མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལག་འཁྱེར་འདི་གལ་ཆེན་ཆཊ་ཡོད་སྟབས་དོ་སྣང་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དབུས་འཆར་འགོད་ལྷན་ཁང་གི་བཀོལ་བྱུས་འོག་མི་རིགས་དང་ས་ཁོངས་དབྱེར་མེད་ཐོག རྒྱ་གར་ནང་གནས་སྡོད་བྱེད་མཁན་ཚང་མར་དམིགས་བསལ་ངོས་འཛིན་ལག་འཁྱེར་ཨང་གྲངས་ ༡༢ ཅན་ཞིག་བཟོ་མགོ་ཚུགས་ཡོད།

ཉེ་ལམ་རྒྱ་གར་དབུས་གཞུང་གིས་རྒྱལ་ཡོངས་ལ་དམིགས་བསལ་ངོས་འཛིན་ལག་འཁྱེར་ཞིག་བཟོ་རྒྱུའི་ཐག་གཅོད་བྱས་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ངྷ་ས་ཁུལ་དུ་ལས་གཞི་དེ་དངོས་སུ་མགོ་འཛུགས་བྱས་ཡོད། ཕྱི་ཚེས་ ༡༢ ཉིན་རྒྱ་གར་དབུས་གཞུང་ཐུན་མིན་ངོ་སྤྲོད་ལག་འཁྱེར་ལས་ཁུངས་ (Unique Identity Authority of India) ཀྱི་ལྕམ་སྐུ་ཤི་ཝ་གྷཱ་མི་ (Ms .Shivagami) ལགས་བཞུགས་སྒར་ངྷ་རམ་ས་ལར་ཕེབས་ཏེ། རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་གནས་སྡོད་ཡུལ་མི་ཚང་མར་ཐུན་མིན་ངོ་སྤྲོད་ལག་འཁྱེར་ཞིག་བཟོ་འཆར་ཡོད་སྐོར་ངོ་སྤྲོད་བྱས་ཡོད་པའི་ནང་། རྒྱ་གར་ནང་གནས་སྡོད་ཡུལ་མི་ཚང་མར་རྒྱ་གར་དབུས་གཞུང་གིས་ཐུན་མིན་ངོ་སྤྲོད་ལག་འཁྱེར་གནང་རྒྱུའི་ལས་གཞི་ཞིག་མགོ་བརྩམས་ཡོད་པ་དེར་ཨཱ་དར་ (Aadhar) ཟེར་ཞིང་། ཨཱ་དར་ཞེས་པ་ནི་ཨང་གྲངས་ ༡༢ ཅན་གྱི་ངོ་སྤྲོད་ཨང་རྟགས་ཤིག་རྒྱ་གར་ནང་གནས་སྡོད་བྱེད་མཁན་རྒྱ་གར་ཡུལ་མི་ཙམ་མ་ཟད། ཟླ་དྲུག་སོན་པའི་བྱིས་པ་ཚུན་ལ་སྤྲོ་རྒྱུའི་ལས་འཆར་ཞིག་ཡིན་འདུག ཨཱ་དར་ཞེས་པ་དེ་སུ་ལ་ཐོབ་ཀྱི་རེད་ཅེ་ན། རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡིན་པ་གང་ཞིག་ལ། རྒྱ་གར་དབུས་གཞུང་ཐུན་མིན་ངོ་སྤྲོད་ལག་འཁྱེར་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་ཆ་རྐྱེན་ཚང་བའི་གང་ཟག་ལ་འཐོབ་རྒྱུ་ཡིན་འདུག

 

    ལག་འཁྱེར་དེ་བཟོ་བར་དོ་བདག་གིས་གྲ་སྒྲིག་བྱ་དགོས་པའི་ཆ་རྐྱེན་ཁག་ནི། རང་གི་མིང་དང་། སྡོད་གནས་ཁ་བྱང་། ཞལ་པར་ཨང་གྲངས། ཕ་མིང་། གཉེན་སྒྲིག་བྱས་ཡོད་མེད། རང་གི་འདྲ་པར། མཛུབ་མོ་བཅུ་བོའི་མཛུབ་ཐེལ། མིག་གཉིས་པོར་གློག་པར་བཅས་དགོས་ཀྱི་ཡོད་ཀྱང་། འདྲ་པར་དང་མཛུབ་ཐེལ། མིག་གཉིས་ཀར་གློག་པར་སོགས་རྒྱ་གར་དབུས་གཞུང་གིས་ཆེད་གཏོང་བྱས་པའི་ལས་བྱེད་ཚོས་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག ངྷ་ས་ཁུལ་དུ་ས་གནས་ཁག་ ༡༤ ནང་འཕྲལ་སེལ་ཐོ་འགོད་ལས་ཁུངས་བཙུགས་ཏེ་མིང་ཐོ་བསྡུ་རུབ་བྱ་རྒྱུ་ཡིན་འདུག་ཅིང་། མི་མང་རྣམས་སོ་སོ་གནས་ཡུལ་ས་གནས་ཐོ་འགོད་ལས་ཁུངས་སུ་བཅར་ཏེ། མིང་ཐོའི་འགེངས་ཤོག་བསྐང་དགོས་ཤིང་། མིང་ཐོ་བསྐངས་རྗེས་ཉིན་གྲངས་ ༢༠ ནས་ ༣༠ བར་སྦྲགས་ཐོག་བརྒྱུད་ངོ་སྤྲོད་ལག་འཁྱེར་དེ་འབྱོར་རྒྱུ་ཡིན་འདུག

 

    གོང་གསལ་གནས་ཚུལ་འདིའི་ཐད། ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར། ཟླ་ཚེས་(༢༠༡༡ ཟླ་ ༣ ཚེས་༢༣) འཁོད་པའི་གཞུང་ཡིག་ཅིག་ཀང་རཱ་རྫོང་གི་རྫོང་དཔོན་གྱི་མཚན་ཐོག་ནས་བོད་གཞུང་བཀའ་དྲུང་ཡིག་ཚང་ལ་འབྱོར་ཡོད་ཅིང་། ཡིག་ཆ་དེར་རྒྱ་གར་དབུས་གཞུང་གི་ཐག་གཅོད་ལྟར་རྒྱ་གར་གྱི་ཆབ་འབངས་མི་སེར་ཡིན་མིན་ལ་མ་ལྟོས་པར་རྒྱ་གར་ནང་གནས་སྡོད་བྱེད་མཁན་ཚང་མར་དམིགས་བསལ་ངོས་འཛིན་ལག་འཁྱེར་ཞིག་བཟོ་གཏན་འཁེལ་ཡོད་འདུག ལག་འཁྱེར་འདི་རྒྱ་གར་དབུས་གཞུང་འཆར་འགོག་ལྷན་ཁང་གི་ཐད་ཀའི་གཟིགས་སྐྱོང་འོག་ཡོད་པའི་ལས་གཞི་ཞིག་དང་། ལས་འཆར་འདི་གང་མགྱོགས་མཇུག་བསྒྲིལ་དགོས་པའི་དབང་གིས་གཞུང་གི་ལམ་སྟོན་འོག་ལས་གཞི་འདི་རྒྱ་གར་གྱི་བཟོ་ལས་དང་ཚོང་ལས་སྡེ་ཚན་ཆེ་ཁག་དང་གན་རྒྱ་བཞག་སྟེ། ད་ཆར་ལས་གཞི་དངོས་སུ་མགོ་འཛུགས་བྱེད་བཞིན་པ་རེད།

 

    ལས་གཞིའི་ཡིག་ཆ་འདི་བཀའ་དྲུང་ཡིག་ཚང་བརྒྱུད་ཕྱོགས་མཐའ་ཁག་གི་བོད་མིའི་ས་གནས་མགོ་འཛིན་ཚོར་ཕུལ་ཡོད་འདུག འདིའི་ཐད་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་བརྗོད་དོན། བོད་གཞུང་ངོས་ནས་བོད་མི་ཚང་མས་ལག་འཁྱེར་འདི་བཟོ་དགོས་ངེས་རེད་ཅེས་འབོད་སྐུལ་ཞུ་བཞིན་ཡོད། རྗེས་ཕྱོགས་བཟའ་འབྲུའི་ལག་དེབ་( Ration card ) ཞུ་དགོས་པ་དང་དེ་བཞིན་རླངས་རྫས་(Gas Agency) ལས་ཁུངས་ཤིག་ལ་ཐོ་འགོད་བྱ་དགོས་རིགས་ལ་ལག་འཁྱེར་འདི་སྟོན་དགོས་པ་ཞིག་ཆགས་ངེས་རེད། མདོར་ན་རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡིན་པའི་ཆ་ནས་མཐུན་རྐྱེན་ལེན་རྒྱུ་སོགས་ལ་ལག་འཁྱེར་འདི་གལ་ཆེས་ཤོས་ཤིག་ཆགས་ཡོད་པ་རེད། དེར་བརྟེན། མི་ཚང་མས་ལག་འཁྱེར་འདི་བཟོ་རྒྱུར་མིང་ཐོ་བཀོད་དེ། མིང་དང་ཁ་བྱང་སོགས་སོ་སོའི་སྐྱབས་བཅོལ་ལག་འཁྱེར་ (RC) དང་རང་བཙན་ལག་དེབ་གཞིར་བཞག་ཐོག་ཆ་རྐྱེན་གང་དགོས་ཆད་ལྷག་ནོར་འཛོལ་མེད་པར་བསྒྲུབ་རྒྱུ་གལ་ཆེན་པོ་རེད། ཅེས་ངས་དུས་བབ་གསར་ཁང་བརྒྱུད་དེ་མི་མང་ལ་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་། 

 

    འདི་གའི་གསར་འགོད་པས་བཀའ་དྲུང་ལགས་སུ་དམིགས་བསལ་ངོས་འཛིན་ལག་འཁྱེར་འདིས་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་ ( RC ) དང་། ལག་དེབ་སེར་པོ་ཨའེ་སི་(IC )སོགས་ཀྱི་ཚབ་བྱེད་ཐུབ་མིན་དང་། ཐེངས་འདིར་རྒྱ་གར་གཞུང་གིས་གློ་བུར་དུ་ལག་འཁྱེར་འདི་འདྲ་ཞིག་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ལག་འཁྱེར་འདིས་སྐྱབས་བཅོལ་ལག་འཁྱེར་( RC ) དང་། ལག་དེབ་སེར་པོ་(IC )ཡི་ཚབ་བྱེད་ཐུབ་པ་ཞིག་མ་རེད། རྒྱ་གར་མི་སེར་ལ་ཡུལ་མིའི་ལག་འཁྱེར་(National passport) ཡོད་པ་ནང་བཞིན། བོད་མི་ཚོ་རྒྱ་གར་ཆབ་འབངས་མིན་པར་བརྟེན། ལག་དེབ་སེར་པོ་ (IC) དང་། སྐྱབས་བཅོལ་ལག་འཁྱེར་(RC) སྤྲོད་ཀྱི་ཡོད་པ་རེད། དེར་བརྟེན། ལག་འཁྱེར་ཕན་ཚུན་གྱི་ཚབ་བྱེད་ཐུབ་པ་ཞིག་ཡོང་གི་མ་རེད་ལ། ལག་འཁྱེར་རེ་རེའི་ཐོབ་ཐང་ཡང་ཐ་དད་རེད། ལག་འཁྱེར་འདི་བཟོ་དགོས་པའི་རྒྱབ་ལྗོངས་གནས་ཚུལ་ནི་དོ་བདག་སོ་སོར་ཁེ་ཕན་ཡོད་པ་ཞིག་དང་། རྒྱ་གར་གཞུང་གི་སྲུང་སྐྱོབ་དང་བདེ་འཇགས་ལ་འབྲེལ་བ་ཡོད་པ་ཤིག་ཆགས་ཡོད་པ་རེད། ཅེས་གསུངས་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༩ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༠ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ཚོ་བཙན་བྱོལ་བོད་མི་རྣམས་ནི། རྒྱལ་ཁབ་དང་རང་ས་མེད་པས། ཡར་བལྟས་ན་གནམ་ལག་འཁྱེར་དང་། མར་བལྟས་ན་ས་རོགས་རམ་དང་དངུལ་ལོར་ལ་མ་གཏོགས་རེ་ས་མེད་པ་མ་རེད་པེ། ལག་འཁྱེར་དང་དངུལ་ལོར་གྱིས་ཕྱུག་པར་ཤོག །
    དྲང་བདེན་དང་ལ་རྒྱ། ཆོས་རིག་དང་གཞུང་ནི་ཡོད་ཡོད་པ་རེད། རྒྱ་གར་གཞུང་ལ་བཀྲ་དྲིན་ཆེའོ།
    རྒྱ་ནག་གཞུང་མ་གཏོགས་པའི་རྒྱ་གར་ལ་སོགས་འཛམ་གླིང་བོད་རིགས་གར་ཡོད་ཀྱི་རྒྱལ་ཁབ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུའོ། །དགེའོ། དགེའོ། དགེ་བར་འགྱུར་ཅིག །

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    བཀུར་འོས་བཀའ་དྲུང་མཆོག་ལ། གོང་གསལ་ཕྱག་ཁྱེར་འདི་ཡི་ཁྱབ་ཚད་དང་། རྩིས་མཐོང་། ལས་གཞི། རྒྱ་གར་ཡུལ་མི་སོགས་ལ་ཡོད་པ་བཞིན་གཅིག་མཚུངས་ཡིན་མིན་སོགས་ཀྱི་གསལ་བཤད་ཡག་པོ་ཞིག་གནང་ན་མ་འོངས་པར་རང་ཅག་བོད་མི་ཡོངས་ལ་ཕན་ཐོག་ཆེ།

    Reply
  3. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    གཞུང་ཕྱོགས་ཀྱི་ཡིག་ཆའི་ནང་དུ་ཡུལ་མི་ཞེས་པ་འདི་བེད་སྤྱོད་གནང་འདུག་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྟར་ན་ཚིག་འདི་ལ་གོ་བ་ཆེན་པོ་ཡོད།
    གཤམ་ནས་བཀའ་དྲུང་ལགས་ཀྱིས་RS དང་IS གཉིས་དང་ལག་འཁྱེར་འདི་གསུམ་མ་འདྲ་བར་ངོ་བོ་སོ་སོར་ཡོད་པར་འགྲེལ་བཤད་གནང་བ་ནི་བཀའ་དྲིན་ཆེན་པོ་རེད། དེ་མིན་བཅའ་ཁྲིམས་དགོངས་དོན་གྱི་ཡུལ་མིའི་གོ་དོན་འདིས་སེམས་པ་ཀློང་ཀློང་བོར་བཟོས་ཡོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese