མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གྲྭར་དམ་དྲག

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༤ ཚེས་ ༢༢ ཡས་མས་ཤིག་ལ་རྔ་པ་རང་སྐྱོང་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་རྣམས་ཀྱི་སློབ་དེབ་དང་ཀློག་དེབ་ཁག་ལ་རྒྱ་གཞུང་གིས་བརྟག་དཔྱད་བྱས་ཏེ། གཞུང་གི་ཆོག་མཆན་མེད་པའི་དཔེ་དེབ་ཚང་མ་འཕྲོགས་ཏེ་མེར་བསྲེགས་བཏང་ཡོད་འདུག་ལ། དེང་ཕྱིན་ཆད་སློབ་གྲྭའི་ནང་སློབ་མ་ཚོས་དཔེ་རྟགས་མེད་པའི་དཔེ་དེབ་རྩ་བ་ནས་ཉར་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག སློབ་གྲྭ་དེར་རྔ་པ་རྫོང་ཁོངས་ཀྱི་སློབ་མ་མང་པོ་ཡོད་པ་རྣམས་ཕྱིར་རྔ་པ་རྫོང་ལ་དུས་ཚོད་ངེས་མེད་རིང་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། སློབ་མ་རྣམས་དབྱར་གནང་སྐབས་ཕ་ཡུལ་ལ་འགྲོ་རྒྱུ་ད་ལྟ་ནས་འགོག་རྒོལ་བྱེད་བཞིན་ཡོད་འདུག

ཕྱི་ཚེས་ ༨ ཉིན་གནས་ཚུལ་གོ་གསལ་ལ་ཕྱི་ཟླ་ ༤ ཚེས་ ༡༥ ཡས་མས་ཤིག་ནས་རྔ་པ་རྫོང་ཕྱུགས་ལས་གོང་མའི་ཆོས་རྒྱམ་ཚང་གི་རང་ལོ་ ༣༣ ཡས་མས་ཡིན་པའི་ཆོས་རྒྱམ་རྔ་པ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་མོད། ཟླ་ ༥ ཚེས་ ༣ ཡས་མས་སུ་སི་ཁྲན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་ནས་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཉེན་རྟོག་པ་མཉམ་འབྲེལ་བྱས་ཏེ་རྔ་པ་རྫོང་ཐོག་ཏུ་ཡོད་པའི་ཁོང་གི་ཨ་མ་མ་ནེའི་ནང་དང་། འབྲོག་ན་ཡོད་པའི་ཁོ་རང་གི་ནང་བཅས་སུ་སྔོག་བཤེར་བྱས་ཡོད་པ་དང་། སྐབས་དེར་ཁོང་ཁྲིན་ཏུའུ་ལ་བཀག་ཉར་བྱས་ཡོད་པ་གསལ་པོ་ཆགས་ཡོད་འདུག ཁོང་གི་ཤུལ་དུ་གཟའ་ཟླ་དང་ལོ་གཅིག་ཅན་གྱི་བྱིས་པ་ཞིག་ལྷག་ཡོད།

འདི་ལྟར་དུས་ཡུན་ཧ་ཅང་རིང་པོའི་ནང་གར་སོང་ཆ་མེད་དུ་གྱུར་འགྲོ་གི་ཡོད་པ་རྣམས་རྒྱ་གཞུང་གི་གསང་བའི་ལས་ཁུངས་དང་ཉེན་རྟོག་པས་བཀག་ཉར་བྱས་འགྲོ་བཞིན་ཡོད་པ་གསལ་པོ་ཡིན་འདུག་པར་མ་ཟད། ཀིརྟི་དགོན་པའི་གྲྭ་རྩོམ་པ་པོ་སྒོ་ཤེས་རབ་ལགས་ཀྱང་དེ་ལྟར་གར་སོང་ཆ་མེད་དུ་གྱུར་ཏེ་ཉིན་གྲངས་མང་པོ་སོང་མཚམས་གཞི་ནས་ཀློད་གྲོལ་གཏོང་སྐབས་མ་གཏོགས་གར་ཡོད་ཅི་བྱུང་གི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱེད་ཐུབ་མེད།

ཕྱི་ཟླ་ ༤ ཚེས་ ༡༨ ཙམ་ནས་ཀིརྟི་དགོན་པའི་ནང་ལ་བུད་མེད་ལོ་ན་ ༥༠ ། ༦༠ ཡས་མས་ཐོབ་ཐང་ལག་ཁྱེར་ཡོད་ས་རྣམས་གཏོང་གི་ཡོད་ཀྱང་ཕྱི་ཟླ་ ༥ ཚེས་ ༦ ཉིན་ནས་བདུན་ཕྲག་གཅིག་གི་ནང་ཐེངས་གཅིག་མ་གཏོགས་ཕྱི་མི་ནང་ལ་ཡོང་མི་ཆོག་པའི་གཏན་འབེབས་གསར་པ་བྱས་པ་དང་། དགོན་པའི་གྲྭ་ཤག་རེ་རེའི་སྒོ་ལ་དམག་མི་དང་ཉེན་རྟོག་པ་བཞག་སྟེ་དམ་དྲག་ཆེ་རུ་བཏང་འདུག་ཟེར།

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།  

འབྲེལ་ཡོད་གསར་འགྱུར།

Gareth Ward walks through waiting media as arrives at the Darlinghurst Courthouse in Sydney, Wednesday, July 30, 2025. (Dan Himbrechts/AAP Image via AP)
Mobile App

གྲོས་ཚོགས་འཐུས་མི་ཞིག་གི་བཙན་གཡེམ་གྱི་ནག་ཉེས་ལྷང་ལ་བུད།

ཆུ་ཚོད་ ༢ སྔོན་ལ།
Front Slider

ཨིན་ཊི་ཡ་ན་སྐུ་འབུམ་བྱམས་བརྩེ་གླིང་དུ་དབྱར་ཁའི་སྨོན་ལམ་འཚོག་བཞིན་པ།

ཆུ་ཚོད་ ༦ སྔོན་ལ།
་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་སྤར་ཕན་བདེ་གླིང་དུ་འཚམས་གཟིགས་གནང་། ༢༠༢༥།༠༨།༠༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་བོད་མི་རྩ་མེད་གཏོང་ཐུབ་མེད་ཀྱང་བོད་སྐད་ཡིག་རྩ་མེད་གཏོང་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Some books and Arts of the late professor David Jackson. Photo: edited by tibettimes
Mobile App

ཨ་རིའི་བོད་རིག་པའི་མཁས་པ་ཞིག་འདས་གྲོངས་སུ་གྱུར།

༢༠༢༥/༠༨/༠༦
རྒྱ་ནག་སི་ཁྲོན་ཅིང་ཡུག་གྲོང་ཁྱེར་སྲིད་གཞུང་གི་མདུན་དུ་མི་སྟོང་ཕྲག་གིས་ངོ་རྒོལ་བྱས། ༢༠༢༥།༠༨།༠༤-༠༥ དྲ་ལམ་གྱི་པར།
Mobile App

རྒྱ་ནག་ནང་མི་མང་གིས་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༥/༠༨/༠༦
the before after view of an inhabitated area damaged in a flash flood triggered by a cloudburst at Dharali, in Uttarakhand's Uttarkashi district on August 5. (Image: PTI)
Mobile App

ཨུ་ཊར་ཁན་གྱི་གྲོང་གསེབ་ཅིག་ལ་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་བྱུང་། 

༢༠༢༥/༠༨/༠༦

མཆན། 2

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    རྔ་བ་མི་མང་རྒྱལ་གྱུར་ཅིག ལུས་པོ་མི་ཡུལ་དུ་གནས་ཀྱང་སེམས་པ་དང་ཁྱེད་ཅག་གི་བར་ཐག་ན་སྟོང་ཆ་གཏན་ནས་མེད། རེམ་བུ་རྒོད་ཚོ། ད་ལྟའི་སྡུག་བསྔལ་དག མ་འོང་བའི་བདེ་སྐྱིད་འདྲེན་བྱེད་ཡིན་པ་གོར་མ་ཆགས། རེམ་རེམ།

    Reply
  2. གླིང་ཚང་བྱ་གླག says:
    ལོ་ 14 སྔོན།

    ཕ་ཡུལ་ལ་འགྲོ་རན་སོང་། ད་རན་སོང་། དངོས་གནས་རན་སང། རྒྱ་ནག་གི་སྡུག་ཚོད་མ་བཟུང་ན་ང་ཚོ་ཡང་ཁྲག་རྒྱུན་གཅིག་པའི་སྤུན་ཚོ་ཐུགས་འཕྲད་དང་སོ་སོའི་ཕ་ཡུལ་འགྲོ་བ་ལ་བྲེལ། ད་ང་ཚོ་ལོག་འགྲོ། སོ་སོའི་ནང་དུ་ལོག་འགྲོ། ཕ་ཁྱིམ་དྲོན་མོའི་ནང་དུ་ལོག་འགྲོ། སུ་ཞིག་གིས་ཆོག་ཆེན་མེད་ན་ཡང་། སུ་ཞིག་གིས་དཀའ་ཁྲོལ་མེད་ན་ཡང་། སུ་ཞིག་གིས་བཙན་བཀག་བྱས་ན་ཡང་། སུ་ཞིག་གིས་འགག་རྒོལ་བཀག་ན་ཡང་། ང་ཚོ་སྤུན་ཟླ་ཚང་མ་གཅིག་ཏུ་བསྒྲིལ་ནས་རང་ཁྱིམ་དུ་ལོག་འགྲོ། ང་ཚོའི་ཡང་བརྩོད་ལེན་བྱེད། ང་ཚོ་ལ་ཡང་སོ་སོའི་ཕ་ཡུལ་དགོས། ང་ཚོ་ཡང་གདོང་དམར་བོད་པ་ཡིན་པས། གདོང་དམར་བོད་ཀྱི་ཡུལ་དུ་ལོག། ང་ཚོ་གཅིག་ཏུ་བསྒྲིལ། ཅི་ནས་ཀྱང་ང་ཚོ་གཅིག་ཏུ་བསྒྲིལ་ནས་རང་ཁྱིམ་དུ་ལོག་འགྲོ། རང་ཁྱིམ་དུ་ལོག་འགྲོ་་་་་་་་་་་ང་ཚོ་ཕྱིར་ལོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese