མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ཚོགས་དང་ནད་པ་གཉིས་ཀས་འགན་འཁུར་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་ཌེ་བྷེ་ནད་པའི་ཁ་གྲངས་ཉིས་སྟོང་མན་ཡིན་པ་དང་།  ན་ཚ་ཅན་ལོ་གཞོན་པ་མང་ཤོས་བོད་ནས་ཚུར་ཕེབས་ཏེ་གདན་ས་ཁག་དང་སློབ་གྲྭ་ཁག་ནང་སྡོད་མཁན་གྲས་ཡིན་འདུག

བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་། ཨི་ཊ་ལི་རོགས་ཚོགས་༼AISPO༽གསུམ་མཉམ་འབྲེལ་ཐོག  ཟླ་འདིའི་ཕྱི་ཚེས་ ༡༤ ནས་བཟུང་སྤོ་ལོ་རྩེད་འགྲན་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཊེ་བྷེ་ན་ཚ་སྔོན་འགོག་དང་མི་མང་ལ་གོ་རྟོགས་སྤེལ་བའི་བྱ་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༢༤ སྟེ་འཛམ་གླིང་ཌེ་བྷེ་ཉིན་མོ་བསྟུན་ཏེ། གངས་སྐྱིད་སྤོ་ལོ་རྩེད་ཐང་དུ་སྐུ་སྒེར་རུ་ཁག་དང་བདེ་སྲུང་རུ་ཁག་བར་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱས་ཏེ། མཇུག་བསྡུའི་མཛད་སྒོའི་སྟེང་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས།  ཨི་ཊ་ལི་རོགས་ཚོགས་ཀྱི་ཚོགས་གཙོ་སཱ་ཌོ་ཧྥོ་བྷེ་ཡ་ལགས་གཙོས་པའི་རྩེད་འགྲན་པ་དང་།  མང་ཚོགས་བརྒྱ་གྲངས་ཙམ་མཉམ་ཞུགས་བྱས་ཏེ་འཛམ་གླིང་ཊེ་བྷེ་ཉིན་མོ་སྲུང་གཙི་བྱས་སོང་། 

བྱ་འགུལ་མཇུག་བསྡུའི་རྩེད་འགྲན་གྱི་ཐོག་མར་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུངས་དོན། དེ་རིང་གི་ཉིན་མོ་འདི་ནི་འཛམ་གླིང་ཊེ་བྷེ་ཉིན་མོ་ཆགས་ཡོད་པས།  ང་ཚོ་བོད་པའི་སྤྱི་ཚོགས་ལ་མཚོན་ན་ཡང་ཉིན་མོ་འདི་སྲུང་གཙི་བྱ་རྒྱུ་གནད་འགག་ཆེན་པོ་རེད། ༡༩༥༩ ལོ་ནས་བཟུང་ད་ལྟའི་བར་ཊེ་བྷེ་ན་ཚས་ང་ཚོའི་སྤྱི་ཚོགས་འདི་གློད་མྱོང་ཡོད་པ་མ་རེད།  རྩ་བའི་ཆ་ནས་དུས་རབས་ཉི་ཤུའི་ལོ་རབས་ ༦༠ དང་ ༧༠ སྐབས་དང་བསྡུར་ན་རྒྱལ་ཁ་ཆེན་པོ་ཐོབ་ཡོད། སྐབས་དེར་བོད་མིའི་རྩ་འབོར་གྱི་བརྒྱ་ཆ་ ༣༠ ཡས་མས་ཊེ་བྷེ་ནད་པ་ཡིན། ད་ཆར་ཊེ་བྷེ་ན་ཚ་ཅན་མང་ཤོས་དེ་གཞོན་སྐྱེས་ཆགས་འདུག་ལ། སྨན་བཅོས་ཀྱི་ནུས་བ་ཐོན་དཀའ་བའི་ཊེ་བྷེ་ན་ཚ་རིགས་མང་དུ་འགྲོ་བཞིན་འདུག ཅེས་གསུངས་སོང་།   

 

འདི་གའི་གསར་འགོད་པས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཊེ་བྷེ་ནད་ཚ་སྔོན་འགོག་ཐོག་ཐབས་ཤེས་གང་འདྲ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། སྔོན་མ་ནས་གཞིས་ཆགས་ཁག་ལ་འཕྲོད་བསྟེན་ལས་ཁུངས་ཀྱིས་ལྟ་རྟོག་དང་།  ཧི་མ་ཅལ་མངའ་ཁོངས་དང་ཁ་འཐོར་རྣམས་ལ་བདེ་ལེགས་སྨན་ཁང་གིས་ལྟ་རྟོག་བྱ་རྒྱུ་ལས་བགོ་བྱས་ཡོད། ༢༠༠༨ ལོ་ནས་བཟུང་ཨེ་ཊ་ལིའི་༼AISPO༽རོགས་ཚོགས་དང་འབྲེལ་བ་བྱས་ཏེ།  ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་བཅས་མཉམ་རུབ་ཐོག  ཟླ་རེར་འཆར་ཅན་གྱིས་ས་གནས་གཞིས་ཆགས་ཁག་ཚང་མར་སྐོར་སྐྱོད་བྱས་ཏེ་སྨན་པ་དང་ནད་པ།  མི་མང་བཅས་ལ་གོ་རྟོགས་སྤེལ་བ་དང་།  འཕྲོད་བསྟེན་ལས་ཁུངས་ནང་ཊེ་བྷེ་ན་ཚའི་སྡེ་ཁག་ཆེད་འཛུགས་བྱས་ཡོད། སྨན་པ་དང་སྨན་གཡོག་ལ་ཟབ་སྦྱོང་ལམ་སྟོན་གནང་སྟེ་ས་གནས་སྨན་ཁང་ ༤༣ ནང་ཊེ་བྷེ་ན་ཚའི་སྡེ་ཚན་བཙུགས་ཡོད་ལ། ཟླ་རེའི་གཟའ་པ་སངས་དང་པོའི་ཉིན་ནད་པའི་མིང་ཐོ་རྣམས་འཕྲོད་བསྟེན་ལས་ཁུངས་ལ་གཏོང་བཞིན་ཡོད།  དེ་མིན་ཐད་ཀའི་ལྟ་རྟོག་འོག་སྨན་སྦྱོར་ཞེས་པའི་རྩ་འཛུགས་བཙུགས་ཏེ། ཊེ་བྷེ་རིམ་པ་གཉིས་པ་དང་གསུམ་པའི་ནད་པ་རྣམས་ལ་སྨན་བཅོས་བྱེད་བཞིན་ཡོད། ཅེས་བརྗོད་སོང་།  

 

ཡང་ཁོང་ལ་ད་ལྟ་བཙན་བྱོལ་ནང་ཊེ་བྷེ་ནད་པ་ག་ཚོད་ཡོད་མེད་དང་། ན་ཚ་དེ་ཇི་ལྟར་འགོས་ཁྱབ་འགྲོ་བཞིན་ཡོད་མེད་དྲིས་སྐབས། ༢༠༡༠ ལོའི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ནང་ཊེ་བྷེ་ནད་པ་ཆིག་སྟོང་འོག་རེད། ད་ལྟ་ཧོན་སོར་སྨན་ཁང་ནང་ནད་པ་མེད་པར་ཊེ་བྷེ་སྨན་གསོ་ཁང་སྒོ་བརྒྱག་བརྒྱབ་ཡོད།  སྦེལ་ཀོབ་སྨན་ཁང་དུ་ཡང་ནད་པ་ཞེ་དྲག་ཉུང་དུ་སོང་ཡོད། དེ་ལྟར་ས་གནས་སྨན་ཁང་ཚང་མའི་ནང་ཊེ་བྷེ་ནད་པ་ཇེ་ཉུང་དུ་འགྲོ་བཞིན་འདུག བདེ་ལེགས་སྨན་ཁང་ནང་ཊེ་བྷེ་ནད་པ་ཅུང་མང་པོ་ཡོད། དེ་ནི་ཊེ་བྷེ་རིམ་པ་གཉིས་པ་དང་གསུམ་པ་ཅན་མང་པོ་ཞིག་འདི་གར་སྨན་བཅོས་བྱེད་དུ་ཡོང་གི་ཡོད་པ་རེད། དེ་དག་ཁྲོད་ལོ་གཞོན་མང་ཆེ་བ་བོད་ནས་ཕེབས་ཏེ་གདན་ས་ཁག་དང་སློབ་གྲྭ་ཁག་ནང་སྡོད་མཁན་གྲས་རེད། བཙན་བྱོལ་ནང་སྐྱེས་མཁན་ཚོར་ཆུང་དུས་ནས་སྔོན་འགོག་གི་ཁབ་བརྒྱབ་ཡོད་སྟབས། ལོ་ ༡༨ བར་སྔོན་འགོག་ཐུབ་ཀྱི་ཡོད་པས་ཊེ་བྷེ་ན་ཚ་ཅན་ཉུང་ཉུང་རེད།  ད་ཆར་ཚོད་དཔག་བྱས་ན་ཁྱོན་བསྡོམས་ཊེ་བྷེ་ནད་པ་ ༢༠༠༠ མ་ཟིན་ཙམ་ཡིན་རྒྱུ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་ན་ཚ་དེའི་ཁྱབ་སྟངས་སྐོར་ལ། ན་ཚ་དེ་གཙོ་བོ་གློ་ལི་རྒྱག་པ་དང་ཁ་རླངས་བརྒྱུད་ནས་འགོས་ཁྱབ་ཏུ་འགྲོ་བཞིན་འདུག ང་ཚོའི་སྤྱི་ཚོགས་ནང་ཊེ་བྷེ་ན་ཚའི་ཉེན་ཚབས་ཧ་གི་ཡི་མེད་པ་དེ་ཉེན་ཁ་ཆེན་པོ་ཞིག་རེད།  ན་ཚ་མ་བྱུང་གོང་ནས་སྔོན་འགོག་གི་ཐབས་ལམ་བསྟེན་ཏེ།  ཚ་བ་དང་གློ་ལི་རྒྱག་སྐབས་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད།  གལ་སྲིད་ཊེ་བྷེ་ན་ཚ་ཡིན་པ་ངོས་ཟིན་བྱུང་ན། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང་ཁག་དང་བདེ་ལེགས་སྨན་ཁང་བཅས་ལ་སོང་སྟེ།  ལྷོད་གཡེང་རྩ་བ་ནས་མ་བཏང་བར་རྒྱུན་མཐུད་ནས་སྨན་འཐུང་རྒྱུ་དང་།  ནད་པ་དང་ལྟ་རྟོག་པ་ཚང་མས་ཁ་རས་གྱོན་ཏེ་འགོས་ཁྱབ་སྔོན་འགོག་བྱ་རྒྱུ་གལ་ཆེན་པོ་རེད།  དེ་ལྟར་མ་བྱས་པར་རིམ་པ་གཉིས་པ་དང་གསུམ་པ་ཆགས་ན།  ཧ་ལམ་ནད་པ་མི་རེའི་སྟེང་ཧིན་སྒོར་འབུམ་གཅིག་ལྷག་གི་འགྲོ་སོང་གཏོང་དགོས་ཀྱི་ཡོད།  ད་དུང་ནད་དྲག་པའི་རེ་བ་ཡང་ཧ་ཅང་ཆུང་། དེ་འདྲའི་གནས་སྟངས་མ་ཆགས་གོང་ལ་དོ་སྣང་བྱས་ཏེ་སྤྱི་ཚོགས་དང་ནད་པ་གཉིས་ཀས་འགན་འཁུར་བ་ཡིན་ན།  ང་ཚོའི་སྤྱི་ཚོགས་ནང་ན་ཚ་དེ་ཁྱབ་བརྡལ་དུ་མ་སོང་བར་འགོག་ཐུབ་ཀྱི་ཡོད། ཅེས་བརྗོད་སོང་། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༤ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 3

  1. ཐོག་བུ་ཚེ་རིང་རྡོ་རྗེ། says:
    ལོ་ 15 སྔོན།

    但是གཙོ་བོ་དོ་བདག་སོ་སོ་ནས་འགན་ལེན་བྱས་ཏེ་སྔོན་འགོག་བྱེད་རྒྱུ་ནི་ཤིན་ཏུ་གལ།
    Tbཟེར་བའི་ནད་འདི་ནི་གང་ཟག་རང་ཉིད་ཀྱི་ྲྲྲྲྲྲ

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    ཀརྡོ་ཁྱོད་ཅིས་མི་བདེན།
    ནད་པ་དང་སྤྱི་ཚོགས་གཉིས་ཀྱིས་འགན་ཁུར་དགོས།
    འཕྲོད་བསྟེན་ལྷན་ཁང་དང་སྨན་ཁང་གི་ཨེམ་རྗེ་དེ་ཚོ་ངལ་གསོ་རྒྱབ་ནས་བསྡོད་རྒྱུ་ཡིན་ནམ།
    ལོ་རེའི་རྗེས་སུ་གསར་འགོད་གསལ་བསྒྲགས་རེ་བྱས།
    བདུན་རེའི་ནང་བང་ཆེན་ནང་དུ་བསླབ་བྱ་འདྲ་བྱེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྤྱི་ཚོགས་དང་ནད་པ་གཉིས་ཀས་འགན་འཁུར་དགོས། ཟེར་དགོས་དོན་ཅི་རེད། སྨན་རྩིས་ཁང་འདི་ནད་པ་གྲངས་ཀ་བརྒྱབ་ནས་གསར་བསྒྱུར་འགོད་མཁན་གྱི་ལེན་འགན་ཙམ་་ལས་མེད་པ་ཡིན་ནམ། འགན་འཁུར་ཡོད་ན་༼སྤྱི་ཚོགས་དང་ནད་པ་གཉིས་ཀས་༼ཀྱང་༽འགན་འཁུར་དགོས། ཟེར་དགོས་མི་དགོས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese