དེ་རིང་བལ་ཡུལ་གྱི་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡༩ ཉིན་བལ་ཡུལ་གྲོས་ཚོགས་ནང་རྙོག་གླེང་ཞིག་བྱུང་ཡོད་འདུག་ཅིང་། དེ་ནི་ཉེ་ལམ་བལ་ཡུལ་སྲིད་བློན་གྱིས་བསྐོ་བཞག་བྱས་པའི་གྲོས་ཚོགས་འཐུས་མི་དང་། དཔལ་འབྱོར་བློན་ཆེན་གཅིག་ལྕོག་སྐུ་ཞབས་ལྷར་སྐེལ་བླ་མ་(Lharkyal Lama) ཞེས་པར་བལ་ཡུལ་མི་སེར་ལག་འཁྱེར་དང་། རྒྱ་གར་མི་སེར་ལག་འཁྱེར། བོད་མིའི་སྐྱབས་བཅོལ་ལག་འཁྱེར་བཅས་ཡོད་སྐོར་བཀོད་འདུག
གནས་ཚུལ་དེར་མུ་མཐུད་དོན། སྐུ་ཞབས་ལྷར་སྐེལ་བླ་མ་ཁོང་ལ་ ༢༠༠༠ ལོར་བལ་ཡུལ་མི་སེར་ལག་འཁྱེར་རག་ཡོད་ཅིང་། དེའི་གོང་དུ་རྒྱ་གར་གྷུ་ཝ་ཧཱ་ཊེ་ (Guwahati) ནས་རྒྱ་གར་ཡུལ་མིའི་ལག་འཁྱེར་བཟོས་ཏེ། རྒྱ་གར་བ་མཁན་པོ་འཆི་མེད་ཚེ་རིང་ཞེས་བཀོད་འདུག དེ་བཞིན་ ༡༩༦༩ ལོར་ཁོང་གིས་རྒྱ་གར་ལྷོ་ཕྱོགས་མའེ་སོར་ (Mysor) ནས་བོད་མིའི་སྐྱབས་བཅོལ་ལག་འཁྱེར་བཟོས་ཡོད་པའི་ནང་། བོད་རིགས་འཆི་མེད་ཚེ་རིང་ཞེས་བཀོད་འདུག་ཟེར།
གྲོས་ཚོགས་ནང་གི་རྩོད་རྙོག་དེས་རྐྱེན་པས་གྲོས་ཚོགས་འཐུས་མི་གཞན་གཉིས་ཏེ། གྷ་ཡཱ་ཊིརེ་ (Gayatri ) དང་ཡཱ་ཌེཧྥུ་ (Yadav ) ཞེས་པ་གཉིས་ལའང་ལག་འཁྱེར་རྫུན་མ་ཡོད་པའི་ཐེར་འདོན་བྱུང་ཡོད་པ་མ་ཟད། ཉིན་དེའི་གྲོས་ཚོགས་གྲོལ་ཁར་ཁོང་གཉིས་འཛིན་བཟུང་བྱས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
བལ་པོའི་མི་སེར་ཞིག་གིས་བཙན་བྱོལ་བོད་མི་ཡིན་ཁུལ་དང་། རྒྱ་གར་མི་སེར་ལེན་པ་ཙམ་གྱིས་རྒྱལ་ཁབ་དང་། མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་དྭོགས་མེད། འཆི་མེད་ཚེ་རིང་ལགས་ཁྱེད་རང་སེམས་ཤུགས་མ་ཆགས་པར་བྱས་ནས། བལ་དོན་དུ་མུ་མཐུད་ནས་དཔལ་འབྱོར་ཡར་རྒྱས་ལ་སྨན་པའི་ལས་དོན་སྒྲུབ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད།
ཡག་པོ་འདུག་་ཡིན་ནའང་ངས་དེ་འདྲའི་ངོས་ལེན་བྱེད་ཐུབ་ས་མ་རེད
རིགས་བཟང་ལགས། རྒྱལ་ཁབ་ཁ་ཤས་ཀྱི་མི་སེར་ལག་ཁྱེར་བཟོས་ཡོད་པ་ང་ཚོའི་བཀའ་ཁྲི་ནས་མར་རྩིས་ན་ཧ་ཅང་མང་རྒྱུ་རེད། ཟེར་བར་བཀའ་ཁྲི་ལའང་ཡོད་བཟོ་བསྟན་འདུག ཟམ་གདོང་བླ་མར་ཟེར་རམ་འབྱུང་འགྱུར་གྱི་བཀའ་ཁྲིར་ཟེར། ཟམ་གདོང་ལ་མེད་པ་གསལ་པོ་རེད། ཁ་ནས་བཤད་ཚད་གཏམ་མ་ཡིན་པ་ཤེས་པར་གནོངས། བཀྲིས་བདེ་ལེགས
དོན་རྐྱེན་འདི་རིགས་ནི་བོད་མི་ཁྱི་སྨྱོན་ལྟར་དངུལ་ལ་སྨྱོ་འཁན་རེ་ཟུང་དང་གཞུང་ངམ་རང་བདེན་ལས་ཁུངས་ཀྱི་ལས་མི་ཉི་མ་གང་འཁྱོལ་ལྕེ་སྟེང་༸གོང་ས་མཆོག་དང་དོན་དུ་༸གོང་ས་མཆོག་གི་བཀའ་སློབ་ལ་བརྩི་མེད་བྱེད་འཁན་རེ་ཟུང་ཀྱི་ལས་ཀ་ཁོ་ན་རེད་དེ་རིག་ལ་དོ་སྣང་ངེས་པར་དུ་བྱ་དགོས་
རྒྱལ་ཁབ་ཁ་ཤས་ཀྱི་མི་སེར་ལག་ཁྱེར་བཟོས་ཡོད་པ་ང་ཚོའི་བཀའ་ཁྲི་ནས་མར་རྩིས་ན་ཧ་ཅང་མང་རྒྱུ་རེད།
ང་ཚོས་སྒུག་ནས་ཡོད།