མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་མང་རྒྱལ་ཡོངས་ཚོཊ་ཆེན་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་འཚོཊ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་སྟེང་། ༸གོང་ས་མཆོག་གི་གསུང་འཕྲིན་གྱི་དགོངས་དོན་ཉམས་ལེན་ཞུ་ཕྱོགས་སྐོར་ལ་གྲོས་ཆོད་གཏན་འབེབས་བྱས་ཏེ། ༼ བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ ༽ འཚོགས་རྒྱུར་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་ལྟར། དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་ཚོགས་དྲུང་གིས་རྒྱལ་ཡོངས་ཚོགས་ཆེན་གྱི་དུས་ཚེས་དང་། ཚོགས་མིའི་ཡོང་ཁུངས་སོགས་གསལ་བསྒྲགས་བསྐྱངས་སོང་།   

གསལ་བསྒྲགས་ནང་བཀོད་དོན་ལྟར་ན།  ཐེངས་འདིའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་ནི། འདི་ལོའི་ཟླ་ ༥ པའི་ཚེས་ ༢༡ ནས་ ༢༣ བར་གྱི་ཉིན་གྲངས་གསུམ་རིང་བཞུགས་སྒར་ངྷ་རམ་ས་ལར་འཚོགས་རྒྱུ་ཡིན་འདུག་ལ། ཚོགས་ཞུགས་པ་དག་གིས་ཕྱི་ཟླ་ ༤ བའི་ཚེས་ ༣༠ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་མཚན་ཐོ་འབུལ་དགོས་སྐོར་དང་། དང་བླངས་ཚོགས་ཞུགས་པའི་རིགས་ཡོད་ཚེ་མཚན་ཐོའི་སྔ་གཞུག་ལྟར་ཚོགས་མིའི་ཁོངས་སུ་འཇུག་རྒྱུ་ཡིན་ཟེར།

ཚོགས་མིའི་ཡོངས་ཁུངས་ནི། བཀའ་བློན་ཁྲི་པ་དང་བཀའ་བློན་ལས་ཟུར། བཀའ་ཤག་སྐབས་བཅུ་བཞི་པར་འོས་ཐོན་བཀའ་ཁྲི་དང་སྤྱི་འཐུས་ལས་ཟུར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་འོས་ཐོན་རྣམ་པ། རྡ་སར་གནས་འཁོད་གཞུང་ཞབས་ཟུང་དྲུང་ཡན། ས་གནས་འཐུས་ཚོགས་ཁག་གི་སྐུ་ཚབ་རེ། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་གྲྭ་བཙུན་སྐུ་ཚབ་ ༦ རེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ ༢ རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་ལས་འགུལ་གནང་མཁན་དང་མཁས་དབང་། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་ཀྱི་དང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ནས་མི་ ༣༠ དང་། དེ་མིན་མི་ ༢༠ ལས་མ་མང་བ་བཅས་བསྡུ་སྐོང་གནང་རྒྱུ་ཡིན་འདུག  

ཐེངས་འདིའི་ཚོགས་ཆེན་གྱི་ལས་རིམ་ནང་ཉིན་དང་པོར་ཚོགས་ཆུང་ཁག་བགོས་གནང་རྒྱུ་དང་། ཉིན་གཉིས་པར་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་སྔོན་གླེང་དང་། དོན་ཚན་དང་པོ་བཅས་ཀྱི་ཐོག་བགྲོ་གླེང་གྲོས་བསྡུར་གྱིས་དགོངས་ཚུལ་བསྡུ་རུབ་བྱ་རྒྱུ་ཡིན་འདུག་ལ། ཉིན་གསུམ་པར་ཚོགས་ཆུང་སོ་སོའི་སྙན་ཐོ་སྙན་སྒྲོན་གནང་རྗེས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་སྔོན་གླེང་དང་དོན་ཚན་དང་པོའི་སྐོར་ལ་གསོལ་འདེབས་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་སྟེ། ཕྱི་ཟླ་ ༥ པའི་ཚེས་ ༢༤ ཉིན་ཚོགས་ཆེན་གྱི་གྲོས་ཆོད་༸གོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུ་ཡིན་འདུག

བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་བསམ་འཆར་ཁག་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཀྱི་དཔྱད་གཞིའི་ཁོངས་སུ་འཇོག་རྒྱུ་བཅས་གཏན་འབེབས་བྱས་འདུག  

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

༢༠༢༥/༠༧/༡༧
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥

མཆན། 25

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    མིང་ལ་ལྟས་ན་མོ་ཞིག་ཡིན་ཡང་ཆོག།
    ཚིག་ལ་དཔྱད་ན་ཕོ་ཞིག་ཡིན་ན་འགྲིག།
    ཕ་མོ་གང་ལ་སྤྲུལ་བའི་སྐུ་ཡང་རུང་།།
    དབྱངས་ཅན་སྒྲོལ་མའི་གསུངས་ལ་ངོ་སོ་བསྟོད།།

    Reply
  2. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    སྤྱིར་ཆོལ་ཁ་དང་ཆོས་བརྒྱུད་བཤད་ན་ཡག་པོ་མ་རེད།
    མི་ཁ་ཤེས་ཀྱི་ཆོས་བརྒྱུད་གཅིག་གྱུར་བྱས་ན་དགེ་ལུག་བྱེད་དགོས་ཟེར་བ་དེ་ལས་ནང་པ་བ་ཟེར་ན་འདྲ་ཆག་པོ་འདུག
    དེ་ལྟར་བཤད་ན་ཡོང་ཐབས་མེད་པ་ཞིག་རེད་འདུག་ཆོས་བརྒྱུད་པོ་བཞི་ཡིན་ནའང་འདྲ་བརྒྱད་ཡིན་ན་དེ་ཚངས་མའི་སྲོལ་འབྱེད་བརྒྱུད་འཛིན་དང་བཅས་པའི་བསྟན་བཅོས་ཡོངས་རྫོགས་མེ་བསྲེགས་བྱེད་རྒྱུ་མིན་ན་ཡོང་ས་མ་རེད།
    ང་ཚོ་བོད་པ་ཚང་གི་དེ་འདྲའི་བཟོ་ལྟ་སྔོན་མ་མང་བོ་བྱས་ཡོད་ནི་རེད་དང་གནོད་པ་ལས་ཕན་པ་གཅིག་ཀྱང་བྱུང་མྱོངས་ཡོད་ནི་མ་རེད།
    དེ་ལས་ཇོ་ནང་བ་ལ་ཆོས་བརྒྱུད་སྤྱི་མཚུངས་གི་ཐོབ་ཐེངས་སྤྲད་ན་བཟང་ས་རེད་མ་གཏོགས།
    སྔོན་མ་ཇོ་ནང་བའི་གདན་ས་དམག་རྒྱབ་ནས་བསྡུས་བསོགས་བྱས་དེ་གད་སྙིག་ནང་ལ་བླུག་མྱོངས་ཡོད་རབ་འདུག་མོད་དེ་ཞབས་འདྲེན་ལས་ད་ལྟ་བལྟས་ན་ཞིག་མཐོང་ཁུ་མི་འདུག
    ད་ལྟའང་བོད་ཕྱི་ནང་ཆ་བསྡུར་ན་ཇོ་ནང་བ་ཆོས་བརྒྱུད་གཞན་དང་འདྲ་བོ་ཆགས་འདུག་ཡོད་པ་ཐོས་མྱོངས།
    འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་རེ་བྱས་ན་ད་ལྟའི་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རིན་པོ་ཐུག་གི་བར་ཏུ་བོད་སྡེ་བ་གཞུང་དབུ་འཛུགས་ནས་ད་ལྟའི་བར་ཇོ་ནང་བ་བཟང་བོ་བྱས་པས་ལོ་རྒྱུས་གོ་ཐོས་མཐོང་གསུམ་ཡོད་ས་མ་རེད།
    ཇོ་ནང་མི་དམངས་ཡང་བོད་མི་ཞིག་ཡིན་པས་ཆ་ནས་བོད་ལ་བློ་སེམས་དཀར་བོ་ཡོད་པས་དབང་གིས་དེ་སྔོན་རྙོག་དྲ་གཅིག་ཀྱང་བཟོས་མྱོངས་ཡོད་པ་མ་རེད།

    ཁོ་ཚོས་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཀྱི་ཆ་ཤེས་དེ་ཡར་རྒྱས་གོང་འཕེལ་གཏོང་བ་ལས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལྟར་ཤར་བསྐྱོད་བྱེད་མཁན་ཞིག་རེད་འདུག
    མ་འོངས་པར་ཇོ་ནང་བ་ལ་གཞུང་སྒེར་སུ་ཡིན་ཡང་དོ་སྣང་བྱེད་དགོས་ས་ཞིག་ཆགས་འདུག་ཉེ་སྔོན་དྲ་གྲོགས་དབྱངས་ཅན་སྒྲོལ་མ་སོགས་ཀྱིས་བཤད་པ་ལྟར་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རེ་ཆེ་ས་ཞིག་རེད་འདུག
    ཇོ་ནང་བ་ལ་བོད་མི་ཡོངས་ཀྱི་རྒྱབ་བསྐྱོར་བྱེད་རོགས་ཞུ་རྒྱུ་དང་དམིགས་བསལ་ཏུ་འབྱུང་འགྱུར་གྱི་བཀའ་བློན་དང་སྤྱི་འཐུས་རྣམས་ཀྱིས་དགོངས་པ་བཞེས་རོགས་ཞུ་ཞུ་ཞུ།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    གང་ལྟར་དཔལ་རྒྱལ་བ་ཇོ་ནང་པར་རྒྱབ་སྐྱོར་བྱེད་མཁན་ཚོར་ཡི་རངས་ཡོད།

    Reply
  4. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    བློ་བཟང་ལགས་ཁྱེད་ཚོས་མི་བཤད་དགུ་བཤད་བྱེད་འདུག་ བསྟན་པ་ས་དར་རྡོ་དར་སྐབས་ནས་ཆོས་བརྒྱུད་ཆེན་པོ་བཞི་ལས་མེད་ན་ད་ལྟ་ང་ཚོ་ལ་དེ་བས་ཀྱང་ཇོ་ནང་གི་ཆོས་བརྒྱུད་ཞིག་ཟུར་དུ་དགོས་དོན་མེད།ཇོ་ནང་ནི་ས་སྐྱའི་ཆོས་བརྒྱུད་ཁོངས་སུ་འདུས་ཡོད་པ་བློ་གཟུ་བོར་གནས་པའི་མཁས་པ་ཚོས་ཁ་གཅིག་གྲགས་རེད།
    ཟེར་ནས་ཁ་ཚོད་མཐོན་པོའི་ཐོག་ནས་བཤད་པ་དེ་ཚོ་མཐར་གཏུག་ན་མི་དེ་འདྲའི་རིགས་སྐྱབས་མགོན་རིན་པོ་ཆེའི་ཁ་གཏད་དུ་ལང་འདུག་ཡོད་པ་རྐྱང་རྐྱང་ཡིན་ས་རེད།
    ང་རང་སྐྱེ་སྟོབས་ཡོད་ཏན་ཡང་མེད་ལ། སྦྱངས་སྟོབས་ཤེས་རབ་ཡོད་མཁན་ཞིག་ཀྱང་མིན་ལ་ངེས་གོ་ཚོད་ལ་བཙན་བྱོལ་བོད་གཞུང་ལ་ཇོ་ནང་བའི་དགོན་པ་ཐོག་མར་ཕྱག་འདེབས་མཁན་༧གོང་ས་ཐམས་ཅད་མཁྱེན་པས་རྒྱ་གར་སིམ་ལར་སྔོན་དགེ་ལུགས་པའི་དགོན་པ་ཞིག་ཡིན་པ་མ་ཟད་རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་དགོན་པ་ཆུང་ཆུང་ཞིག་ཇོ་ནང་བ་ལ་གསོལ་རས་གནང་ནས་ཐུགས་དགོངས་རྒྱ་ཆེན་པོས་དགོས་པ་དགོངས་གཞི་ཡང་དག་པ་ཞིག་བཞེས་ནས་དབུ་འཛུགས་བྱས་པ་ཡིན་པར་ཐོས་སོང་།
    དེ་ལྟ་བའི་༧སྐྱབས་མགོན་རིན་པོ་ཆེའི་མཛད་པ་དང་།
    ད་ལྟ་ང་ཚོ་བོད་པ་ཚང་ལ་ཁོང་གི་གསོལ་རས་གནང་བའི་གཟི་བརྗིད་ལྡན་པའི་མང་གཙོའི་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་གྲལ་སྒྲིག་སྐབས་སུ་བསམ་བློ་མི་གཏོང་བར་གཏོར་བླག་དང་།
    ཆོལ་ཁ་ཆོས་བརྒྱུད་ལ་ཁ་ཁྱེར་ནས་འགལ་ཟླ་འཕེན་ན་ཡག་པོ་མི་འདུག་ཁྱོད་ཀྱིས་བོད་མི་བར་ལ་འགལ་ཟླ་འཕངས་ནས་མི་རིགས་ཁ་བྲལ་བྱེད་རྩིས་ཡོད་ས་རེད།
    བློ་བཟང་ལགས་དངོས་གནས་ཁྱེད་ལ་གནས་ལུགས་དང་རྒྱབ་ལྗོངས་ཡོད་ན་ཡག་པོ་ཞིག་གསར་བཤད་བྱེད་རོགས་ཞུ། དེ་མེད་ན་མཐའ་གཅིག་ཏུ་སྤྱི་ཚོགས་འདིའི་ཁྱོད་མི་ངན་ཞིག་ལ་ངོས་འཛིན་བྱེད་ས་རེད།
    ་

    Reply
  5. རིག་འཛིན། says:
    ལོ་ 14 སྔོན།

    དྲྭ་གྲོགས་རིན་ཆེན་རིམ་བུ་ལགས།
    དག་གཙང་གི་ཆོས་རྒྱུད་ཡོད་ན་་་ཧ་ཅང་བཟང་།
    ཁུངས་མེད་ཀྱི་ཕྱོགས་གཏམ་བཤད་ན་མཇུག་འབྲས་ངན།
    ད་དུང་་་་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་ན།
    ཨ་མ་་་་སྐྱོ་བ་ལ་་་གཉིད་སད་མེད་འདྲ།།

    Reply
  6. གངས་རླུང་། says:
    ལོ་ 14 སྔོན།

    ཡ་ཡ་་་་༧གོང་ས་སྐབས་མགོན་རིན་པོ་ཆེས་དམངས་གཙོས་ལམ་ལུགས་དང་།
    རིན་ཆེན་རིལ་བུའི་བཙན་རྒྱལ་ལམ་ལུགས་གཉིས་ལ་སུ་རྒྱལ་སུ་ཕམས་གྱི་བལྟ་མོ་འདུག
    གངས་ཅན་པ་ཚོ། རང་གཞན་གྱི་ཕྱོགས་ཞེན་མེད་པར་མ་འོངས་གངས་ལྗོངས་བདེ་སྡུག་གཟིགས་རོགས་ཞུ།

    Reply
  7. ཤེས་རབ་འབྱུང་གནས། says:
    ལོ་ 14 སྔོན།

    ཨ་རོགས་ཚོ།
    ཁྱེད་ཚོས་གཟིགས་ན་རིན་ཆེན་རིལ་བུས་གསུངས་པ་ཨེ་བདེན་གི ངས་བལྟས་ན་ཕལ་ཆེར་མི་བདེན་རྒྱུ་མེད་ཀི ཆེན་པོས་ཆུང་ངུར་བརྙས་བཅོས་བྱེད་པའི་དབང་སྒྱུར་ལམ་ལུགས་ལས། བོད་པ་ཡོངས་རྫོགས་གྲུབ་མཐའ་གཅིག་དང་། བླ་མ་གཅིག ཆོས་སྲུང་གཅིག་ལ་བསྒྱུར་ན་ཡག་ཤོས་རེད། འདི་སྔོན་ཆད་ང་ཚོའི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་མ་རེད། ད་ལྟ་ཡང་གྲུབ་མཐའ་དང་དགོན་སྡེ་བཙན་གྱིས་བསྒྱུར་ན་ཡག་ཤོས་རེད། ལྷག་པར་དུ་སྲུང་མ་ཕྱི་གཙང་ནང་གཙང་དེ་བོད་མི་ཡོངས་རྫོགས་ཀྱིས་བརྟེན་དགོས་པའི་བཙན་བཀའ་བཏང་ན་དེ་བས་ཀྱང་ཡག་པོ་འདུག
    དེས་ན་ལས་འགུལ་འདི་ཐོག་མར་འགོ་རྩོམ་མཁན་སྐུ་ཞབས་རིན་ཆེན་རིལ་བུ་ལགས་ཡིན། ཚང་མས་ཁོང་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་རོགས་ཞུ། ད་ལྟ་༧གོང་ས་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱེད་དགོས་ཞེས་རླབས་ཆེན་གྱི་བཀའ་སློབ་ཟབ་མོ་ཕེབས་བཞིན་པའི་སྐབས་འདིར ། རིན་ཆེན་རུལ་བུ་ལགས་ཀྱིས་གོ་སྐབས་དམ་འཛིན་གནང་འདོད་འདུག་པས་དགའ་བསུ་ཡོད ། བོད་མི་ཡོངས་རྫོགས་མ་ཟད་འཛམ་གླིང་ཡོངས་རྫོགས་ཆོས་ལུགས་གཅིག་ཆོས་སྲུང་གཅིག་ཏུ་འགྱུར་རྒྱུའི་རེ་བ་དང་སྨོན་ལམ་ཡོད།
    མ་འཆུག་ཕ་བཟང་གི་བུ། རིན་ཆེན་རིལ་བུ།

    Reply
  8. རིན་ཆེན་རིལ་བུ། says:
    ལོ་ 14 སྔོན།

    ང་ཚོ་ལ་ས་རྙིང་བཀའ་ཇོ་སོགས་ཆོས་རྒྱུད་མང་པོ་དེ་
    འདྲ་རྙོག་གྲ་ཆེ་རོགས་རེད་དགོས་པ་ཡེ་ནས་མི་འདུག དེ་ལས་ཆོས་རྒྱུད་གཙང་མ་ཡང་དག་པ་རི་བོ་དགེ་
    ལུགས་པ་གཅིག་གིས་ཆོག་གི་འདུག རྙིང་མ་སྨོས་མ་
    དགོས་པ་ལ།ས་སྐྱའི་གོང་མ་རིམ་བརྒྱུད་དང་།
    བཀའ་བརྒྱུད་ཀྱི་མར་བ་སོགས་གྲུབ་མཐའི་སྲོལ་འབྱེད་པ་དག་ཀྱང་སྐྱེ་དམན་ཅན་ཁྱིམ་པ་བ་རྐྱང་རྐྱང་རེད།
    ད་ཆོས་རྒྱུད་གཅིག་གྲུབ་མཐའ་གཅིག་རི་བོ་དགེ་ལུགས་པ།

    Reply
  9. ཤེས་རབ་འབྱུང་གནས། says:
    ལོ་ 14 སྔོན།

    སྨར་ཀླུང་དཔའ་ལ་དང་། དགྲ་བཅོམ་པའི་མིང་ཅན་གཉིས་ལ།
    ང་ས་སྐྱ་བའི་གྲྭ་རིགས་ཤིག་གིས་ཇོ་ནང་བའི་ཕྱོགས་བཟུང་ནས་ཅིག་བཤད་དགོས་དོན་མེད་མོད།
    བློ་གཟུ་བོར་གནས་པའི་ཐོག་ནས་རྒྱུ་མཚན་ཁ་ཤས་ཤིག་ངོ་སྤྲོད་བྱེད་འདོད་བྱུང་། ཇོ་ནང་ས་སྐྱ་ལས་ལོགས་སུ་གྱེས་པའི་གྲུབ་མཐའ་ཟུར་བ་ཞིག་ཡིན་པ་ཐུའུ་བཀའ་གྲུབ་མཐའ་སོགས་སུ་གསལ་ལ་། དཔེར་ན་དགེ་ལུགས་པ་བཞིན་ནོ།།
    ས་སྐྱ་ཚང་གིས་ཇོ་ནང་བས་སྤྱི་འཐུས་འོས་འཕེན་སོགས་ཀྱི་ཐོབ་ཐང་འཕྲོག་པ་ཡིན་མིན་མངོན་གསལ་རེད དཔེར་ན་ཇོ་ནང་པས་བོད་གཞུང་ལ་ཆོས་རྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་སྙན་ཞུ་ཕུལ་བཞིན་པའི་སྐབས་སུ།   ས་སྐྱ་བས་གོ་སྐབས་དེ་བཟུང་སྟེ་ཇོ་ནང་ས་སྐྱའི་ཁུངས་རེད་ཅེས་རྙོག་གྲ་བཟོས་པ་རེད། དེར་བརྟེན་བོད་གཞུང་གི་ངོས་ནས་ཐག་གཅོད་མ་ཐུབ་ད་བར་ལུས་པ་རེད།  དེས་ན་རྩ་བའི་རྙོག་གྲ་བཟོ་མཁན་སུ་ཡིན་ཤེས་དགོས
    དེ་རྗེས་ཐབས་ཟད་འུ་ཐུག་གིས་གོང་མ་ཚང་གིས་གཉིས་འགལ་མེད་པའི་རྒྱབ་གཉེར་ཞིག་ཇོ་ནང་ཚང་ལ་གནང་བ་རེད།
    ངོ་མ་བཤད་ན་རྨར་ཀླུང་ཟེར་བ་དེ་ཅི་ཞིག་ཤོད་འདོད་པ་དང་ག་རེ་ཤོད་བཞིན་ཡོད་པ་གསལ་བོར་མི་ཤེས་མོད ། ཆོས་རྒྱུད་མཐུན་ལམ་དང་གོང་བུ་གཅིག་གྱུར་ཟེར་བ་དེ་ཕན་ཚུན་མཐུན་ལམ་དང་བསམ་ཤེས་ཡིད་ཆེས་བྱེད་རྒྱུར་གོ་དགོས་པ་ལས། ཆེན་པོས་ཆུང་ཆུང་དང་། བཙན་པོས་ཉམ་ཆུང་ལ་བརྙས་བཅོས་བྱས་པར་ཟེར་ནི་མ་རེད ཇོ་ནང་པས་རང་གི་གཞུང་ལ་རེ་སྐུལ་བྱེད་བཞིན་ཡོད་པ་བདེན་མོད། དེ་ལ་སྐད་འབོད་ཟེར་ནི་མ་རེད།
    གལ་ཏེ་སྐད་འབོད་ཡིན་པའི་དབང་དུ་བཏང་ཡང་དེ་ཇོ་ནང་ཚང་གི་ནོར་འཁྲུལ་མ་རེད གང་ན་ངོ་རྒོལ་དང་སྐད་འབོད་ཡོད་ས་དེར་མང་ཚོགས་ཀྱི་འདོད་པ་མ་གནང་བའི་སྐྱོན་ཡོད་རྟགས་རེད།
    དཔེར་ན་ད་ལོ་གཅིག་པོར་མཚོན་ན། རྒྱལ་ཁབ་ལྔ་དྲུག་ཙམ་མང་གཙོར་ཆགས་པ་རེད དེ་མང་ཚོགས་ཀྱི་ངོ་རྒོལ་དང་སྐད་འབོད་བྱས་པ་ལས་བྱུང་བ་རེད།
    སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཟེར་བ་དེ་སོ་སོའི་ཁྱད་ཆོས་མི་འདྲ་བ་རེ་རྩལ་འདོན་བྱས་པ་ལས་བྱུང་བ་བདེན་པ་རེད།
    དེ་ཙམ་གྱིས་ཆོས་རྒྱུད་ལོགས་སུ་ཕྱེ་མི་རིགས་ན འཕགས་ཡུལ་གྲུབ་མཐའ་བཞི་ཇི་ལྟར་ལོགས་སུ་ཕྱེ་དགོས དེ་དག་ཚང་མ་སོ་སོའི་རྣམ་དཔྱོད་ཀྱིས་ཁྱད་ཆོས་མི་འདྲ་བ་རེ་རྩལ་འདོན་བྱས་པ་བྱུང་བ་རྐྱང་རེད།
    དེ་ལས་ལྷག་པའི་ཆོས་རྒྱུད་ལོགས་པ་ཡིན་པའི་ཁྱད་ཆོས་རེ་དགྲ་བཅོམ་པ་ལ་ཡོད་ན་མ་གཏོགས་སུ་ལ་ཡང་མེད
    མདོར་ན་ངས་ནི་ས་ཇོ་གཉིས་ནང་འགྲིག་ཡོང་སླད་དང་། རང་གཞུང་གིས་ཆོས་རྒྱུད་ཁག་ལ་རིས་མེད་གཅེས་སྐྱོང་ཡོང་སླད་བཤད་པ་འབའ་ཞིག་ལས་ཀུན་སློང་གཞན་གང་ཡང་མེད
    ལྷག་པར་ང་རང་སྒེར་ངོས་ནས་གཞན་གྱི་འཁོན་པ་འདུམ་རྒྱུར་དགའ་ཞིང་། ག་དུས་ཡིན་ན་ཡང་དེའི་ཆེད་དུ་ལས་ཀ་བྱེད་བཞིན་ཡོད། དེར་བརྟེན་དེ་རིང་ཡང་བསམ་པ་རྣམ་དག་གི་ཐོག་ནས་འདི་ལྟར་བཤད་པ་ཡིན།  གལ་ཏེ་དྲ་གྲོགས་ཚོའི་ཐུགས་ལ་མ་བབ་པ་རེ་བྱུང་ན་དགོངས་དག་ཞུ་བ་ཡིན།

    Reply
  10. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 14 སྔོན།

    སྨར་ཀློང་དཔལ་འབར་ལགས་ཀྱི་སྐད་ཆ་དེ་ངོས་ལེན་གཙང་མ་ཡོད། བློ་ཟུར་བོ་གནས་པའི་སྐད་ཆ་འདི་ལྟ་བུ་བཤད་ཚེ་ཉན་མཁན་རྣམས་ཀྱི་ཉན་སྤྲོ་ལ་བློ་སྐྱིད་ཡོད་པའི་སྐད་ཆ་རྐྱང་རེད་འདུག དེ་ལས་ལྡོག་ནས་ཆགས་སྡང་གི་སྐད་ཆ་རྐྱང་བཤད་ཚེ་དུས་བབ་ཚང་གི་མཆན་བཀོད་སའི་ས་མིག་འདི་ཆེད་དུ་གཉེར་ནས་དཀྲུགས་གཤེགས་རྒྱབ་ས་ལྟ་བུ་ཞིག་ཏུ་འགྱུར་ངེས་རེད།

    Reply
  11. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཆོས་སྲིད་གཉིས་ལྡན་ཁ་ཁྲལ་དགོས་པའི་རྒྱུ་མཚན་ནི་འདི་འདྲ་བོ་ཞིག་ལ་སྙད་ནས་དམོད་གཙུག་པ་ལས་ཆོས་ལུགས་པས་མི་རིགས་ཀྱི་ལས་དོན་མ་སྒྲུབ་ནས་ཆོས་སྲིད་ཁ་ཕྲལ་དགོས་པའི་བསམ་འཆར་མིན་གྱི།
    དེ་ནི་ཉོག་གྲྭ་མེད་ས་ལ་ཉོག་གྲྭ་རྐྱང་ཅིག་བཟོས་པ་ཞིག་ཡིན་པ་དེས་འབྱུང་བ་ངེས་པར་དུ་མཁྱེན་དགོས་པ་གལ་ཆེ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་ཞེས་པའི་སྣ་ཚོགས་ཀྱི་མིང་ཐོ་འདི་ཚོའི་བར་ལ་ཞེ་སྡང་རུ་ང་ཕྲག་དོག་གི་བོད་ཕུང་བརླག་བྱེད་ཚད་ཤོད་དགོས་ན་ཡ་ང་བ་དང་ངུ་བྲོ་བའི་རྣམ་ཐར་ལོ་རྒྱུས་ག་ཚོད་ཡོད་པ་གསལ་པོ་རེད། ད་དུང་ཆོས་བརྒྱུད་བཞི་དང་གཡུ་དྲུང་བོན་ལས་ཟུར་དུ་ཕུད་པའི་ཇོ་ནང་པ་ཞེས་པའི་ཆོས་བརྒྱུད་གཅིག་བཟོས་ན་འགྲན་རྩོད་བྱེད་ས་འཕར་མ་ཞིག་སྣོན་གྱི་ཡོད་པ་མི་མཁྱེན་ནམ། གལ་སྲིད་དེ་རིགས་མང་བས་དགེ་མཚན་ཞིག་ཡོད་ཀྱི་ཡོད་ན་ཇོ་ནང་ཆོས་བརྒྱུད་ཀྱི་སྐད་འབོད་དང་ངོ་ལོགས་ཀྱི་སྐད་ཆ་ར་རྒན་འབའ་འབའ་མ་ཤོད་དང་བོད་མི་རིགས་ཀྱི་མི་རིགས་ལ་ཕན་ཐོག་ལས།
    མི་རིགས་རང་གི་རུས་རྐང་གྱིས་རང་ལ་རྡོག་སུབ་གཏན་ནས་བཏང་མི་སྲིད་པས། ད་ཕན་ཇོ་ནང་པས་ག་ཚོད་ག་ཚོད་བཤད་པ་དེ་ཚོ་ཆུ་ནང་གི་དབྱུག་པ་བཞིན་རང་བཞིན་གྱི་ཡལ་སོང་བ་འདི་བཟང་པོའི་བཟང་རྟགས་ཞིག་དང་བློ་ལྡན་རྣམས་ཀྱི་མ་མཁྱེན་པ་ཞིག་ཨེ་རེད། དེར་བརྟེན་ངོས་ཀྱི་བསམ་བློ་ཡག་པོ་སེམས་གཏིང་ནས་ཐོང་ཞེས་པའི་རྒྱུ་མཚན་འདི་གསལ་པོ་མ་མཁྱེན་པའི་ཚོད་དུ་འདུག མདོར་ན་སྔོན་བྱོན་ཡང་དག་པའི་སྐྱེས་བུ་རྣམས་ཀྱི་རྗེས་འཇུག་ལ་མིག་ལྟོས་འཕོང་གི་ཡོད་ན་ཆོས་ལུགས་ཀྱི་སྟེང་ནས་ཆོས་སྐད་མེད་པར་སྲིད་ཀྱི་ཇུས་གཏོག་འདི་ཚོ་ཆོས་ལུགས་པ་ཞིག་ཡིན་ན་འཇོག་བཞག་ན་ཤིན་ཏུ་དགེ་མཚན་ཆེ་བར་འདུག སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ཆེ་འདོན་མཛད་སྐབས་སྒྲུབ་པའི་ལུགས་དེ་ཁོ་ན་རྩལ་འདོན་མཛད་པའི་བླ་མ་བྱེ་བྲག་པ་དང་ཁྱད་ཆོས་བྱེ་བྲག་པ་ཞིག་གི་སྒོ་ནས་བསྟོད་བསྔགས་མཛད་པ་ལས་དེ་རྩ་བའི་ཆོས་བརྒྱུད་ཞིག་ཟུར་དུ་དགོས་ཞེས་པའི་གསུང་མིན་པ་ཡིད་ལ་ངེས་པར་གྱིས་ཤིག གལ་སྲིད་རྩ་བའི་གྲུབ་མཐའ་སུ་ཞིག་དང་མི་མཐུན་པའི་ཁྱད་ཆོས་འདོན་ཆེ་ན་ཐུའུ་ཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་དཀར་མེ་ལོང་ནང་གི་གྲུབ་མཐའ་ཞིག་ཆགས་ཡོང་བ་ལ་ཐང་མི་འདུག་པས་དོན་རྡོག་རྩ་ཧྲིལ་གྱི་དྲིལ་ན་ཆོས་ལུགས་ཕན་ཚུན་གྱི་རྩོད་པ་དང་འཐེན་ཁྱེར་འདི་ཚོ་ཇི་ཙམ་ཉུང་ན་ཤིན་ཏུ་ལེགས་པས་བསམ་ཤེས་ཀྱི་སྒོ་ནས་དཔྱད་པ་མཛད་རོག་ཡང་ཡང་ཞུ།
    ཕན་བདེའི་འབྱུང་གནས་ཞེས་པའི་མིང་དང་མཐུན་དགོས་ན་རྩ་བའི་ཆོས་ལུགས་འདི་ནི་གོང་བུ་གཅིག་གྱུར་ཞིག་བསམ་བློ་ཡེ་མེད་པར་ཆགས་སྡང་གི་མིང་འདོག་པར་རེ་ནས་ཆོས་ལུགས་རེ་གི་མིང་འདོགས་རེ་ལ་གྲུབ་མཐའ་རེ་གི་བྱེད་ལུགས་རེ་འབྱུང་དགོས་ན་ངེད་ཚོའི་མི་རིགས་འདི་ལ་དེ་ཚོས་ཕོང་པའི་སེམས་ཕྲལ་གཏན་ནས་མི་འདུག་སྙམས། ད་ནི་བསྐྱར་ལན་ཞུ་གི་མེད།

    Reply
  12. hahah says:
    ལོ་ 14 སྔོན།

    དེང་སྐབས་ཆོལ་ཞེན་ཆོས་བརྒྱུད་སྤྱི་འཐུས་རྒྱབ་ལ་ཡུབ་ནས་བསྡད་ཡོད་པ་རེད། མདོ་སྨད་ཆོལ་ཁོངས་ན་བཀའ་རྒྱུད་དང་ས་སྐྱའི་སྤྱི་འཐུས་ཡོང་ཐུབ་མེད། རྒྱུ་མཚན་མདོ་སྨད་ན་བཀའ་བརྒྱུད་པ་དང་ས་སྐྱ་བ་མེད་པའི་ཕྱིར། ཇོ་ནང་བ་ནི་མདོ་སྨད་ཁོ་ནའི་ནང་ཡོད་པས་ཇོ་ནང་ལ་སྤྱི་འཐུས་ངེས་པར་ཏུ་དགོས། འདི་ནི་ཆོལ་ཁའི་ཐོབ་ཐང་ཡིན་ལ།ཆོས་བརྒྱུད་ཐོབ་ཐང་ཡང་ཡིན།

    Reply
  13. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 14 སྔོན།

    ཚོགས་ཆེན་འདིའི་ཐོག་ནས་མ་འོངས་པའི་དམངས་གཙོ་ཚད་ལྡན་གྱི་གཞུང་ཞིག་ཟིན་ཐུབ་པའི་འཆར་གཞི་དང་དམིགས་ཡུལ་ངེས་པར་དུ་གཟུང་ནས་བཅའ་ཁྲིམས་སྐྱར་བཅོས་སོགས་ཕྱོགས་ལྷོང་གི་རྣམ་པ་སྤང་ན་ལེགས་པ་སྙམ།

    Reply
  14. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཤེས་རབ་འབྱུང་གནས་ལགས་ཁྱེད་ཀྱིས་ཇོ་ནང་ལ་སྤྱི་འཐུས་ཀྱི་ཐོབ་སྐལ་བཅད་མཁན་དེ་ས་སྐྱ་ཚང་ཡིན་པ་ལྟ་བུ་བཤད་འདུག་དེ་ནི་དངོས་ཡོད་གནས་ཚུལ་གྱི་སྐད་ཆ་ཞིག་གཏན་ནས་མིན་པ་མ་ཟད་ལྷག་ཏུ་ས་ཇོ་གཉིས་ཀྱི་དབར་ན་འགལ་ཟླ་ཚབས་ཆེན་ཡོད་རབས་བཤད་པ་སོགས་དཀྲུགས་གཤེགས་རྒྱབ་བྱེད་འབའ་ཞིག་ལས་དམིགས་བསལ་གྱི་དོན་གོ་ཆོད་པའི་སྐད་ཆ་ཞིག་ནམ་ཡང་མིན། རྒྱུ་མཚན་ནི་ས་སྐྱའི་ཕྱོགས་ནས་ཇོ་ནང་ལ་སྤྱི་འཐུས་སྤྲོད་མི་ཆོག་པའི་ཐལ་ཚིག་གཏན་ནས་སྒྲགས་རབས་མེད་པ་མ་ཟད་ལྷག་ཏུ་ཇོ་ནང་ཚང་ལ་ས་སྐྱ་༸གོང་མས་རྒྱབ་གཉེར་གྱི་ཡི་གེ་གནང་འདུག གལ་སྲིད་ས་སྐྱའི་ཕྱོགས་ནས་དགག་པ་ཡོད་ན་ཡིག་ཆ་དེ་ནམ་ཡང་གནང་མི་སྲིད། ས་ཇོ་གཉིས་ཀྱི་དབར་ནས་དམ་ཚིག་འགལ་ཟླ་འགྲོ་ཡོད་པའི་མངོན་རྟགས་ཙམ་ཡང་མེད་པ་མ་ཟད་ད་ལྟའི་ཆར་དཀྲུགས་གཤེགས་བླང་མཁན་དེ་ཕྱོགས་གཉིས་ཀ་ནས་ཡོད་ཚོད་འདུག་ཇོ་ནང་གི་ཕྱོགས་ནས་ཡིན་མདོག་སྟོན་ནས་ཡིག་ཆ་འདྲ་མིན་བཀྲམ་པ་དང་ས་ཕྱོགས་ནས་ཀྱང་དེ་ལྟར་ཡོད་ཚོད་འདུག་དོན་ངོ་མའི་ཐོག་ཁོང་ཚོ་མཐའ་གཉིས་ཀའི་ཕྱོགས་གང་ཡང་མིན་པ་གསལ་པོ་ཤེས་ནུས།

    Reply
  15. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    ཚོགས་ཆེན་ག་ཚོད་ཚོགས་ཀྱང་མི་མང་གི་བསང་ཚུལ་དངོས་དེ་ཚོའི་ཐོག་ཏུ་གྲོས་བདུར་བྱེད་ཀྱིས་མ་རེད་ལ་གྲོས་ཆོད་དེ་བས་ཀྱང་བཞག་མི་སྲིད།  
    ཚ་བ་བློ་བཟང་རྒྱལ་མཚན་།     ནོར་གླིང་།

    Reply
  16. ཤེས་རབ་འབྱུང་གནས། says:
    ལོ་ 14 སྔོན།

    སྨར་ཀླུང་དཔའ་ལ་ལགས།
    གལ་ཏེ་ཇོ་ནང་གི་ཆོས་བརྒྱུད་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ན་ཆོས་བརྒྱུད་གཞན་པར་གང་ཡོད་པའི་དགེ་མཚན་དེ་ཡོད།   དཔེར་ན་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་བླུགས་ཆོག
    བོད་གཞུང་གི་ཚོགས་འདུ་ཆེ་ཆུང་གང་གི་གྲལ་དུ་ཡང་ཆོས་བརྒྱུད་གཞན་དག་བཞིན་མཉམ་ཞུགས་བྱེད་ཆོག་པ་སོགས་མང་ནི་རེད།

    ཆོས་བརྒྱུད་ཀྱི་ཐོབ་ཐང་མེད་ན།    ཆོས་སྤྱིའི་འོས་ཤོག་བླུགས་མི་ཆོག   གཞུང་གི་ཚོགས་འདུ་ཆེ་ཆུང་གང་སར་ཞུགས་མི་ཆོག    དཔེར་ན་ གོང་གི་གསལ་བསྒྲགས་ནང་དུ་  ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་གྲྭ་བཙུན་སྐུ་ཚབ་ ༦ རེ།  ཞེས་ཇོ་ནང་བཀར་ཡོད་པ་ལྟ་བུ་རེད།
    དེ་སོགས་ཐོབ་ཐང་ཡོད་ན་དགེ་མཚན་དང་མེད་ན་གྱོང་གུད་ག་ཚོད་ཡོད་མེད་ཤེས་ལྡན་ཞིག་ཡིན་ཕྱིན་ཤེས་རྒྱུ་རེད།
    ད་ལོར་མཚོན་ན།   ཇོ་ནང་པ་རྣམས་ཀྱིས་བཀའ་ཁྲིའི་འོས་ཤོག་བླུགས་ཡོད་མོད།   ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་བླུགས་མེད།   དེ་ཇོ་ནང་ཚང་གི་ཁེ་རེད་དམ་གྱོང་རེད།   ད་ལོའི་གཞུང་མང་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཇོ་ནང་ཞུགས་ཆོག་གི་མེད།   དེ་ཇོ་ནང་ཚང་གི་ཁེ་རེད་དམ་གྱོང་རེད།    འདི་དག་ལ་བོད་གཞུང་གིས་བསམ་བློ་རེ་གཏོང་རན་རེད་སྙམ།

    Reply
  17. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཇོ་ནང་གི་ཆོས་བརྒྱུད་ཞེས་པ་ཞིག་ཟུར་དུ་བཞག་ན་དེ་ལ་དགེ་མཚན་ཆེན་པོ་ཇི་ཙམ་འབྱུང་གི་འདུག
    བྱེད་རྒྱུ་འཕར་མ་ག་ཚོད་ཙམ་ཞིག་བྱེད་རྒྱུ་འདུག བསམ་བློ་ཡག་པོ་ཞིག་བཏང་དང་། མཛད་བསམ་ན་དེ་ལྟར་མཛོད་དང་བཙན་བྱོལ་མ་ཡོང་ན་མི་ཆོག་ཞེས་སུས་བཀའ་བཏང་སོང་།
    རང་རང་སོ་སོ་རྒྱ་མི་དམར་པོས་གཏོར་གཤིགས་གསོད་བཅོམ་གྱི་འོག་ནས་འདུག་མ་ཕོད་པར་འདིར་ཡོང་བ་ཤ་སྟག་ལས་སྟག་སྐད་གཟིག་སྐད་བྱེད་ས་ཞིག་ཨེ་རེད། གལ་སྲིད་ད་ཕན་ཇོ་ནང་ཞེས་པའི་ཆོས་བརྒྱུད་འདི་ཆོས་བརྒྱུད་བཞི་དང་གཡུ་དྲུང་བོན་ལས་ཟུར་དུ་མ་ཕུད་པ་ལས་ཇོ་ནང་པ་ལས་གྱོང་ག་ཚོད་ཙམ་རག་སོང་སེམས་ཀྱི་སྟེང་ནས་བསམ་བློ་ཡག་པོ་ཞིག་བཞེས་དང་།
    དངོས་གནས་ཆོས་ལུགས་འཐེན་འཁྱེར་སྡུག་པོ་འདི་ཚོ་དང་བཞུགས་ཁྲི་མཐོ་དམན་འདི་ཚོ་གི་ད་ནི་ཡི་ག་སུན་སོང་། དྲང་པོ་ཡིན།

    Reply
  18. གནས་ཚང་། says:
    ལོ་ 14 སྔོན།

    ཚང་མ་ལོས་གསུངས་དང་། འདི་བསམ་ཚུལ་བསྡུ་ལེན་གྱིས་གྲོས་བསྡུར་བརྒྱུད་ནས་མཇུག་འབྲས་ཐག་གཅོད་ཀྱི་ཚོགས་འདུ་ཞིག་མ་རེད་ལ། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་གཏན་ལ་ཕབ་ཟིན་པའི་རྒྱབ་གཉེར་དུ་མང་ཚོགས་དྲུད་ཡོང་བ་ཞིག་རེད། དཔེར་ན། ༼ ཉིན་གསུམ་པར་ཚོགས་ཆུང་སོ་སོའི་སྙན་ཐོ་སྙན་སྒྲོན་གནང་རྗེས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་སྔོན་གླེང་དང་དོན་ཚན་དང་པོའི་སྐོར་ལ་གསོལ་འདེབས་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་སྟེ། ཕྱི་ཟླ་ ༥ པའི་ཚེས་ ༢༤ ཉིན་ཚོགས་ཆེན་གྱི་གྲོས་ཆོད་༸གོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུ་ཡིན་འདུག ༽ འདི་ཚོགས་འདུ་བསྐོང་དོན་ཡིན་པར་མ་ཟད། རྒྱ་མིས་བསམ་ཐོག་ལ་འཇོག་པའི་གོམ་པ་དང་པོའང་ཡིན་པས། ད་ཁ་རོག་གེར་འདུག་གི་ཡིན་ནམ།

    Reply
  19. ཤེས་རབ་འབྱུང་གནས། says:
    ལོ་ 14 སྔོན།

    lobsang ལགས།
    ཇོ་ནང་ནི་ས་སྐྱའི་ཆོས་བརྒྱུད་ཁོངས་སུ་འདུས་ཡོད་པ་བློ་གཟུ་བོར་གནས་པའི་མཁས་པ་ཚོས་ཁ་གཅིག་གྲགས་རེད་ཟེར་བ་དེའི་ཁུངས་གང་ལ་གཏུགས་པ་ཡིན་ནམ།

    སྔོན་ཆད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཁག་ཏུ་བོད་ཀྱི་སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཟེར་བ་ཡོངས་གྲགས་རེད། དེང་གི་སྐབས་སུ་ཡང་༧གོང་ས་མཆོག་གིས། རིས་མེད་བསྟན་རྒྱས་སྨོན་ལམ་དུ་ཡང་། མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།། ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཡི།། ལུང་རྟོགས་བཀའ་བབ་བུ་ཇོ་ལུགས་ཟུང་གི།།
    ཞེས་ཇོ་ནང་ས་སྐྱ་ལས་ལོགས་སུ་བཀར་ཏེ་གསུངས་ཡོད།
    གང་ལྟར་ས་སྐྱ་པས་ཇོ་ནང་ས་སྐྱའི་ཁུངས་རེད་ཅེས་གླེང་ཕྱོགས་བཟོས་རྐྱེན་ད་ལྟ་ས་ཇོ་གཉིས་ཀྱི་བར་ལ་འགལ་བ་ཚབ་ཆེན་བྱུང་ཡོད་པ་དངོས་ཡོད་རེད། ལོ་རྒྱུས་ག་རེ་ཡིན་ན་མིན་ན། གཙོ་བོ་ད་ལྟ་བ་གལ་ཆེ་བས་སེམས་ལྡན་རྣམས་ཀྱིས་ནང་ཁུལ་གྱི་འགལ་བ་འདི་ཆེ་རུ་མི་གཏོང་བར་ཆུང་ངུར་བཟོ་རྒྱུའི་ཆེད་དང་། བོད་མི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཆེད། བཙན་པོས་ཉམ་ཆུང་ལ་ཐུབ་ཚོད་མི་བྱེད་པར་གནས་སྐབས་ཀྱི་དགོས་མཁོ་ལ་གཞིགས་ཏེ། ས་སྐྱའི་ངོས་ནས་ཇོ་ནང་པར་དགོངས་དག་དང་། བཙན་བྱོལ་གཞུང་གིས་ཇོ་ནང་ཆོས་རྒྱུད་ལ་ཆོས་རྒྱུད་གཞན་ནང་བཞིན་ཐོབ་ཐང་སྤྲད་ན་འཕྲལ་ཕུགས་གང་གི་སྐབས་ཡིན་ཡང་། ཕན་ལས་གནོད་པ་མེད་པས་གཞུང་སྒེར་སུ་ཡིན་ཡང་། འཁོན་པ་བསྡུམ་པའི་ཕྱག་ལས་རེ་གནང་ཐུབ་ན་ཡག་པོ་འདུག ང་རང་སྒེར་གྱི་ངོས་ནས་ཇོ་ནང་དང་འབྲེལ་བ་དམིགས་བསལ་མེད་པ་མ་ཟད། ངའི་རྩ་བའི་གྲུབ་མཐའ་ཡང་སྐྱ་པ་ཡིན། ཡིན་ཡང་སྐད་ཆ་དྲང་མོར་ཤོད་རྒྱུ་འདི་ངའི་དམ་བཅའ་ཡིན།
    གལ་ཏེ་གོང་དུ་སེམས་དཀར་ལགས་ཀྱིས་གསུངས་པ་ལྟར། གཞིས་བྱེས་ཇོ་ནང་ཡོངས་རྫོགས་ཀྱིས་བོད་གཞུང་ལ་ཡིད་ཆེས་བརླག་པ་ཡིན་ན། དེ་ནི་ས་སྐྱ་པས་ངོས་ནས་ཀྱང་བྱས་རྗེས་ཡག་པོ་ཞིག་ཏུ་ངོས་འཛིན་དཀའ་རྒྱུ་རེད། བོད་གཞུང་གིས་ཀྱང་རང་གི་མངའ་འབངས་ལ་རེས་མེད་བདག་སྐྱོང་མ་ཐུབ་པ་ཡིན་པ་གསལ་བོ་རེད།

    Reply
  20. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    སྤྱིར་ཆོས་རྒྱུད་ཀྱི་སྤྱི་འཐུས་བར་གནའ་རིང་ད་ཚེ་གཉིས་ལ་ཉོག་དྲ་རེད། ཡིན་ནང་གལ་སྲིད་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཚེ་ཇོ་ནང་དང་བཅས་ཆ་ཚང་ལ་སྤྱི་འཐུས་ཀྱི་ཐོབ་ཐང་ངེས་པར་དུ་དགོས་བ་མ་ཟད་ཆོས་བརྒྱུད་ཀྱི་སྤྱི་འཐུས་ལ་བོད་མི་ཞིག་ཡིན་དགོས་བ་རྩ་བ་ཉིད་ནས་མཐོང་གི་མི་འདུག
    ཧི་མ་ལའི་རི་རྒྱུད་ཀྱི་གྲྭ་བ་དེ་ཚོ་ཡང་ཆོས་བརྒྱུད་སྤྱི་འཐུས་སུ་འཛུལ་ཆོག་པའི་ཐོབ་ཐང་ངེས་དུ་དགོས་བ་མ་ཟད་དགེ་མཚན་ཡང་ཆེ་བ་འདུག་སྙམ།
    རྒྱལ་ཡོངས་ཚོགས་ཆེན་ཉིན་གྲངས་ཐུང་དྲག་མི་འདུག
    ཉིན་གསུམ་གྱི་རིང་ལ་བླ་མ་དཀོན་མཆོག་ཐག་ཡག་པོ་ཞིག་ཆད་ཡོང་མོད།

    Reply
  21. lobsang says:
    ལོ་ 14 སྔོན།

    བསྟན་པ་ས་དར་རྡོ་དར་སྐབས་ནས་ཆོས་བརྒྱུད་ཆེན་པོ་བཞི་ལས་མེད་ན་ད་ལྟ་ང་ཚོ་ལ་དེ་བས་ཀྱང་ཇོ་ནང་གི་ཆོས་བརྒྱུད་ཞིག་ཟུར་དུ་དགོས་དོན་མེད།ཇོ་ནང་ནི་ས་སྐྱའི་ཆོས་བརྒྱུད་ཁོངས་སུ་འདུས་ཡོད་པ་བློ་གཟུ་བོར་གནས་པའི་མཁས་པ་ཚོས་ཁ་གཅིག་གྲགས་རེད།

    Reply
  22. སེམས་དཀར། says:
    ལོ་ 14 སྔོན།

    བསེ་རུ་རས་གསུང་པ་བདེན་པ་རེད།
    བོད་གཞུང་གིས་ཇོ་ནང་མི་གྲལ་དུ་བཞག་གི་ཡོད་པ་མ་རེད།   ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་བླུགས་རྒྱུའི་ཐོབ་ཐང་ཡོད་མ་རེད།   ཐ་ན་ཚོགས་འདུ་ཞིག་འཚོགས་ན་ཡང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་ཇོ་ནང་ཤ་གསེང་གི་རྨེན་བཞིན་བཀར་གྱི་ཡོད་པ་རེད།    དེར་བརྟེན་ད་ལྟའི་ཆར་གཞིས་ལུས་ཇོ་ནང་ཡོངས་རྫོགས་རྦད་དེ་སེམས་ཤུགས་ཆགས་ནས་ད་ཕྱིན་བཙན་བྱོལ་གཞུང་ལ་རེ་བ་མི་རྒྱག་རྒྱུ་ཐག་གཅོད་བྱས་འདུག   དངོས་གནས་བཤད་ན་འདི་བཙན་བྱོལ་གཞུང་གི་ངོས་ནས་གཏན་དུ་མི་འགྲིག་པའི་ནོར་འཁྲུལ་གྱི་སྲིད་བྱུས་ཞིག་རེད།    བོད་ནང་ན་ཇོ་ནང་ཆོས་རྒྱུད་འཛིན་མཁན་གྱི་སྐྱ་སེར་གྲངས་གཅིག་འབུམ་ལྷག་ཡོད་པ་འདྲ།   བོད་མི་འབུམ་གཅིག་གིས་བཙན་བྱོལ་གཞུང་ལ་ཡིད་ཆེས་བརླགས་པ་ཡིན་ན།    དེ་ཡང་དོན་དག་ཆུང་ཆུང་མ་རེད་པ།   ཡིན་ཡང་ང་ཚོས་གཞུང་གིས་དེ་ལ་སྣང་མེད་བྱས་འདུག    
    ངས་བལྟས་ན་ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གོ་སྐབས་འདིར་ཇོ་ནང་ཆོས་རྒྱུད་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲོད་རྒྱུའི་ཐད་བཅའ་ཁྲིམས་བསྐྱར་བཅོས་བྱས་ན་དགེ་མཚན་ཆེ་སྙམ།
    དེ་མིན་ཉིན་ཞིག    རྒྱ་གར་དུ་ཡོད་པའི་ཇོ་ནང་པ་རྣམས་ཀྱིས་གཞུང་ལ་ཡིད་ཆེས་བརླག་ནས་ཕྱིར་བོད་ཡུལ་དུ་ལོག་མི་སྲིད་པ་མིན་ལ།   ཡང་ན་གཞུང་དང་འབྲེལ་བ་མེད་པའི་སྡེ་ཚོགས་ཞིག་ཏུ་རང་བཞིན་གྱིས་འགྱུར་རྒྱུ་ཐེ་ཚོམ་མེད་པས།    འདིའི་ཐད་བཙལ་བྱོལ་གཞུང་གི་སྐུ་དྲག་རྣམས་ཀྱིས་བསམ་བློ་གཏོང་རྒྱུ་ཕྱི་མེད་ན་སྔ་དྲག་མེད་སྙམ་པས་དགོངས་འཇགས་ཞུ།

    Reply
  23. བསེ་རུ་ར། says:
    ལོ་ 14 སྔོན།

    བོད་ཀྱི་ལོ་རྒྱུས་ཀྱི་དཀྱོག་འཚམས་འདི་ལྟ་བུ་ཞིག་ལ་གལ་ཆེན་དོན་ཆེན་དུ་གཟིགས་ནས་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་བས་ལས་དོན་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ།
    འོན་ཀྱང་ད་རེས་ཡང་ཇོ་ནང་པར་སྐལ་བཅད་བཞག་པ་འདི་ནི་དངོས་གནས་ཇོ་ནང་པའི་ངོས་ནས་ད་བར་དུ་འབོད་སྐུར་ཞུ་བ་དག་ལ་བསམ་བློ་མ་བཏང་བ་འདྲ་ཞིག་རེད་བསམ་གི ཐུགས་བསམ་བཞེས་རོགས།

    Reply
  24. གངས་ཅན། says:
    ལོ་ 14 སྔོན།

    ཤིན་ཏུ་ཡག་པོ་འདུག ཚོགས་འདུ་གང་མང་མང་ཚོགས་ནས་སྦྱང་བཤད་བྱས་ནས། གོ་བསྡུར་ལྷུག་པོ་བྱས་ན་གྲུབ་འབྲས་ཤིག་ཐོན་གི་རེད། དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཐོན་པ་ཡིན་ཟེར་བ་ལྟར། གྲུབ་འབྲས་ལེགས་པོ་ཞིག་ཐོན་གི་རེད། གོང་མི་དེ་བཤད་པ་ལྟར་གོ་བསྡུར་ཅི་ཡང་མ་བྱས་པར་དམུན་སྒོམ་བརྒྱབ་ནས་བསྡད་ན་དོན་འགྲུབ་ཀྱི་རེད་དམ། གཞུང་ལ་ཤ་ཚ་དང་བདག་པོ་མེད་པའི་སྐད་ཆ་མ་བཤད་ན་བཟང་གི་རེད།

    Reply
  25. tsering tashi says:
    ལོ་ 14 སྔོན།

    ཚོགས་ཆེན་གཉིས་པ་གསུམ་པ་བཞི་པ་ག་ཚོད་ཚོགས་ཀྱང་ཕན་འབྲས་ཅི་ཨེ་ཡོད་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese