མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེ་བ་སྟོང་པ་དང་ཡོང་རྒྱུ་མེད་པའི་རྨི་ལམ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་དང་འཛིན་སྐྱོང་སྲིད་དབང་རྩིས་སྤྲོད་གནང་བའི་ཉེར་ལེན་གྱིས། དབུ་མའི་ལམ་གྱི་སྲིད་བྱུས་རང་བཞིན་གྱིས་ཡལ་འགྲོ་བ་རེད་ཟེར་བ་དེ། རེ་བ་སྟོང་པ་དང་ཡོང་རྒྱུ་མེད་པའི་རྨི་ལམ་རེད། ཅེས་ཟམ་གདོང་རིན་པོ་ཆེས་གསུངས།

དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ། དབུས་གཙང་ཆོལ་ཁ་གསུམ་ཐུན་མོང་གི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ས་གནས་མང་ཚོགས་ལ། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྗེས་ལམ་དབུ་མའི་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་ཐོག གཏམ་བཤད་ཅིག་གནང་ཡོད། བགྲོ་གླེང་ཚོགས་འདུ་དེར་ངྷ་སའི་སེར་སྐྱ་མང་ཚོགས་ ༡༠༠ ལྷག་འདུ་འཛོམས་གནང་ཡོད།  

ཐོག་མར་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བགྲོ་གླེང་གི་དམིགས་ཡུལ་ཐད་ལ་བརྗོད་དོན། ༧གོང་ས་མཆོག་ཆབ་སྲིད་དང་འཛིན་སྐྱོང་གི་གོ་གནས་ནས་བགྲེས་ཡོལ་ཕེབས་པ་དེར། རྒྱ་ནག་གཙོས་པའི་དྲ་རྒྱ་འདྲ་མིན་ཁག་ཏུ། ཏཱ་ལའི་བླ་མ་བགྲེས་ཡོལ་ཕེབས་དོན་ནི་ལམ་དབུ་མའི་སྲིད་བྱུས་ཁུངས་མ་འཁྱོལ་བ་རེད་ཟེར་བ་དང་། ཁོང་བགྲེས་ཡོལ་དུ་ཕེབས་ན། མང་གཙོའི་འགྲོ་ལུགས་ཐོག་ལམ་དབུ་མའི་སྲིད་བྱུས་རང་བཞིན་གྱིས་ཡལ་འགྲོ་ཡི་རེད་ཟེར་བ། རིགས་ཁ་ཤས་ཀྱིས་སོ་སོའི་ལྟོ་གོས་ཀྱི་ཆེད་དུ། ༧གོང་ས་སྐུ་ཕྲེང་ལྔ་པ་ནས་བཅུ་བཞི་བར་འགོག་རྐྱེན་དང་དཀའ་ངལ་འཕྲད་པ་རྣམས་སྐུ་ཕྲེང་རིམ་བྱོན་གྱིས་མ་འཇོན་པ་ཞིག་ཡིན་ཚུལ་བརྗོད་དེ་༧གོང་ས་མཆོག་ལ་དམའ་འབེབས་དང་ཟུར་ཟ་དེ་འདྲ་ཡོང་གི་ཡོད་སྟབས། ང་ཚོས་མང་ཚོགས་རྣམས་བཤད་ཡམས་དེའི་རྗེས་སུ་མི་འགྲོ་རྒྱུར་དམིགས་ཏེ་ལས་འགུལ་འདི་གོ་སྒྲིག་ཞུས་པ་ཡིན། ཞེས་བརྗོད་སོང་། 

དེའི་རྗེས་སྐུ་མགྲོན་གཙོ་བོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་དབུ་ཁྲིད་དེ། བཅའ་ཁྲིམས་ནང་གསལ་བའི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ཁག་ལ་རྩིས་སྤྲོད་གནང་རྒྱུར་ཐག་གཅོད་གནང་སྟེ། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་གྲོས་ཚོགས་ཚོགས་དུས་ ༡༡ ཐོག་གསུང་འཕྲིན་བསྩལ་སྐབས། གྲོས་ཚོགས་ནས་བསྐྱར་དུ་དགོངས་གཞི་ཡོང་རྒྱུར་གསོལ་འདེབས་ཞུས་ཀྱང་གསན་དགོངས་མེད་སྟབས། ད་ལྟ་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བཅའ་ཁྲིམས་བསྐྱར་བཅོས་བྱ་རྒྱུའི་ལས་རིམ་ཐོག་འགྲོ་བཞིན་ཡོད། མི་འགྱང་བར་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་དང་། སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མའི་སྟེང་བཅའ་ཁྲིམས་ལ་འགྱུར་བ་འགྲོ་ཡི་ཡོད།  བཅའ་ཁྲིམས་ཀྱི་འཆར་ཅན་འགྱུར་བ་ཕྱིན་ན། ང་ཚོས་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་དོན་ཚན་ ༣༩ ཙམ་བསྐྱར་བཅོས་འགྲོ་རྒྱུ་རེད། བསྐྱར་བཅོས་སྐབས་༧གོང་ས་མཆོག་གི་མཚན་ཐོག་ལ་ཡོད་པའི་ཆབ་སྲིད་དང་འཛིན་སྐྱོང་སྐུ་དབང་གཉིས། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་དང་སྤྱི་འཐུས་ལྷན་ཚོགས་བཅས་ལ་ཆ་བགོས་བྱས་ཏེ། མ་འོངས་པར་བཅའ་ཁྲིམས་ནང་ཁོང་གི་སྐུ་དབང་མེད་པ་ཆགས་རྒྱུ་ཡིན་པ་དེ་དངོས་ཡོད་གནས་ཚུལ་རེད། ཅེས་གསུངས།

ཡང་ཁོང་གིས་མུ་མཐུད་དོན། བར་ལམ་ཞིག་ནས་༧གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་ཆ་ཚང་ཞེས་པའི་བཀའ་ཐེངས་མང་གནང་ཡོད་ལ། དེ་ནི་འཆར་ཅན་བཀའ་མོལ་གནང་བའི་ཚིག་ཅིག་ཡིན་པ་ལས། ༧གོང་ས་མཆོག་གི་གསུང་འཕྲིན་ཁག་ལ་གཟིགས་ན་བགྲེས་ཡོལ་ཟེར་བའི་ཚིག་དེ་ཡོད་པ་མ་རེད། གསུམ་བཅུའི་དུས་དྲན་དང་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་ཁག་ལ་ཚང་མས་ཐུགས་ཞིབ་གནང་ཡོད། ལྷག་པར་དུ་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་ཞིབ་ཚགས་པོ་ཡོད། དེའི་མགོ་ནས་མཇུག་བར་སྐུ་དབང་ཕྱིར་གནང་རྒྱུའི་སྐོར་གྱི་བཀའ་མོལ་ལས་བགྲེས་ཡོལ་ཟེར་བའི་ཚིག་བེད་སྤྱོད་བཏང་མེད། བགྲེས་ཡོལ་ཟེར་བའི་སྐབས་སུ། ན་ཚོད་ཀྱི་ཆ་ནས་ལས་མཚམས་འཇོག་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་དུས། གཅིག་བྱས་ན། ཚིག་དེ་ཆབ་སྲིད་ཀྱི་གནས་བབ་ཐོག་ནོར་འཁྲུལ་འགྲོ་སྲིད་པ་ཞིག་རེད། ༧གོང་ས་བཅུ་བཞི་པ་ཆེན་པོ་དགུང་ལོ་མཐོ་བོར་བསླེབ་ན་བགྲེས་ཡོལ་གནང་རྒྱུ་ཞིག་དང་། ཡང་རྒྱལ་བ་སྐུ་ཕྲེང་གཞན་ཞིག་དགུང་ལོ་གཞོན་གཞོན་ཆགས་ན་བསྐྱར་དུ་འགན་བཞེས་གནང་གི་རེད་སྙམ་པའི་གོ་བ་ལེན་སྲིད་པ་ཞིག་རེད། ཅེས་དང་། 

བོད་ལ་དམངས་གཙོ་ཚད་ལྡན་ཞིག་ཡོང་ཆེད་སྲིད་དབང་རྩིས་སྤྲོད་གནང་དོན་སྐོར་ལ། ༧གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་དོན་ནི། བོད་པའི་སྤྱི་ཚོགས་ནང་དམངས་གཙོའི་ལམ་སྲོལ་གྱི་འཕེལ་རིམ་ཆ་ཚང་ཞིག་ཡོང་ཆེད་རེད། དམངས་གཙོའི་ལམ་སྲོལ་ཡང་དག་ཅིག་འོང་བར་མགོ་ཁྲིད་མཐོ་དམན་སུ་ཡིན་རུང་། ཆབ་སྲིད་དང་འཛིན་སྐྱོིང་གི་འགན་ཆེ་ཤོས་འཁྱེར་མཁན་དེ་སྐུ་ཕྲེང་རིམ་བྱོན་དང་རྒྱུད་པ་འཛིན་པ་སོགས་མིན་པར། དུས་ནས་དུས་སུ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོི་ཁྲིད་ཅིག་དགོས་པ་རེད་ཅེས་བཀའ་གནང་ཡོད། ད་ལྟ་དམངས་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་རྒྱལ་ཁབ་ཁག་ཏུ། མགོ་ཁྲིད་མཐོ་ཤོས་འོས་བསྡུའི་ལམ་ནས་ཡོང་གི་མེད་མཁན་སོགས་ཡོད་ཀྱང་། ༧གོང་ས་མཆོག་གིས་མི་གཅིག་ལ་རག་ལས་མི་དགོས་རྒྱུ་དེ་གལ་ཆེན་ཞིག་ཡིན་སྐོར་གསུང་བཞིན་ཡོད་ལ། བཀའ་སློབ་དེ་ནི་གློ་བུར་དུ་གནང་བའི་བཀའ་ཞིག་ཆགས་ཡོད་པ་མ་རེད། ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་ད་ལོའི་བར། ༧གོང་ས་མཆོག་གིས་མང་ཚོགས་ལ་ཡང་ནས་བསྐྱར་དུ། རྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པ་དང་ལྟོས་མི་དགོས་པར་མི་མང་ཚོ་རང་རྐྱ་འཕེར་ཐུབ་པ་ཞིག་དགོས་ཞེས་ཐེངས་མང་གསུངས་ཡོད། ཅེས་གསུངས་བྱུང་།   

བཀའ་ཁྲི་མཆོག་གིས་སྐུ་ཕྲེང་བཅུ་བཞི་པའི་སྲིད་དབང་མཇུག་བསྡུ་རྒྱུ་དེ། སྐུ་ཕྲེང་རིམ་བྱོན་གྱིས་མཛད་རྗེས་ལ་དོ་ཕོག་མི་ཡོང་ཆེད་ཡིན་ལུགས་གསུངས་དོན། ༧གོང་ས་ལྔ་བ་ནས་ད་བར་མི་ལོ་ ༣༦༩ ཙམ་ཕྱིན་ཡོད་ཅིང་། དེའི་རིང་བོད་མི་ཚོས་རྒྱལ་བ་སྐུ་ཕྲེང་ན་རིམ་སྟེང་སྐྱིད་ཉལ་བརྒྱབ་སྟེ་བསྡད་ཡོད་སྟབས། བསམ་བློའི་བག་ཆགས་མཐུག་པོ་དེ་དུས་ཚོད་ཐུང་ངུའི་ནང་སངས་ཐུབ་ཀྱི་ཡོད་པ་མ་རེད། ༡༦༤༢ ལོར་༧གོང་ས་ལྔ་བ་ཆེན་པོས་བཙུགས་པའི་དགའ་ལྡན་ཕོ་བྲང་གཞུང་གི་གནས་བབ་དེར། གཞིས་བྱེས་བོད་མི་ཡོངས་ཀྱིོས་ཁྲིམས་མཐུན་གྱི་གཞུང་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ལ། དེ་འདྲའི་གཞུང་དེར་ཁྲིམས་མཐུན་གནས་བབ་རག་རྒྱུར་ད་ལྟ་ཁྲིམས་མཐུན་གནས་བབ་གང་ཡོད་པ་དེའི་ཐོག་རྩིས་སྤྲོད་གནང་རྒྱུ་གལ་ཆེན་རེད། རྒྱལ་བ་ལྔ་བས་མགོ་བཙུགས་པ་དེ་རྒྱལ་བ་བཅུ་བཞི་པས་མཇུག་བསྡོམས་རྒྱག་རྒྱུ་དེ་སྐུ་ཕྲེང་བཅུ་བཞི་པར་ཡོད་པ་ཞིག་རེད། མི་གཞན་གྱིས་ཐག་གཅོད་མ་བྱས་གོང་༧གོང་ས་མཆོག་གིས་ཐག་གཅོད་པ་དེ། སྐུ་ཕྲེང་གོང་མ་ན་རིམ་གྱི་མཛད་པ་རྣམས་ནག་གསུབ་ཏུ་མི་འགྲོ་རྒྱུའི་དོན་དུ་རེད། ཅེས་གསུངས་སོང་། 

༧གོང་ས་མཆོག་ཆབ་སྲིད་དང་འཛིན་སྐྱོང་འགན་དབང་ལས་ཕྱིར་བུད་ནའང་། ཁོང་གིས་ལམ་སྟོན་གནང་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་པའི་ཐད་ལ།  ཐེངས་འདིར་༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་བ་དེས། དབུ་མའི་ལམ་གྱི་སྲིད་བྱུས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོིད་པ་མ་རེད། དང་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས། རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀར་ང་ཚོར་བསམ་ཡུལ་ལས་འདས་པའི་རླབས་ཆེན་གྲུབ་འབྲས་ཐོན་ཡོད་ལ། མ་འོངས་པར་ཡང་གྲུབ་འབྲས་མུ་མཐུད་ནས་འཐོན་ཐུབ་ཀྱི་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་གྲུབ་འབྲས་མ་ཐོན་པ་རེད་ཟེར་བ་དེ། སོ་སོའི་མཐོང་ཕྱོགས་ཤིག་རེད་མ་གཏོགས། ཉི་ཤར་ལ་སྤར་མོས་ཁེབས་ཐུབ་ཐབས་ཡོད་པ་མ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་གྲུབ་འབྲས་ཐོན་ཡོད་མེད་གཞིས་བྱེས་མི་མང་དང་རྒྱལ་སྤྱིའི་མགོ་ཁྲིད་ཚོས་ཀྱང་ཤེས་རྟོགས་བྱུང་ཡོད། དེར་མི་ཁ་ཤས་ཀྱིས་གྲུབ་འབྲས་ཐོན་མེད་ལབ་ནའང་། ང་ཚོས་སྐད་ཆ་དེར་དོ་སྣང་དང་རྩ་ཆེན་དུ་བརྩི་དགོས་པའི་གནས་བབ་གང་ཡང་མེད་ལ། ༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་བྱས་རྗེས། དབུ་མའི་ལམ་གྱི་སྲིད་བྱུས་མཇུག་སྐྱོང་བྱེད་མཁན་མེད་པའི་བསམ་ཚུལ་ཡོད་ན། དེ་ལས་ཀྱང་བགད་མོ་ཤོར་བའི་གཞི་རྩ་ཆགས་འགྲོ་བ་རེད། ཅེས་དང་།

ཁོང་གིས་མུ་མཐུད་དུ་དབུ་མའི་ལམ་གྱི་སྐོར་ལ་བསྟན་དོན། དབུ་མའི་ལམ་གྱི་སྲིད་བྱུས་༧གོང་ས་མཆོག་མི་གཅིག་གིས་ཐག་བཅད་པ་མིན་པ་ཚང་མས་ཤེས་ཀྱི་ཡོད། སྲིད་བྱུས་དེ་༧གོང་ས་མཆོག་གིས་ལམ་སྟོན་གནང་པའི་གནས་ཚུལ་ཞིག་ཡིན་ཡང་། ཐག་གཅོད་དམངས་གཙོའི་ལམ་སྲོལ་བརྒྱུད་མི་མང་གིས་ཐག་གཅོད་བྱས་པ་ཞིག་ལས། རྒྱལ་བ་རིན་པོ་ཆེས་སྐུ་རྐྱང་གིས་ཐག་བཅད་པའི་གནས་སྟངས་ཤིག་ཆགས་མེད། ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་དང་འཛིན་སྐྱོང་གི་སྲིད་དབང་རྩིས་སྤྲོད་གནང་བའི་ཉེར་ལེན་གྱིས། དབུ་མའི་ལམ་གྱི་སྲིད་བྱུས་རང་བཞིན་གྱིས་ཡལ་འགྲོ་ངེས་རེད་ཟེར་བ་དེ་རིགས་ནི། རེ་བ་སྟོང་པ་དང་ཡོང་རྒྱུ་མེད་པའི་རྨི་ལམ་ཞིག་རེད། སྲིད་བྱུས་མང་ཚོགས་ཀྱིས་གཏན་ལ་འབེབས་དགོིས་པ་ཞིག་ཡིན་དུས། མང་ཚོགས་ཀྱིས་བསམ་ཚུལ་ལ་འགྱུར་བ་མ་ཕྱིན་བར་མི་རེ་ཟུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་དང་། དུས་རྒྱུན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་འདོད་བྱས་ཏེ། བརྒྱུད་ལམ་ཁག་དང་ངྷ་རམ་ས་ལའི་སྲང་ལམ་ཁག་ཏུ། ལས་ཀ་དང་འགན་འཁུར་མེད་པར་བཤད་སྡོད་མཁན་གྱི་བསམ་ཚུལ་དང་བཤད་སྟངས་ཤིག་གི་ཐོག་ནས། ཡང་ནས་ཡང་དུ་མང་ཚོགས་ཀྱིས་སྲེག་བཅད་བརྡར་བའི་གསེར་བཞིན་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་འགྱུར་བ་འགྲོ་ཐུབ་ཀྱི་མ་རེད་ལ། འགྱུར་བ་འགྲོ་དགོས་དོན་ཡང་ཡོད་པ་མ་རེད། ནམ་ཞིག་མང་ཚོགས་ཀྱིས་ངེས་པ་རྙེད་དེ་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་ཞིག་དང་། དེ་ལས་ལྷག་པའི་གདམ་ཀ་ཡག་པོ་ཞིག་སྟོན་ཐུབ་པའི་གནས་བབ་བྱུང་ན། སྐབས་དེར་གདམ་ཀ་བྱ་ཆོག་ལ་གདམ་ཀ་བྱ་རྒྱུའི་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཅེས་གསུངས་བྱུང་།

                                                                                                                  གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༢ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༢༢ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢༢ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡

མཆན། 6

  1. གནས་ཚང་། says:
    ལོ་ 14 སྔོན།

    སྐུ་ངོ་མོག་བསྟན་ལགས།

    ཁྱེད་རང་གིས་ང་ལ་ཕྱོགས་འགལ་ཚོགས་མི་ལྟ་བུའི་གོ་ས་གསོལ་རས་བསྩལ་བར་ཐུགས་རྗེ་ཆེ། ཡིན་ནའི། གུས་རང་ནི་པཱ་ལེ་བ་ཞིག་རེད། རང་ཚོ་ལྟ་བུའི་བཞུགས་ས་གཞུང་ལས་ཁང་མ་རེད། ལུས་ཤུགས་ངལ་རྩོལ་བ་ཞིག་རེད། ད་ལྟ་གུས་ནས་ག་རེ་ལབ་ཀྱི་ཡོད་ཟེར་ན། བཙན་བྱོལ་བོད་གཞུང་དེ་སྒྲིག་འཛུགས་ཤིག་ཡིན་ཟེར་གྱི་ཡོག་རེད། ཡང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྒྲིག་འཛུགས་དེ་ཁྲིམས་ཁང་ལ་བསྐྱལ་ཡོག་རེད། ད་ལམ་ཞིག་ག་བ་ཡོག་རེད། གནས་སྟངས་འདི་ནི་པཱ་ལེ་མ་བསྲེག་པར་པེ་ཤག་ལ་ཁོག་རྩིས་རྒྱག་གིན་པ་འདྲ་བོ་ཞིག་མ་རེད་པས། ཅིག་གསུང་ཤོག

    Reply
  2. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    གསུང་འཕྲིན་ཁག་ནི་གཞུང་འབྲེལ་ཡིག་ཆ་ཡིན་དུས་དེའི་ནང་བགྲེས་ཡོལ་ཟེར་བའི་ཚིག་ཡོད་མ་རེད་གསུངས་པ་རེད། ད་དུང་ཐེངས་ཤས་ཀློག་དང་། གྲོགས་པོ། དོན་མ་གོ་ན་གོ་རིམ་འཁྲུགས་འགྲོ་བས་དེ་ལས་མགོ་རྙོག་ཚ་པོ་ཡོད་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཉིས་སྨན་ དབུས་ལམ་ ལས་ ལྷག་པ་ཅིག་ ལམ་གསར་པ་ གང་ཡང་ མཐོང་ མ་སོང་བས། དབུས་ལམ་ལ་ འགྱུར་བ་ འགྲོ་ མི་སྲིད་ལ། རང་བཙན་ རྩོད་ནས་ རྙོག་ཁྲ་ གསར་པ་ཡང་ སློང་འདོད་ མེད་ལགས། སོ་སོས་ འདོད་པ་ ལྟར་ གང་དགར་གྱིས།

    Reply
  4. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    བཟོད་པ་ལྷ་རྩེ་ལ།
    ཟམ་གདོང་བླ་མའི་བཀའ་གསུང་ནང་དྲང་དོན་དང་ངེས་དོན།དངོས་ཟིན་དང་།ཚིག་ཟིན་ཅི་རིགས་ཤིག་ཡོད་པ་མཁས་དབང་ཁོང་གི་བཀའ་མོལ་གྱི་ཁྱད་ཆོས་ཡིན་པས་ཚིག་དོན་དང་།སྔ་ཕྱི་ཚང་མར་གཟིགས་ཞིབ་ཡག་པོ་རེ་བྱེད་རྒྱུ་ནི་གལ་ཆེན་ཞིག་རེད།

    གནས་ཚང་ལ།
    ཁྱེད་རང་རྡ་རམ་ས་ལའི་ཕྱོགས་འགལ་འཐབ་རྩོད་པ་ཞིག་ཡིན་པ་ཤེས་ཀྱིན་ཡོད།
    ཡིན་ནའང་།དོན་དངོས་ཤོད།
    བརྗོད་བྱ་དང་སྐབས་སུ་བབ་པ་གླེང་རོགས།

    རྩོམ་སྒྲིག་པའི་མིག་ཐང་པོ་མེད་པས་རྐྱེན་གྱིས་སྐབས་རེར་བརྗོད་བྱར་མ་འཚམ་པའི་མཆན་འདྲེན་འགོད་བྱེད་བཞིན་འདུག་མོད།གཅིག་བྱས་ན་་་་་་་་་

    Reply
  5. གནས་ཚང་། says:
    ལོ་ 14 སྔོན།

    ཟླ་བོ་ཚེ་རིང་ཟེར་མཁན་འདི་བོད་གཞུང་ཁྲིམས་ཁང་ལ་སྦྱོར་མཁན་དེ་མ་རེད་པས། ཟམ་གདོང་བླ་མས་མི་འདི་རིགས་དང་མཉམ་དུ་ག་རེ་གནང་གི་ཡོད་པ་རེད། ད་རེས་མི་དྲག་ཚོ་འཁྲུག་ཤག

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་བའི་བཀའ་མོས་ལ་༼ཡང་ཁོང་གིས་མུ་མཐུད་དོན། བར་ལམ་ཞིག་ནས་༧གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་ཆ་ཚང་ཞེས་པའི་བཀའ་ཐེངས་མང་གནང་ཡོད་ལ། དེ་ནི་འཆར་ཅན་བཀའ་མོལ་གནང་བའི་ཚིག་ཅིག་ཡིན་པ་ལས། ༧གོང་ས་མཆོག་གི་གསུང་འཕྲིན་ཁག་ལ་གཟིགས་ན་བགྲེས་ཡོལ་ཟེར་བའི་ཚིག་དེ་ཡོད་པ་མ་རེད།༽ཡང་སྙིང་གང་བཤད་ཀྱི་ཡོད་དམ། གོང་གི་ཚིག་དུམ་དེར་༸གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་ཆ་ཚང་ཞེས་པའི་བཀའ་ཐེངས་མང་གནང་ཡོད་ཞེས་གཅིག་གསུང་གི་འདུག་ལ་ཡང། ༧གོང་ས་མཆོག་གི་གསུང་འཕྲིན་ཁག་ལ་གཟིགས་ན་བགྲེས་ཡོལ་ཟེར་བའི་ཚིག་དེ་ཡོད་པ་མ་རེད་ཞེས་གཅིག་གསུང་ཡང་སྙིང་༸གོང་ས་མཆོག་བགྲེས་ཡོལ་གནང་གི་ཡིན་གསུང་གི་ཡོད་དམ་མིན་གསུང་གི་ཡོད་དེ་ནི་མི་མང་མགོ་བོ་རྨོངས་སུ་བཅུག་གི་མིན་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese