མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧ་ཏཱ་བསྐྱར་དུ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༦ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  རྒྱ་གཞུང་གིས་སོག་པོའི་རང་དབང་འཐབ་རྩོད་པ་ཧ་ཏཱ་ལགས་སུ་ལོ་ ༤ ཆབ་སྲིད་བདག་དབང་ལེན་རྒྱུ་ཡིན་ཚུལ་བརྗོད་དེ།  བསྐྱར་དུ་ནང་སོག་ཧའོ་ཧ་ཧའོ་ཐི་གྲོང་ཁྱེར་ནང་ཡོད་པའི་གསང་བའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པར་མ་ཟད། ཁོའི་ཆུང་མ་ཞིན་ནཱ་དང་བུ་བའེ་ལུ་སི་གཉིས་ཀྱང་ཡུན་རིང་བཀག་ཉར་བྱས་མཐར་ཕྱི་ཟླ་ ༡ པོའི་ཚེས་ ༡༧ ནས་དངོས་སུ་འཛིན་བཟུང་བྱས་ཡོད་འདུག  

 ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཧ་ཏཱ་ལགས་ལ་བཙོན་འཇུག་ཁྲིམས་ཐག་གི་ལོ་ཚད་རྫོགས་ཏེ་ཀློད་གྲོལ་གཏོང་དགོས་བྱུང་ཡོད་མོད།  རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་ཧ་ཏཱ་དང་ཁོའི་ཆུང་མ་ཞིན་ནཱ་དང་། བུ་བའེ་ལུ་སི་གསུམ་གསང་བའི་བཀག་ཉར་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཉེ་སྔོན་ཧ་ཏཱ་ལགས་ཀྱི་ཆུང་མའི་ཉེ་འབྲེལ་ཞིག་གིས་གསར་ལམ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་བྱས་དོན། རྒྱ་གཞུང་གིས་ཧ་ཏཱ་ལགས་ལ་ཁོ་ཚོའི་དགོས་འདུན་དང་ལེན་བྱས་ཏེ་ཡིག་ཆར་མིང་རྟགས་མ་བཀོད་ཚེ།  ཁོང་གི་ཆུང་མ་དང་བུ་གཉིས་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་རིམ་པར་བྱས་ཡོད་ནའང་།  ཁོང་གིས་དེར་དང་ལེན་མ་བྱས་པར་བརྟེན་ལོ་ ༤ ཆབ་སྲིད་བདག་དབང་འཕྲོག་པར་ཁ་གཡར་ཏེ་བསྐྱར་དུ་བཙོན་འཇུག་བྱས་ཡོད་པ་དང་། ཁོང་གིས་བཙོན་ཁང་དུ་རང་གི་ཆུང་མ་དང་བུ་གཉིས་ཀྱང་རྒྱ་གཞུང་གིས་དངོས་སུ་འཛིན་བཟུང་བྱས་པ་ཐོས་རྗེས།  བཙོན་ཁང་ནང་ཟས་བཅད་ངོ་རྒོལ་བྱས་ཏེ་ད་ལྟ་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་བརྗོད་འདུག 

ནེའུ་ཡོག་ཏུ་བརྟེན་གཞི་བྱས་ཡོད་པའི་སོག་པའི་འགྲོ་བ་མིའི་ཐོབ་ཐང་བརྡ་འཕྲིན་ལྟེ་གནས་ཀྱི་འགན་འཛིན་ཨུན་ཧི་པ་ཐའོ་ལགས་ཀྱིས་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། སོག་པོའི་རང་དབང་འཐབ་རྩོད་པ་ཧ་ཏཱ་ལགས་དང་ཁོང་གི་བཟའ་མི་རྣམས་གང་མགྱོགས་ཀློད་གྲོལ་ཡོང་བར་འབོད་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist