མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་ནང་གི་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ཁ་སང་ཕྱི་ཚེས་ ༢༨ ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཡའོ་གནམ་ཐང་དུ་བདེ་བར་ཞབས་སོར་བཀོད་དེ། ཉི་ཧོང་བ་དད་ལྡན་སྟོང་ཕྲག་མང་པོས་ཕེབས་བསུའི་དབུས་གྲོང་ཁྱེར་དེའི་གྷོ་ཁོ་ཁུ་ཇཱེ་ནང་པའི་ལྷ་ཁང་ཞིག་ཏུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག ༧གོང་ས་མཆོག་གིས་ལྷ་ཁང་དེའི་ནང་གི་སྐུ་རྟེན་རྣམས་ལ་རབ་གནས་མཆོད་འབུལ་དང་འབྲེལ་ཏེ། དེ་གའི་ནང་པའི་དགེ་འདུན་པ་རྣམས་དང་ལྷན་དུ་ཉེ་ཆར་ཉི་ཧོང་ནང་ས་འགུལ་མཚོ་འཁྱོམ་དང་། ཉིང་རྡུལ་བཟོ་སྐྲུན་ས་ཚིགས་ཆག་སྐྱོན་ཤོར་བ་སོགས་གོད་ཆག་བསྟུད་མུར་བྱུང་བའི་ཁྲོད་ཀྱི་འདས་སོན་ཡོངས་ལ་བསྔོ་སྨོན་གསོལ་འདེབས་མཛད་ཡོད།

༧གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་གྲུབ་རྗེས་ཉི་ཧོང་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་གསར་འགོད་པ་དག་གི་དྲི་བར་ལན་འདེབས་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས་ངོས་རང་ཐེངས་འདིར་ཉི་ཧོང་དུ་ཡོང་སྟེ་ཉེ་ཆར་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་སོང་བ་དག་ལ་བསྔོ་སྨོན་དང་། ཤུལ་དུ་སེམས་སྡུག་དང་དཀའ་ངལ་གྱི་འོག་ཏུ་གནས་ཡོད་པ་དག་ལ་གདོང་སེམས་མཉམ་སྐྱེད་ཀྱིས་སྐད་ཆ་འགའ་རེ་བཤད་རྒྱུ་བྱུང་བར་དགའ་བོ་བྱུང་། ཉི་ཧོང་བ་རྣམས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པ་སོགས་གོད་ཆག་སྔ་ཕྱིར་གདོང་ལེན་བྱས་ཏེ་ཉམས་མྱོང་ཆེན་པོ་བསགས་ཡོད་སྟབས། ཚང་མས་བློ་སྟོབས་ཆེན་པོས་འདས་ཟིན་པ་རྣམས་བརྗེད་དུ་བཅུག་སྟེ་མ་འོངས་པར་བསམ་བློ་བཏང་སྟེ་སེམས་ཤུགས་བསྐྱེད་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་འདུག

ཡང་གསར་འགོད་པ་ཞིག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པའི་ལན་དུ་༧གོང་ས་མཆོག་གིས། ད་ལྟའི་ཆར་བོད་ནང་གི་གནས་བབ་ཧ་ཅང་ཛ་དྲག་ཆགས་ཡོད། ནང་ཆོས་གཙོས་པའི་བོད་པའི་སྐད་ཡིག་རིག་གཞུང་རྩ་མེད་འགྲོ་རྒྱུའི་ཉེན་ཁར་ཐུག་ཡོད་ལ། དེ་བཞིན་ཁོར་ཡུག་ལའང་རྒྱ་གཞུང་གིས་གཏོར་སྐྱོན་ཚབས་ཆེན་གཏོང་གི་ཡོད་སྟབས། གསར་འགོད་པ་ཚོ་ངེས་པར་དུ་བོད་ནང་བསྐྱོད་དེ་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་འདུག  

ཐེངས་འདིར་༧གོང་ས་མཆོག་ཉི་ཧོང་ནང་ཕྱི་ཚེས་ ༢༨ ནས་ ༢༩ བར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས། ཕྱི་ཚེས་ ༣༠ ཉིན་མཁའ་ལམ་བརྒྱུད་ཨ་རིར་ཞབས་སོར་འཁོད་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 15 སྔོན།

    རྒྱལ་བསྟན་འཇིག་རྟེན་འདི་ནས་ཡལ་གྱིས་དོགས་པའི་སྨྲེ་སྔགས་གཉིས་པ།

    ༼༧གོང་ས་མཆོག་གིས། སྔར་མཁན་སློབ་ཆོས་གསུམ་གདན་འཛོམ་པའི་སྐབས་ནས་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ། ཞེས་སྡེ་གཉིས་གསུངས་ཡོད། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོའི་སྡེ་བྱས་ནས་ཡག་ཤོས་རེད། གལ་སྲིད་རབ་བྱུང་ངུར་སྨྲིག་གི་སྡེ་བྱས་ནས་འདུག་འདོད་ན། སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་རེད།༽

    དེ་རིང་འདི་ནས་བརྩིས་པའི་ལོ་གཅིག་གི་དུས་ཡུན་ནང་ཁྱེད་ཅག་སྦས་པའི་བརྟུལ་ཞུགས་དེ་ཚོས་རང་སྐྱོན་ངོས་ལེན་ཐོགས་ནས་རབ་བྱུང་གི་ཡོ་བྱད་མ་དོར་བ་ཡིན་ན། ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་ཐོག་ཁྱེད་ཚོའི་མཚན་ཐོ་རེ་རེ་ནས་བཀྲམ་རྒྱུ་ཡིན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡང་དྲུང་བོན་པའི་བཅས་པའི་བསྟན་པའི་སྒོར་ཞུགས་ཚང་མས་གསན་པར་ཞུ།

    འཇིག་རྟེན་པའི་དཔེ་ལ། སྟག་པག་དེ་མགོ་ནས་མཉེ་དགོས་ཞེས་བཤད་པ་བཞིན་ང་ཚོས་ཀྱང་དང་པོ། རྙིང་མའི་མ་དགོན་དྲུག་སྟེ་སྨིན་གླིང་། རྡོ་བྲག རྫོགས་ཆེན། ཞེ་ཆེན། ཀཿཐོག དཔལ་ཡུལ། བཀའ་བརྒྱུད་ལ་ཀརྨ། ཤངས་པ། འབྲི་གུང་། འབྲུག་པ། སྟག་ལུང་། ཟུར་མང་དང་། ས་སྐྱ་ལ་ས་ངུར་གཉིས་དང་། དགེ་ལྡན་ལ་སེ་འབྲས་དགེ་གསུམ། བོན་པོ་སོགས་ཀྱི་མཁན་སྤྲུལ་ཆེ་ས་ནས་ཞིབ་འཇུག་གྱིས་གྲུབ་འབྲས་བཏོན་རྒྱུ་དང་། དེ་ནས་རིམ་གྱིས་འབྲིང་གྲས་དང་། ཆུང་བ་དག་ལ་དང་། གལ་སྲིད་ཁྱེད་རང་ཐོབ་མངའ་ཐང་ལྷ་དང་མཉམ་ཡང་། རྒྱུ་དཔལ་འབྱོར་ཀླུ་དང་མཉམ་ཡང་། འཛམ་གླིང་ཤར་ནུབ་གང་དུ་གནས་ཀྱང་ངེས་པར་ཞིབ་འཇུག་ར་བ་འདི་ལས་འདའ་མི་སྲིད།

    ཁྱེད་ཅག་རང་རང་སོ་སོའི་དགོན་པའི་ལས་འགན་དང་བསྟན་པའི་འཁྲི་འཛིན་གང་ཡིན་ཡང་ང་ཚོ་ལ་ཐེ་དོགས་བྱ་རྒྱུའི་དབང་ཆ་མེད་ཀྱང་། ཁྱེད་རང་ཚོ་རབ་བྱུང་དང་སྔགས་པ་ཡིན་མིན་གཉིས་ལ་ཐག་ངེས་པར་དུ་གཅོད་ཐུབ་པ་བྱེད་ངེས་ཡིན། གང་ཡིན་ཞེ་ན་ངས་སྔར་ནས་༧གོང་ས་མཆོག་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ནང་པའི་གཙོ་འཛིན་དག་ལ་སྙན་ཞུ་ཕུལ་ཡང་མཚོ་ནང་དུ་རྡོ་གཡུག་པ་དང་གཅིག་མཚུངས་རེད་ཞག གང་ཡང་གོ་རྒྱུ་མི་འདུག་སྟེ་ང་ཚོའི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན།

    དེང་སང་སྐྲ་རིང་པོ་བཞག་བཞིན་མཁན་པོའི་ཞྭ་མོ་དང་ཆོས་གོས་སེར་པོ་གོན་བསྡད་མཁན་མང་པོ་ཞིག་མཐོང་རྒྱུ་འདུག དེ་ཚོ་ལ་ཡང་རིམ་པས་ཞིབ་འཇུག་ཅིག་བྱ་དགོས་པར་སེམས།

    ད་དུང་དཔལ་འབྱོར་ལ་བརྟེན་ནས་བླ་མའི་མིང་དང་སྤྲུལ་སྐུའི་མིང་། ཆོས་ཀྱི་རྒྱལ་པོའི་མིང་ཁུར་བསྡད་མཁན་མང་པོ་ཞིག་དེ་ཚོ་ལ་ངེས་པར་གནས་ཚུལ་རྒྱུས་ལོན་གྱིས་ཞིབ་འཇུག་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། གནའ་སྔ་མོ་ཡིན་ན་ཐག་བཅད་པ་དང་དབང་བསྒྱུར་བྱ་བ་ལ་དབང་ཆ་དང་ནུས་པ་ཨེན་ཙམ་ཡོད་དགོས་ཀྱང་། དེང་སང་དྲ་ལམ་བརྒྱུད་ནས་འཛམ་གླིང་ཤར་ནུབ་ཉིན་གཅིག་ལ་ཁྱབ་བསྒྲག་བྱ་ཐུབ་པས་ལས་སླ་པོ་རེད།

    གལ་སྲིད་བསྟན་པའི་བདག་པོ་མཁན་སྤྲུལ་རྣམ་པ་ལ་རབ་བྱུང་གི་སྡོམ་པ་མེད་ཀྱང་ཆོས་གོས་གོན་པ་ལ་ཐུགས་དགྱེས་ཚོར་ཆེན་པོ་ཡོད་ན་སྔགས་པའི་ཆོས་གོས་དེ་མནབ་ན་དགག་བྱ་གང་ཡང་མེད་པར་སེམས། ང་ཚོས་ཁྱོད་ལ་སྡོམ་པ་མེད་ན་ངེས་པར་དུ་སྐྲ་རིང་པོ་བཞག་དགོས་པ་དང་། ཆང་ས་རྒྱག་དགོས་པ་དང་། དགོན་པ་ལས་བཏོན་དགོས་ཞེས་ཞུས་ཀྱིན་མེད། ང་ཚོ་ལ་དགོས་པ་དེ་སངས་རྒྱས་ཀྱི་བསྟན་པ་དེ་དྲི་མ་མེད་པ་ཞིག་དང་སྐྱོན་མེད་ཅིག་དགོས་དུས་རྩ་ནས་ཁྱེད་རང་ནང་གི་ཉམས་རྟོགས་གང་ཡིན་ཡང་ཕྱིའི་སྤྱོད་པ་དེ་རབ་བྱུང་དང་སྔགས་ཞུགས་གང་ཡིན་ངེས་པར་དུ་ཤེས་འཇུག་རྒྱུ་དེ་ཡིན།

    འགའ་ཞིག་གིས་སྔགས་པ་ཟེར་དུས་སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་སྲུང་ནུས་མཁན་ཞིག་དང་། བསྐྱེད་རྫོགས་ལ་བརྟན་པ་ཐོ་བའི་རྣལ་འབྱོར་པ་ཞིག་དགོས་པའི་ཉམས་སྟོན་མཁན་ཡང་འདུག་སྟེ། དེ་ནི་ཤིན་ཏུ་ནས་ཀྱང་དཀའ་ཁག་གི་གནས་སུ་གྱར་བ་རེད། དེ་ཕྱིར་ཁྱིམ་པ་སྔགས་ཀྱི་ཉམས་ལེན་བྱས་མཁན་ལ་སྔགས་པ་དང་སྔགས་མ་ཞེས་འབོད་ཆོག་པར་སེམས། གང་ཡིན་ཞེ་ན་རབ་བྱུང་ཡིན་ན་ཡང་དགེ་སློང་གི་ཁྲིམས་ལ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། དགེ་སློང་མ་ལ་སུམ་བརྒྱ་དྲུག་ཅུ་རྩ་བཞི། དགེ་སློབ་མ་དེང་སང་ཡོད་མེད་གང་ལྟར་ཡང་དགེ་ཚུལ་་དང་དགེ་ཚུལ་མ་ལ་བླང་འདས་སོ་དྲུག་དང་། དགེ་བསྙེན་ལ་ཡང་སྣ་གཅིག སྣ་འགའ། ཕལ་ཆེར། ཡོངས་རྫོགས་སོགས་མང་དུ་ཡོད་ཀྱང་། གཙོ་བོ་དགག་དགོས་ཆེ་ཆུང་ལ་ལྟོས་ནས་ཉམས་ལེན་བྱ་རྒྱུ་ལས་ཐམས་ཅད་སྙིགས་མའི་དུས་འདིར་སྲུང་ཐུབ་ཡ་ཁག་པོ་རེད།

    སྔར་གྱི་རེ་བསྐུལ་དེ་བོད་ཀྱི་དྲ་བ་མང་པོ་ཞིག་ཏུ་བསྒྱུད་འདུག་པས་ཐུགས་རྗེ་ཆེ།

    ང་ལ་ཁྱེད་ཚོ་ཐོབ་དང་གོ་ས་ནས་འོག་ཏུ་འཐེན་འདོད་མེད་ལ། འདོད་ཀྱང་མི་ཐུབ་པའི་གནས་ཚུལ་ཞིག་རེད། འོན་དང་ངས་འདོད་པ་ངོ་མ་དེ་ཁྱེད་ཅག་གི་གནས་ཚུལ་ཁོལ་འདོན་གྱིས་ཕྱི་ནང་གཉིས་འདྲ་མཉམ་ཞིག་དང་། བག་ཕེབས་སོས་དལ་ངང་བྱ་བ་བསྒྲུབ་ཆོག་པའི་མི་བུ་གཤའ་མ་ཞིག་བྱེད་ན་འདོད། ངའི་དམ་བཅའ་དུས་ནམ་ཡང་འདོར་མི་སྲིད་ལ། སྲོག་འདི་དུམ་བུ་དག་རུ་ཆད་ཀྱང་འགྱུར་ག་ལ་སྲིད།

    Reply
  2. བསྟན་འཇམ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་སྐུ་ཚེ་མི་འགྱུར་བོད་པའི་མགོན་དུ་བསྐལ་བ་གྲངས་མེད་བཞུགས་སུ་གསོལ །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese