས་པ་དང་འདི་འགྲིག་མ་སོང་བསམ་པའི་སེམས་ཁྲལ་དང་འགྱོད་པ་སྐྱེ་དགོས་པ་གཅིག་ཀྱང་མེད། ད་ལྟ་ལས་དོན་མཚམས་འཇོག་སྐབས་དགའ་སྤོབས་ངང་མཚམས་འཇོག་པའི་གནས་བབ་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡

མཆན། 8

  1. ཐིག says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལགས། རྒྱལ་ཁབ་ཀྱི་ཆབ་སྲིད་གླེང་སྟེག་སྟེང་གོ་ས་ཅི་ཡིན་ལ་མ་ལྟོས་པར། ཕན་ཚུན་སྐྱོན་བརྗོད་དང་བགྲོ་གླེང་བྱེད་པ་ནི་ཡར་རྒྱས་ཀྱི་ཐབས་ལམ་ཞིག་ཡིན་པས། འདས་པའི་བྱུང་བ་ལ་དེ་ལྟར་འཁང་ར་དང་འཁོན་འཛིན་བྱེད་མི་རིགས་སྙམ།

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ((གཞི་མེད་སྒེར་འཁོན་རྩ་འཛུགས))
    གཞི་མེད་སྒེར་འཁོན་རྩ་འཛུགས་རྩ་གཏོར་གཏོང་མ་ཐུབ་པའི་དུས་ཡུན་ཐུང་ཐུང་ནང་། འཇིགས་བྲལ་ཅན་གྱིས། རྒྱལ་བའི་གསུང་འཕྲིན་གྱི་དར་ཆའི་འོག་ནས་རྒོལ་གཤོམ་བྱེད་བཞིན་པ་ནི། བཀའ་ཁྲི་མཆོག་ལ་ཆོ་མེད་ཟུར་ཟ་དང་གཞི་མེད་སྡང་ཟུག་སྟོན་སྟོན་པ་འདི་དག་རེད་ལ། ཤོག་ཁག་དེས་སྒུགས་ལོང་ཁོམ་ལོང་མེད་པར། རྐང་བརྡབ་ལག་བརྡབ་ཀྱིས། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ག་དུས་འགྱུར་བ་གཏོང་གི་རེད་ཟེར་བའི་ཚ་གི་ཚི་གི་བྱེད་མུས་པ་འདི་དག་གནད་དོན་གཅིག་རེད། དྲ་འགྲོགས་གྲོགས་པོ་རྣམ་པ། ང་ཚོས་འདི་གཅིག་པུའི་ཐོག་ནས་མཐོང་ཐུབ་པ་ནི། ཕ་རོལ་པོའི་རེ་སྒུགས་ཁྲོད་ཀྱི་དམིགས་ཡུལ་གཙོ་བོ་དང་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ། ཞེས་པའི་བཀའ་སྤྱིའི་བདེ་འཇགས་གླེང་ཁ་སྒུལ་སྐྱོད་ཀྱི་མི་རྒྱུ་དུས་གསུམ་གྱི་བརྡབ་གསིག་ཆག་སྒོ་དེ་དྲན་གསོ་བྱེད་ཀྱིན་པ་དེ་དག་ཡིན། མ་རེད་པས་་་་ཨ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཡང་ཁོང་ཚོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  3. ཉི་ཟླ་སྐར་གསུམ། says:
    ལོ་ 15 སྔོན།

    ཁྱེད་ནི་བོད་གངས་ཅན་པ་ཉམས་ཐག་པའི་སྐབས་སུ་། གངས་ཅན་པ་སེར་སྐྱ་ཀུན་གྱི་ནང་ནས་། ཆོས་དང་སྲིད་གཉིས་ག་ལ་མཁས་པའི་མཁས་དབང་དང་། གནའ་དེང་གཉིས་ལ་མཁས་པའི་མཁས་དབང་། དྲང་ཚུགས་ལྡན་ཞིང་བློ་སྟོབས་ཆེ་ལ་ཐབས་བྱུས་མཁས་པའི་སྤྱི་དོན་ཁོ་ན་སྒྲུབ་མཁན་གྱི་དཔའ་བོ་བླ་ན་མེད་པ་དེ་ཁྱེད་ཡིན་།།
    ངས་དུས་ནམ་ཡིན་ལ་ཁྱེད་ལ་རྗེས་ཡི་རང་དང་བསྔགས་བརྗོད་ནི་ངའི་མི་ཚེ་མ་རྫོགས་བར་དུ་བྱེད་ངེས་ཡིན་། ཁྱེད་སྐུ་ཚེ་རིང་།།

    Reply
  4. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    བློ་གྲོས་ཀྱི་སྐྱེད་ཚལ་ཡངས་མོ་ན༎
    བཟང་པོ་ཡི་ཡོན་ཏན་རྟ་ལྗངས་ཤར༎
    བསྟན་སྲིད་ཀྱི་ཞབས་འདེགས་འོད་སྟོང་གིས༎
    འཛིན་མ་ཡི་ཁྱོན་འདིའི་མུན་པ་གསལ༎

    རྒྱུ་སྐར་ཁྲོད་ན་མཚན་མོའི་ནོར་བུ་གསལ༎
    རི་དྭགས་དཀྱིལ་ན་གདོང་ལྔའི་གད་རྒྱངས་བརྗིད༎
    མེ་ཏོག་དབུས་ན་ཆུ་སྐྱེས་འདབ་མ་ཡངས༎
    མི་རྗེའི་མདུན་ན་ཟམ་གདོང་བླ་མ་རྒྱལ༎
    ཅེས་བཀྲིན་རྗེས་དྲན་དང་གུས་བཀུར་གྱིས་མཛེས་པར་བརྒྱན་ཏེ་བསྟོད་པའི་མེ་ཏོག་ཕུལ༎

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལོ་བཅུའི་བཀའ་ཁྲི་ནི།
    བློ་གྲོས་བཟང་བས་ལོ་བཅུ་བསྐྱངས། །
    བཟང་པོའི་ས་མཐའ་མཐའ་རུ་བསྐྱལད། །
    བསྟན་སྲིད་སྐྱོང་ལ་ཁྱེད་འདྲ་ཉུང་། །
    འཛིན་མའི་ཁྱོན་དུ་སྙན་གྲགས་རྒྱས། །
    སྐུ་ཚེ་ཡུན་བརྟན་མཛད་འཕྲིན་དར་རྒྱས་ཤོག །

    Reply
  6. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    མི་རྗེ་བཀའ་ཁྲི་ཁྱེད་ཀྱི་མཛད་རྗེས་ཁྲོད་སྔ་བར་ཕྱི་གསུམ་དུ་བོད་ཀྱི་ཆབ་དཔལ་རིག་གསུམ་དང་ལས་དོན་ཆེ་འབྲིང་ཆུང་གསུམ་ཚང་མར་བཀའ་དྲིན་རྗེས་དྲན་ནམ་བྱེད་རྒྱུ་ཡིན། ཁྱེད་ནི་ཆེས་ཉག་ཕྲ་བའི་བོད་ཀྱི་ལས་དབང་འདིར་ཀོ་བ་སྲབ་སའི་བུག་མ་བཅུག་པ་དང་སྐུད་པ་ཕྲ་སའི་ཆད་མི་བཅུག་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། ཁྱེད་སྐུ་ཁམས་བཟང་བ་དང་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པའི་རེ་སྨོན་བྱེད་ཀྱི་ཡིན།

    བློ་གྲོས་བུམ་བཟང་བསླབ་གསུམ་ནོར་གྱིས་སྤུད། །
    བཟང་པོའི་ཐབས་ཇུས་གོ་ལའི་ཁྱོན་ན་བརྗིད། །
    བསྟན་སྲིད་སྐྱོང་བའི་མཁས་མཛངས་བླ་ན་མཐོ། །
    འཛིན་མའི་ཁྱོན་དུ་ལྷན་མཆོག་ནམ་ཡང་བརྟན། །

    Reply
  7. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    ཁྱེད་ནི་ངོ་མ་དོན་གྱི་བདག་པོ་འདྲ་བོ་ཞིག་ཡིན། རྒྱབ་སྐྱོར་དང་དགའ་བསུ་མུ་མཐུད་དུ་ཞུ་བཞུན་ཡོད།

    Reply
  8. ཤག་སྒང་པ། says:
    ལོ་ 15 སྔོན།

    ཆེས་བཀུར་བར་འོས་པའི་བཀའ་ཁྲི་མཁས་དབང་ཟམ་གདོང་མཆོག་རྒྱལ་འགྱུར་ཅིག ཁྱེད་རང་མེད་ན༌༌༌༌༌༌༌༌༌༌༌༌༌༌༌

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese