མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་དང་བེམ་རོས་ཁེངས་པའི་དུར་ས་ཞིག་ཆགས་སྲིད་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་ངོས་ནས་གནས་སྟངས་འདིའི་འོག་དགེ་འདུན་པ་རྣམས་ཀྱིས་དུས་ཚོད་ག་ཚོད་ཅིག་ལ་བཟོད་བསྲན་བྱ་ཐུབ་ན་སྙམ་པའི་བློ་འཚབ་འོང་གི་འདུག གལ་སྲིད་མི་གཅིག་གིས་བཟོད་བསྲན་མ་ཐུབ་པའི་གནས་ཚུལ་བྱུང་བ་ཡིན་ན། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འབྱུང་ཆོག་ཆོག་རེད་ཟེར།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཉེ་ཆར་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་གྲོང་གཉིས་ལ་དམ་དྲག་བྱེད་བཞིན་པའི་གནས་ཚུལ་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། གསལ་བསྒྲགས་དེའི་ཐོག་བཞུགས་སྒར་ཀིརྟི་གྲྭ་ཚང་གི་གྲྭ་ཚེ་རིང་ལགས་དང་གྲྭ་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱིས་ཉེ་བའི་དུས་ཡུན་རིང་གི་རྔ་པ་ས་ཁུལ་གྱི་གནས་ཚུལ་ངོ་སྤྲོད་གནང་སོང་།   

སྐབས་དེར་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་རྔ་པ་ཁུལ་གྱི་ལས་འགུལ་གྱི་བརྒྱུད་རིམ་དང་འབྲེལ་བརྗོད་དོན། ད་ཆར་ཀིརྟི་དགོན་པའི་ཕྱོགས་ཡོངས་རྒྱ་དམག་གིས་བསྐོར་ཏེ། དགོན་པའི་གླིང་མདོའི་སྒོ་ཆེན་གཙོས་ཕྱོགས་བཞི་རུ་ཡོད་པའི་སྒོ་ཚང་མ་ཟྭ་བརྒྱབ་སྟེ། དགེ་འདུན་པ་ཚོ་ནང་མིར་ཐུག་འཕྲད་དང་ཛ་དྲག་གི་སྨན་བཅོས་བྱ་དགོས་རིགས་ཀྱང་འཛིན་གྲྭའི་རྒན་བདག་གི་ཁག་ཐེག་ས་ཡིག་དང་དགོན་པའི་དགེ་བསྐོས་དང་ལས་སྣེ་བའི་ས་ཡིག གཞན་དགོན་པའི་ནང་ཡོད་པའི་གཞུང་འབྲེལ་ལས་བྱེད་ཀྱི་དགོངས་འཁྲོལ་མ་བརྒྱུད་པར་གཅིག་ཀྱང་འགྲོ་སྐྱོད་བྱ་མི་ཆོག་པ་བཟོས་འདུག ཅེས་དང་།

ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པར་བཟོས་ཏེ། དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་གྲྭ་བ་ ༢༥༠༠ ལྷག་གི་ནམ་རྒྱུན་གྱི་དཔེ་ཁྲིད་ཀྱང་མཚམས་བཞག་པའི་གནས་སྟངས་ཆགས་འདུག ད་ལྟའི་བར་གྲྭ་བ་ ༡༧ འཛིན་བཟུང་བྱས་འདུག་ལ། དེའི་ཁྲོད་ཀྱི་ཁག་ཅིག་ཀློད་གྲོལ་བཏང་ཡོད་ཀྱང་། ད་ལྟའི་ཆར་ཀིརྟི་དགོན་པ་རང་གི་གྲྭ་བ་ ༨ དང་རྨེ་རུ་མ་ནས་ཡིན་པའི་མི་སྐྱ་ཕུན་ཚོགས་ཟེར་བ་ཞིག་བཅས་བཀག་ཉར་བྱེད་མུས་རེད། ཉེ་བའི་ ༢༠ ལྷག་གི་རིང་དགོན་པའི་གྲྭ་བ་རྣམས་དམ་དྲག་འོག་ལྷག་ཏེ་བཟའ་ཆས་དཀའ་ངལ་འཕྲད་སྟབས། མི་མང་གི་ངོས་ནས་མར་དང་རྩམ་པ་མང་པོ་དགོན་པར་སྐྱེལ་སྐབས། དགོན་པའི་ངོས་ནས་གྲྭ་བ་རྣམས་ཐོ་འགོད་ཀྱིས་བཟའ་ཆས་སྤྲད་དེ་དཀའ་ངལ་ཏོག་ཙམ་སེལ་ཐུབ་ཡོད་ནའང་། ད་ལྟའི་ཆར་དམག་མིས་མི་མང་ལ་ཟ་མ་སྣ་གཅིག་ཀྱང་དགོན་པར་སྤྲོད་མ་བཅུག་པར་གྲྭ་བ་རྣམས་བཟང་བཙོན་ལྟ་བུའི་འོག་བཞག་འདུག ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། ༢༠༠༨ ལོའི་རྗེས་སུ་རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་ཕྱི་སྐོར་ཡོངས་ལ་ལྕགས་ཚེར་གྱིས་སྐོར་ཡོད་ཀྱང་། ད་ཆར་བསྐྱར་དུ་དགོན་པའི་མཐའ་ཡོངས་སུ་སོ་ཕག་གིས་རྭ་གསར་བ་བརྒྱབ་སྟེ། གྲྭ་བ་རྣམས་ཀྱི་ནང་མི་གཉེན་འབྲེལ་དང་མཆོད་མཇལ་བ་སོགས་གཅིག་ཀྱང་དགོན་པར་འགྲོ་སྐྱོད་མི་ཆོག་པ་བཟོས་ཏེ། ནང་ལོགས་སུ་གྲྭ་བ་ཡོངས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་གྱིན་འདུག ཅེས་དང་།   

གལ་སྲིད་རྒྱ་གཞུང་གིས་གྲྭ་ཕུན་ཚོགས་ལགས་ཀྱི་ངོ་རྒོལ་དེ་ནག་ཉེས་ཤིག་ཏུ་རྩི་བཞིན་ན། ད་ཆར་ཁོང་གྲོངས་ཚར་བ་རེད་ལ། དེ་དང་མཉམ་དུ་ཁོང་གི་ནག་ཉེས་ཀྱང་མཇུག་སྒྲིལ་ཚར་ཡོད། འོན་ཀྱང་རྒྱ་གཞུང་གིས་ཉེས་མེད་ཀྱི་དགེ་འདུན་པ་རྣམས་ལ་སྡུག་སྦྱོར་མནར་གཅོད་བཏང་སྟེ། མུ་མཐུད་དྲག་གནོན་བྱེད་ཀྱིན་འདུག ང་ཚོའི་ངོས་ནས་གནས་སྟངས་འདིའི་འོག་དགེ་འདུན་པ་རྣམས་ཀྱིས་དུས་ཚོད་ག་ཚོད་ཅིག་ལ་བཟོད་བསྲན་བྱ་ཐུབ་ན་སྙམ་པའི་བློ་འཚབ་འོང་གི་འདུག གལ་སྲིད་མི་གཅིག་གིས་བཟོད་བསྲན་མ་ཐུབ་པའི་གནས་ཚུལ་བྱུང་བ་ཡིན་ན། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འབྱུང་ཆོག་ཆོག་རེད་ལ། མང་ཚོགས་ཁྲི་ཕྲག་མང་པོས་དགོན་པར་བལྟས་ཡོད་སྟབས། གནས་ཚུལ་མི་ལེགས་པ་ཞིག་བྱུང་བ་ཡིན་ན། ང་ཚོའི་ངུར་སྨྲིག་གི་ཞིང་སའམ་ཆོས་ཀྱི་སྡེ་ཆེན་པོ་དེ་སང་ཉིན་མིའི་ཁྲག་དང་བེམ་པོའི་ཁེངས་པའི་དུར་ས་ཆེན་པོ་ཞིག་ཆགས་སྲིད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གཉིས་བོད་ནང་གི་མི་མང་དང་འབྲེལ་བ་ཡོད་མཁན་ཞིག་དང་། ཐེངས་འདིའི་གནས་ཚུལ་མཁོ་གཏོང་བ་ཡིན་པའི་ཆ་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་ཆོས་ལུགས་རང་དབང་གི་ཚོགས་སྡེ་ཁག རྒྱལ་སྤྱིའི་སྲིད་གཞུང་ཁག་བཅས་ཀྱིས་དམ་དྲག་འཕྲལ་དུ་མཚམས་འཇོག་དང་། བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་རྒྱུར་རྒྱ་གཞུང་ལ་འབོད་སྐུལ་ཞུ་དགོས་པའི་རེ་བ་ཡང་བཏོན་སོང་།

མཇུག་ཏུ་གྲྭ་ཚེ་རིང་ལགས་ཀྱིིས།  ཟླ་འདིར་ཕྱི་ཚེས་ ༨ ཉིན་རྔ་པ་འཛམ་ཐང་རྫོང་བར་མ་ཞང་གི་མངགས་གཏོང་ཁང་གི་སྒོ་འགྲམ་དུ་བོད་མི་ ༢༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་རོང་ནས་ཡིན་པའི་གཞོན་སྐྱེས་ཤིག་འདས་གྲོངས་དང་བོད་མི་གསུམ་འཛིན་བཟུང་བྱས་འདུག དུས་དེ་ནས་བཟུང་ས་གནས་དེར་དམ་དྲག་ཆེན་པོ་བྱས་འདུག ཅེས་དང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྔ་བ་རྫོང་ཐོག་ཏུ་ཡང་བསྐྱར་དམག་མི་ ༨༠༠ ལྷག་གསར་དུ་འགྲེམས་འཇོག་བྱས་འདུག་ལ། ཁ་སང་ནས་བཟུང་རྒྱ་གཞུང་གི་མི་སྣས་དགེ་འདུན་པ་ཚོར་ཚོགས་འདུ་བསྐངས་ཏེ། གྲྭ་བ་ཚོས་རྣམ་འགྱུར་ཡག་པོ་བསྟན་པ་ཡིན་ན་ཟླ་གཉིས་ནང་སློབ་གསོ་མཚམས་འཇོག་བྱ་རྒྱུ་དང་། གལ་ཏེ། རྣམ་འགྱུར་ཡག་པོ་མ་བསྟན་པ་ཡིན་ན་མུ་མཐུད་རྒྱལ་གཅེས་སློབ་གསོ་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག ཅེས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༦ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 3

  1. གནས་ཚང་། says:
    ལོ་ 15 སྔོན།

    གུས་བརྩི་ཡོད། རྔ་བ་དཔའ་བོའི་སྡེ། ཀིརྟི་དཔའ་བོའི་དགོན།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ནི་ཤིན་ཏུ་ཉན་ཁ་ཆེ་བས་ཀིརྟི་དགོན་པ་ནི་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་དར་རྒྱས་ཆེ་ཤོས་དང་བོད་རྒྱུད་ནང་པ་སངས་རྒྱས་པའི་རྩེར་སོན་གྱི་ཆོས་སྡེ་ཆེན་མོ་འདི་ལ་དོན་རྐྱེན་ཆེན་པོ་འདི་འདྲ་ཞིག་མི་འབྱུང་བའི་ངེས་པ་མི་འདུག་པས་སྤྱིར་ན་ནང་པ་ཡོངས་ཀྱི་གོད་ཆགས་དང་སྒོས་སུ་བོད་མི་རིགས་ཀྱི་གོད་ཆགས་ཆེས་ཤོས་ཤིག་ཏུ་འགྱུར་བས།
    བོད་ལ་ཤ་ཚ་སྙིང་ཉེའི་ལམ་སྟོན་དང་གདུང་སེམས་མཉམ་བསྐྱེད་ཀྱི་གྲོགས་པོ་ཡོངས་དང་འགྲོ་བ་མི་ཡི་རིགས་ཀྱི་ཐབས་ཐང་ལ་རྒྱབ་སྐྱོར་གནང་མཁན་གྱི་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་འདི་ལ་ཐབས་བརྒྱ་ཇུས་སྟོང་གི་རྒྱ་ནག་ལ་འབོད་བསྐུལ་ནན་མོ་བྱེད་པ་ལ་སྒོ་ཀུན་ནས་འབད་བརྩོན་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་འབོད་བསྐུལ་ཞུ་གི་ཡོད།།

    Reply
  3. ཀ་ཉག་ཚེ་རིང་། says:
    ལོ་ 15 སྔོན།

    གོང་གསལ་འཛམ་ཐང་གི་གནས་ཚུལ་རྗེས་མའི་ནང་གསལ་དང་པོ་ངོ་རྒོལ་བྱེད་མཁན་མི་གྲངས་ ༣༠ ལྷག་རེད་ལ། དེ་ལ་བརྒྱབ་ལངས་བྱེད་མཁན་མི་གྲངས་ ༡༠༠༠ ལྷག་རེད། འོན་ཀྱང་དོན་ཡོད་རྡོ་རྗེ་སོགས་མི་གསུམ་འཛིན་བཟུང་བཀག་ཉར་བྱས་པ་དེ་འཛམ་ཐང་ནས་མིན་པར། རྔ་པ་ཀིརྟིའི་དགོན་གྱི་གྲྭ་པ་ཡིན་པས་་་་ཀློག་པ་པོ་རྣམས་ཀྱིས་དེ་དོན་དགོངས་འཇགས་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese