མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སཱ་ཡེ་བྷ་བྷ་སྐུ་གཤེགས་པ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཆོས་ལུགས་དབུ་ཁྲིད་དང་རྩ་རླུང་སྒོམ་སྒྲུབ་པ་ཆེན་མོ་སཱ་ཡེ་བྷ་བྷ་མཆོག་གི་སྙིང་ལ་སྙུང་གཞི་ཕོག་ཏེ་སྐུ་གཤེགས་འདུག

དགུང་གྲངས་ ༨༥ ལ་སོན་པའི་ཧིན་རྡི་ཆོས་དཔོན་དང་རྩ་རླུང་སྒོམ་སྒྲུབ་པ་ཆེན་མོ་སཱ་ཡེ་བྷ་བྷ་མཆོག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ནས་སྙིང་གི་ནད་གཞི་ཕོག་ཏེ་སྨན་ཁང་དུ་སྡོད་དགོས་བྱུང་ཡོད་པ་དང་། ནད་གཞི་དྲག་སྐྱེད་མ་བྱུང་སྟབས་ཁ་སང་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་ ༧། ༤༠ སྟེང་། ཁོང་གིས་གསར་འཛུགས་གནང་པའི་སྨན་ཁང་( The Sathya Sai Super-speciality Hospital)ཞེས་པའི་ནང་སྐུ་གཤེགས་འདུག

ཆོས་དཔོན་ཆེན་མོ་ཁོང་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་མ་ཐག རྒྱལ་ཁབ་འདྲ་མིན་གྱི་མི་མང་ས་ཡ་མང་པོས་མྱ་ངན་གུས་འདུད་དང་། ཁོང་དང་འབྲེལ་ཡོད་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ཞུ་ཚིག་ཕུལ་ཡོད་ཅིང་། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་གཙོས་རྒྱ་གར་གྱི་མཐོ་རིམ་མི་སྣ་མང་པོས་ཀྱང་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་བསྟོད་བསྔགས་དང་། ཁོང་སྐུ་བཤེགས་པར་མྱ་ངན་ཞུ་ཚིག་ཕུལ་འདུག མན་མོ་ཧན་སིན་གྱིས་ཕུལ་བའི་ཞུ་ཡིག་ནང་བསྟན་དོན། སཱ་ཡེ་བྷ་བྷ་ཁོང་ནི་ཆོས་ལུགས་ཀུན་གྱི་མིག་དཔེར་བལྟ་འོས་པ་ཞིག་ཡིན། ཐེངས་འདིར་ཁོང་སྐུ་གཤེགས་པ་དེ་ནི་གྱོང་གུད་ཆེན་པོ་ཞིག་དང་། བློ་ཕམ་དང་མྱ་ངན་གྱི་གནས་ཤིག་ཆགས་ཡོད། ཁོང་གི་བཀའ་སློབ་ལམ་སྟོན་ཁག་ནི། བདེན་པ་དང་འཚེ་བ་མེད་པ་གཞི་རྩར་བཟུང་བའི་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་འཛམ་གླིང་ཞི་བདེར་སྨན་པའི་རླབས་ཆེན་གྱི་བསླབ་བྱ་རྐྱང་རྐྱང་ཡིན། ཞེས་བརྗོད་འདུག

སཱ་ཡེ་བྷ་བྷ་མཆོག་ལ་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་རྗེས་འཇུག་པ་དང་དད་མོས་བྱེད་མཁན་ས་ཡ་མང་པོ་ཡོད་པ་དང་། རྒྱལ་ཁབ་ ༡༦༠ ནང་ཁོང་གི་ཆོས་ཚོགས་ཡོད་འདུག འོན་ཀྱང་། དེ་སྔ་ཁོང་ཨོ་ཇན་ཌ་ (Uganda) དང་ཀེ་ནེ་ཡཱ་ (Kenya) རྒྱལ་ཁབ་གཉིས་ལ་མ་གཏོགས་ཕྱིའི་རྒྱལ་ཁབ་གང་ལའང་ཕེབས་མྱོང་མི་འདུག

ཆོས་དཔོན་ཆེན་མོ་ཁོང་ ༡༩༢༦ ལོའི་ཟླ ༡༡ པའི་ཚེས་ ༢༣ ཉིན་རྒྱ་གར་གྱི་ཨན་ཌི་རཱ་མངའ་སྡེ( Andhra Pradesh) ནང་གི་པུ་ཌཱ་པཱར་ཐེ་ (Puttaparthi) ཞེས་པའི་གྲོང་ཚོ་རུ་སྐྱེས་ཤིང་། ༡༩༤༠ ལོར་ཁོང་ལ་སཱ་ཡེ་བྷ་བྷ་ཞེས་པའི་མིང་ཐོགས་ཡོད་འདུག ཁོང་གིས་འདས་པའི་མི་ལོ་ ༥༠ ལྷག་གི་རིང་རྒྱ་གར་གཙོས་ས་ཁུལ་མང་པོར་སློབ་གྲྭ་དང་སྨན་ཁང་གསར་འཛུགས་དང་། ཆུའི་དཀའ་ངལ་སེལ་བའི་ལས་གཞི་འདྲ་མིན་སྤེལ་ཏེ། སྤྱི་ཚོགས་ཞབས་ཞུའི་ལས་དོན་རླབས་ཆེན་བསྒྲུབས་ཡོད་འདུག

སཱ་ཡེ་བྷ་བྷ་མཆོག་སྐུ་གཤེགས་རྗེས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ན་སེམས་འཚབ་དང་དྲི་ཚིག་ཅིག་སླེབ་བཞིན་པ་ནི། སཱ་ཡེ་བྷ་བྷ་ཐེབས་རྩ་ལ་ཨ་སྒོར་ཐེར་འབུམ་ ༩ ($ 9 billion) ཙམ་ཡོད་པ་དེར་སུ་ཞིག་གིས་བདག་པོ་རྒྱག་མིན་དང་། སུ་ཞིག་གིས་སཱ་ཡེ་བྷ་བྷ་མཆོག་གི་སྐུ་ཚབ་གནང་སྟེ་ཁོང་གི་ལྟ་གྲུབ་ཀྱི་དབུ་ཁྲིད་དང་ཆོ་ག་ཕྱག་ལེན་རྒྱུན་འཁྱོངས་གནང་རྒྱུ་གནང་རྒྱུ་དེ་རེད།

གསར་འགོད་པ། བནྡེ་སྐྱབས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist