མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་མི་མང་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་མང་རིང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མི་སྒེར་དང་ཚོགས་པ་འདྲ་མིན་གྱིས་རྒྱ་གར་དང་ཧི་མ་ལ་ཡའི་རི་རྒྱུད་གཙོས་པའི་མི་རིགས་ལ་གཞན་ཕན་གྱི་ལས་དོན་བསྒྲུབས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གིས་བསྔགས་བརྗོད་དང་ཡི་རངས་བྱེད་ཀྱི་ཡོད་པ་ལྟར། བཞུགས་སྒར་གྱི་རི་སུལ་འདི་ན་ཡང་༼ གཏོང་ལེན ༽ ཞེས་པའི་ཚོགས་པ་ཆུང་ཆུང་ཞིག་གིས་ཆུང་བ་ལྟོགས་སྐོམ་སེལ་བའི་ལས་གཞི་ནས་མགོ་བརྩམས་ཏེ། ཆེ་བ་སྙིང་དང་ཀླད་པ་གཤག་བཅོས་བར་བྱམས་བརྩེ་དང་གཞན་ཕན་གྱི་ལག་ཟུང་རིང་དུ་བསྐྱངས་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་འདི་གའི་གསར་འགོད་པ་ཆེད་དུ་ངྷ་ཤོད་རྒྱ་གར་གྲོང་གསེབ་དུ་བསྐྱོད་དེ། གཏོང་ལེན་ཚོགས་པའི་ལས་དོན་བྱེད་ཕྱོགས་ལ་རྒྱུས་ལོན་རགས་ཙམ་བྱས་པ་ཡིན། སྐབས་དེར་གཏོང་ལེན་ཚོགས་པའི་འགན་འཛིན་གྲྭ་བློ་བཟང་འཇམ་དབྱངས་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་ཐོག་མའི་བྱུང་རིམ་སྐོར་ནས་གླེང་དོན། ང་དང་གཏོང་ལེན་གྱི་འབྲེལ་བ་དེ་ཧ་ཅང་ཉན་སྦྲོ་བའི་གཏམ་རྒྱུད་ཅིག་ཡིན། ༢༠༠༠ ལོར་ངས་ཡོངས་གླིང་སློབ་གྲྭའི་འོག་ཏུ་རྒྱ་གར་གྱི་ཁང་པ་ཞིག་གླས་ནས་སློབ་སྦྱོང་བྱས་བསྡད་པ་ཡིན། སྐབས་དེར་ངའི་ཁང་པའི་ཉེ་འགྲམ་གྱི་གད་སྙིགས་ལྡུག་སའི་ལྕགས་སྒམ་འགྲམ་དུ་ནམ་རྒྱུན་རྒྱ་གར་གྱི་བྱིས་པ་བཞི་ལྔ་རེ་ཡོང་གི་འདུག བྱིས་པ་དེ་དག་གིས་གད་སྙིགས་བསྔོགས་ཏེ་བེད་སྤྱོད་ཡོད་པའི་ཅ་དངོས་རིགས་ཁུག་མའི་ནང་བསྡུ་གསོག་བརྒྱབ་ཅིང་། རུལ་ཟིན་པ་དང་འཕྲོ་བརླག་ཏུ་སོང་ཡོད་པའི་བག་ལེབ་དང་ཤིང་ཏོག་རིགས་ཐེ་ཚོམ་མེད་པར་ཟ་རྐྱང་བྱེད་ཀྱི་འདུག

རྗེས་སུ་ངས་རང་གི་ཉིན་གུང་དང་དགོང་མོའི་ཟ་མ་ཁོང་ཚོ་དང་མཉམ་དུ་བཟོས་ཏེ་བགོ་བཤའ་བརྒྱབ་པ་ཡིན། ཟླ་གཉིས་གསུམ་ནང་ང་ཚོ་འབྲེལ་འདྲིས་ཟབ་མོ་ཆགས་སོང་། ངས་ཁོང་ཚོའི་ནང་མི་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་མིན་ཐེངས་གཅིག་བལྟ་དགོས་བསམས་ཏེ། ཉིན་ཞིག་ཁོང་ཚོ་དང་མཉམ་དུ་བཞུགས་སྒར་ཉེ་འཁྲིས་ཀྱི་རྒྱ་གར་དབུལ་བོ་མང་པོ་སྡོད་སའི་གྲོང་གསེབ་དེར་ཕྱིན་པ་ཡིན། གྲོང་གསེབ་ཆུང་ཆུང་དེའི་བྱིས་པ་དག་ནི་ངའི་མཐའ་འཁོར་ལ་ཡོང་མཁན་བྱིས་པ་དེ་དག་ལས་ཀྱང་སྐྱོ་བ་འདུག ཐ་ན་འཐུང་ཆུའི་དཀའ་ངལ་ཡང་ཆེན་པོ་འཕྲད་ཀྱིན་འདུག དུས་དེ་ནས་བཟུང་ང་ཐེངས་མང་ཕྱིན་ཏེ། རང་གི་ཟ་མ་དང་གཞན་གྱི་གོན་པ་རྙིང་བའི་རིགས་སྤྲད་པ་ཡིན།

 

སྐབས་དེར་དགེ་འདུན་པ་བློ་བཟང་འཇམ་དབྱངས་ལགས་ཀྱི་མིག་མདངས་ལས་བྱམས་བརྩེ་དང་ལྷག་བསམ་བརྩེགས་མའི་བང་རིམ་མཐོང་ཐུབ་ཅིང་། སྐད་གདང་ཅུང་དམའ་ཞིང་ཧ་ཅང་སྐྱོ་བའི་ཉམས་ཀྱིས་མུ་མཐུད་དུ་བརྗོད་དོན། ལོ་དེའི་ཆར་དུས་སླེབས་སྐབས་བྱིས་པ་མང་ཆེ་བར་ན་ཚ་བྱུང་ཞིང་། དེའི་ཁྲོད་ཀྱི་བྱིས་པ་ ༤ འདས་གྲོངས་སུ་ཕྱིན་སོང་། གཞན་དག་ལ་ཡང་ཟས་བཅུད་ཀྱིས་མ་འདང་པའི་དབང་གིས་སྨན་བཅོས་བྱ་དཀའ་མོ་ཆགས་འདུག འོན་ཀྱང་། རྒྱ་གར་བའི་ནང་དུ་ཁོང་ཚོར་རོགས་རམ་བྱེད་མཁན་གཅིག་ཀྱང་མི་འདུག་ལ། བོད་པའི་ཁྲོད་དུའང་རོགས་རམ་བྱེད་མཁན་དེ་འདྲ་མི་འདུག དེ་ནས་ངས་ ༢༠༠༢ ལོ་ནས་ ༢༠༠༣ ལོའི་བར་རོགས་པ་ཞིག་བཙལ་ཏེ། ཐོག་མར་ཟ་མ་དང་གྱོན་པའི་རིགས་འཚོལ་སྒྲུབ་བྱས་པ་ཡིན། འོན་ཀྱང་དེ་ནི་འཕྲལ་སེལ་གྱི་རོགས་སྐྱོར་ཙམ་ཡིན་སྟབས། ཁོང་ཚོ་འདི་ལྟ་བའི་དབུལ་ཕོངས་ཆགས་དགོས་པའི་རྒྱུ་རྐྱེན་གང་ཡིན་དང་། མ་འོངས་པར་ཁོང་ཚོ་དཀའ་སྡུག་འདི་ལས་གྲོལ་ཐབས། ཁོང་ཅག་གི་ལས་དབང་འདི་ལ་འགྱུར་བ་ཞིག་གཏོང་ཐུབ་ན་བསམས་ཏེ། ༢༠༠༤ ལོར་ང་ཚོ་མི་གསུམ་གྱིས་གཏོང་ལེན་ཞེས་པའི་ཚོགས་པ་འདི་གསར་འཛུགས་བྱས་པ་ཡིན།  

ཐོག་མའི་དུས་སུ་ང་ཚོར་དངུལ་གྱི་རོགས་རམ་གནང་མཁན་གཅིག་ཀྱང་མ་བྱུང་སྟབས། ང་ཚོ་རང་ཉིད་ཀྱིས་གང་བྱེད་ཐུབ་པ་དང་གང་འཇོན་པ་དེ་བསྒྲུབ་རྒྱུ་བྱས་པ་ཡིན། དེ་ནི་ང་ཚོ་ནང་པའི་རྗེས་འཇུག་པ་ཞིག་དང་། ལྷག་པར་དུ་༸གོང་ས་མཆོག་གི་དབུ་འཁྲིད་པའི་བོད་མི་ཞིག་གི་ངོས་ནས་བསྒྲུབ་འོས་པ་ཞིག་ཡིན་ལ། བླ་མའི་བཀའ་དགོངས་འགྲུབ་པ་ཞིག་ཡོང་གི་རེད། དེ་དང་མཉམ་དུ་རྒྱ་གར་གཞུང་གིས་བོད་པ་ཚོར་གནས་ཚང་གཡར་ཏེ། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་བཀའ་དྲིན་ཆེན་པོ་ཡིན་པའི་དྲིན་གཟོ་དང་ཐུགས་རྗེ་ལེགས་འབུལ་གྱི་ལས་ཀ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། ང་ཚོས་ལས་གཞི་དེར་མུ་མཐུད་དུ་ཤུགས་བརྒྱབ་པ་ཡིན། ལས་དོན་ཚད་ལྡན་དང་ཁྲིམས་མཐུན་ཡོང་ཆེད། ༢༠༠༤ ལོའི་ཕྱི་ཟླ་ ༡༢ པའི་ནང་ཚོགས་པ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཡང་བྱ་ཐུབ་པ་བྱུང་སོང་། ཞེས་སྤོབས་པ་དང་བཅས་བརྗོད་བྱུང་།

 

ཁོང་གིས་གཏོང་ལེན་ཚོགས་པའི་སྒྲིག་འཛུགས་སྐོར་ངོ་སྤྲོད་གནང་དོན། བཞུགས་སྒར་ཉེ་འཁྲིས་ཀྱི་དབུལ་གྲོང་(Slum community)ནང་བྱིས་པ་ ༨༠༠ ལྷག་ལ་ཤེས་ཡོན་དང་འཕྲོད་བསྟེན། གོ་རྟོགས་སྤེལ་བའི་སྡེ་ཚན་བཅས་གསུམ་དུ་དབྱེ་སྟེ། ཐོག་མར་ཤེས་ཡོན་སྡེ་ཚན་ཁྱབ་ཁོངས་སུ་སློབ་གྲྭར་འགྲོ་མི་ཐུབ་པའི་རིགས་ཁྱིམ་ཚང་ནང་ཉར་ནས་ཟུར་སྦྱོང་སྤྲོད་བཞིན་པའི་ཕྲུ་གུ་ ༤༠ དང་། ཞོགས་པར་བྱིས་པ་ཆུང་བ་ ༦༠ སློབ་ཁྲིད་དང་། ཉིན་གུང་རྒྱབ་དུ་ལོ་ཆེ་བའི་རིགས་ ༨༠ བཅས་བསྡོམས་པའི་ཕྲུ་གུ་ ༢༠༠ མ་ཟིན་ཙམ་ལ་གོ་སྐབས་སྤྲོད་ཀྱི་ཡོད། ཤེས་ཡོན་སྡེ་ཚན་གྱི་བྱིས་པ་ཁག་ཅིག་ངྷ་རམ་ས་ལ་དང་ཧི་མ་ཅལ་མངའ་སྡེའི་སློབ་མའི་ཨང་རིམ་དུ་ཚུད་དེ་ཁོང་ཚོར་རིགས་རུས་དབྱེ་འབྱེད་མེད་པར་སློབ་གྲྭར་འགྲིམ་རྒྱུའི་གོ་སྐབས་རག་ཡོད། དེ་བཞིན་འཕྲོད་བསྟེན་གྱི་ཕྱོགས་ནས་ཀྱང་། ང་ཚོས་སྨན་པ་ཁྲིད་དེ་དབུལ་གྲོང་དུ་ཡོད་པའི་རྒན་གཞོན་དབྱེར་མེད་ལ་ཟླ་རེར་ཐེངས་རེར་གཟུགས་པོ་ཆ་ཚང་ལ་བརྟག་དཔྱད་དང་། རྒྱ་གར་གཞུང་དང་མཉམ་འབྲེལ་ཐོག་བྱིས་པ་ལོ་ན་ཆུང་བའི་རིགས་ལ་སྔོན་འགོག་གི་སྡེ་ཚན་ཟུར་འཛུགས་བྱས་ཏེ་བརྟག་དཔྱད་གཏོང་གི་ཡོད།  

༢༠༠༨ ལོ་ནས་བཟུང་སྔར་གྱི་འཕྲོད་བསྟེན་སྐོར་གྱི་དབུལ་གྲོང་ཐོག་དབུལ་གྲོང་གཞན་ཞིག་བསྣན་ཏེ། བསྡོམས་པའི་དབུལ་གྲོང་ལྔའི་མི་ ༧༠༠༠ ལྷག་གི་ཆེ་བ་སྙིང་གི་གཤག་བཅོས་ནས་ཆུང་བ་རྨ་དཀྲི་བར་རིན་མེད་ཐོག་བཀོལ་བཞིན་ཡོད་ལ། ཀང་ར་རྫོང་དང་འོ་ནཱ་རྫོང་། ཧུ་མེ་པུའུ་བཅས་རྫོང་གསུམ་དང་། མངའ་སྡེ་བྷང་བྷེ་དང་ར་ཇི་སི་ཐན། ཨོ་ཏི་ར། པན་ཇེལ་བཅས་མངའ་སྡེ་བཞིའི་དབུལ་བོ་དང་ཡུལ་མི་བཅས་ལ་རོགས་སྐྱོར་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང་།

མཐའ་མར་ཁོང་ལ་མ་འོངས་པར་ལས་གཞི་རྒྱ་སྐྱེད་ཀྱི་འཆར་གཞི་འདྲ་ཡོད་མེད་དྲིས་པར་ཁོང་གིས། འདས་པའི་ལོ་ངོ་བདུན་ལྷག་རིང་སྐུ་སྒེར་ཡིག་ཚང་གི་ངོས་ནས་དབུལ་གྲོང་གི་བྱིས་པའི་སྡོད་ཁང་དང་ཟ་མ། དགེ་རྒན་གྱི་གླ་ཆ། ཕྲུ་གུའི་གྱོན་གོས་བཅས་ཀྱི་ཐད་ཧིན་སྒོར་འབུམ་ ༨༠ ལྷག་གི་རོགས་སྐྱོར་དང་། གཏོང་ལེན་གྱི་ཡན་ལག་ཁག་ཨ་རི་དང་དབྱིན་ལན། ཧྥ་རན་སི་བཅས་ས་གནས་གསུམ་གྱི་ཚོགས་པས་མཉམ་རུབ་ཐོག སྡོད་ཁང་གསར་རྒྱག་དང་འཕྲོད་བསྟེན་ཕྱོགས་སུ་མ་དངུལ་ཧིན་སྒོར་འབུམ་ ༣༠༠ ལྷག་བཏང་ཚར་བ་རེད། མ་འོངས་པའི་ཕྱི་ཟླ་ ༧ པའི་ནང་སྡོད་ཁང་ལེགས་འགྲུབ་བྱུང་རྗེས་ང་ཚོས་སྔར་ལས་ལྷག་པར་ལས་གཞི་རྒྱ་ཆེ་རུ་གཏོང་འཆར་ཡོད། གང་ཡིན་ཞེ་ན། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་བྱིས་པ་ས་ཡ་ ༡༥༠ ལྷག་གི་གནས་སྟངས་ཧ་ཅང་སྐྱོ་བོ་རེད།

ཁོང་གིས་མུ་མཐུད་དུ་བརྗོད་དོན། དབང་བོ་སྐྱོན་ཅན་གྱི་རིགས་ལ་དམིགས་བསལ་སྡེ་ཚན་ཟུར་འཛུགས་བྱ་འཆར་ཡོད་སྟབས། ང་ཚོའི་ངོས་ནས་སྐུ་སྒེར་རང་གིས་གསར་རྒྱག་བྱས་པའི་ཁང་པའི་ནང་ཡོད་པའི་ཕྲུ་གུ་དེ་དག་ལ་ཕྱི་རྒྱལ་གྱི་རོགས་སྐྱོར་ལ་བརྟེན་མི་དགོས་པར་བོད་པའི་བླ་བྲང་ཁག་དང་ཚོང་པ། མི་མང་བཅས་ཀྱིས་རྒྱ་གར་ཡུལ་མིར་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་བསྒྲུབ་ཐུབ་ན་ཡག་པོ་རེད་བསམ་གྱི་ཡོད། དེ་ཡང་དཔལ་འབྱོར་ཙམ་མིན་པར་དང་བླང་ཞབས་ཞུའི་ཐོག་རྒྱ་གར་ཡུལ་མིར་ཞབས་ཞུ་ཞིག་བསྒྲུབ་ཐུབ་ན། ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ ལྷག་འགོར་བའི་རིང་གི་རྒྱ་གར་གཞུང་དམངས་གཉིས་ཀྱིས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ལེགས་འབུལ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

 

 

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    འབྲེལ་མཐུད་ཁ་བྱང་ཅིག་གཏོང་གནང་གི་ཆེད་དུ། kardorime@gmail.com ཨི་འཕྲིན་ཅིག་གཏོང་གནང་ཞུ་ཆེད་དུ། དགེ་ལེགས་འཕེལ། །

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    ཅོ་རི་ཉི་མ་ལགས་བསམ་བློ་ཞིབ་ཏུ་བཏང་ན་ལས་དོན་འདི་ནི་ཆོས་འཇིག་རྟེན་གང་གི་ཐད་ཀྱང་ཕུགས་རྒྱང་རིང་བོའི་ལས་དོན་རླབ་ཆེན་ཞིག་ཡིན། ལྷག་དོན་སྲིད་ཕྱོགས་ནས་བལྟས་ན་རྒྱ་གར་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་སྟབས་ལས་ཀ་འདིའི་རིགས་འཇོན་ན་ངེས་པར་བསྒྲུབ་དགོས་པ་ཞིག་དང་། སྒྲུབ་པ་ལ་ཉིད་ཀྱིས་ཀྱང་བསམ་བློ་ཐོང་ངེས་ཡིན། དེའི་ཕྱིར་ངས་ཡང་བསྐྱར་ཚོགས་པ་དེར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 12 སྔོན།

    འཛམ་གླིང་འདིའི་ཐོག་ཏུ་དཀའ་ངལ་དང་སྡུག་བསྔལ་ཡོད་མཁན་གྱི་མི་སེར་རྣམས་སྐྱོབ་ཐུབ་ཀྱི་ཡོད་ན་ཡག་པོ་རེད། ཡིན་ནའང་བོད་མི་གསར་འབྱོར་བ་ཆགས་སར་དང་བརྟེན་ས་གང་ཡང་མེད་པའི་ཉམ་ཐག་རྣམས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་མཁན་རེ་རག་ན་དེ་ལས་ཡག་པོ་ག་འདྲ།

    བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་བ་ཡར་རྒྱས་དང་ཤེས་ཡོན་ཡར་རྒྱས་ཀྱི་ཆེད་དུ་ཕྱག་ལས་གནང་དགོས་པ་ལས་རང་བཙན་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་གྱི་མི་སེར་ཉམ་ཐག་རྣམས་སྐྱོབ་མདོག་འདི་ནི།

    འཇིག་རྟེན་གྱི་གཏམ་དཔེར།

    ཆོས་རྒྱལ་ཪང་མགོ་མ་ཐོན།
    མགོ་ནག་མི་ཡི་སྲོག་སྐྱོབ།
    གསར་འབྱོར་འཚོ་རྟེན་མེད་ཀྱང།
    རྒྱ་གའི་ཡུལ་མི་སྐྱོབ་མདོག

    རང་ཡུལ་སེམས་ཀྱིས་བརྗེད་ནས།
    མི་ཡུལ་འཛུགས་བསྐྲུན་མཁས་མདོག
    རང་མིའི་རང་དབང་བརྗེད་ནས།
    འཛམ་གླིང་སྤྱི་མི་བྱེད་མདོག

    བུ་ལ་འཇོན་སྟངས་ཡོད་ན།
    རང་མི་ཉམ་ཐག་སྐྱོང་རོགས།
    མགོ་དང་ཀླད་རྒྱ་ཡོད་ན།
    རང་མི་ཕྱེད་ཀ་ཡིག་རྨོངས།

    མཛད་རྗེས་ཆེ་དང་ཆེ་ཁུ།
    མཛད་འཕྲིན་རྒྱས་ཀྱང་རྒྱས་འདུག
    གངས་ཅན་བོད་ཀྱི་མི་རིགས།
    གོ་ལ་འདི་ཡི་སྐྱབས་བཅོལ།

    Reply
  4. ཁ་བ་ནག་པོ། says:
    ལོ་ 12 སྔོན།

    བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །
    འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །
    བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །
    འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཐེག་པ་ཆེན་པོ་ཡིན་པའི་བྱས་རྗེས་ལ་རྗེས་སུ་ཡི་རང་གི་གནས་སུ་མཐོང་ངོ་། ། ཐུགས་རྗེ་ཆེ་ལགས།

    Reply
  6. བློ་བཟང་དཔལ་ལྡན། says:
    ལོ་ 12 སྔོན།

    ཨ་མིའི་བུ་བློ་བཟང་འཇམ་དབྱངས་ལགས་ཀྱི་མདུན་སྐྱོད་ལ་རྗེས་སུ་ཡི་རིང་དང་བསྔག་བརྗོད་ཡོད། བསྐལ་བའི་བར་དུ་ཡལ་མི་སྲིད་པའི་མཛད་རྗེ་ཆེན་པོ། བརྗོད་ཐབས་བྲལ་བའི་སྙིང་རྗེ་ཡི་ཕྱག་ཟུང་རིང་མོ། དོན་དམ་གྱི་བླ་མའི་རྗེས་འཇུག བསྐལ་བའི་བར་དུ་གནས་པར་ཤོག མདུན་སྐྱོད་བྱོས་དང་མདུན་ལམ་ཡོད་ཡ།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    བསྐལ་བའི་བར་དུ་ཡལ་མི་སྲིད་པའི་མཛད་རྗེ་ཆེན་པོ། བརྗོད་ཐབས་བྲལ་བའི་སྙིང་རྗེ་ཡི་ཕྱག་ཟུང་རིང་མོ། དོན་དམ་གྱི་བླ་མའི་རྗེས་འཇུག བསྐལ་བའི་བར་དུ་གནས་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist