མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་ཁྲིམས་འགལ་བྱས་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp


བྷེན་ལཱ་ཌན་གྱི་བུ་བཞི་བ་ཨོ་མར་བྷེན་ལཱ་ཌན་
གྱིས་ཐེངས་འདིར་ཨ་རིའི་གཞུང་དང་སྲིད་འཛིན་ཨོ་བྷ་མས་ལག་ན་མཚོན་ཆ་མེད་པའི་བྷེན་ལཱ་ཌན་དམར་གསོད་བཏང་པ་དང་ནང་མིར་མེ་མདའ་བརྒྱབ་པ། ཁོང་གི་ཕུང་པོ་རྒྱ་མཚོར་གཡུགས་པ་བཅས་ནི། ཨ་རི་རང་གི་གཞི་རྩའི་ཁྲིམས་ལུགས་དང་འགལ་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་རྩིས་མེད་བཏང་པ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་ཨོ་མར་བྷེན་ལཱ་ཌན་(Omar Bin Laden)གྱིས་ནའེ་ཡོག་དུས་བབ་གསར་ཁང་བརྒྱུད་བསྒྲགས་གཏམ་ཞིག་སྤེལ་པའི་ནང་། བྷེན་ལཱ་ཌན་བསད་ཡོད་པའི་ཕུང་པོ་དང་དཔར་སོགས་བདེན་དཔང་གསལ་བོ་གང་ཡང་མེད་སྟབས། བྷེན་ལཱ་ཌན་གྱི་ཉེ་འབྲེལ་ནང་མི་ཚོ་ཨ་རིའི་དྲིལ་བསྒྲགས་དེར་ཡིད་ཆེས་མེད། གལ་སྲིད་ཁོང་བསད་པའི་གནས་ཚུལ་དེ་དངོས་ཡོད་ཡིན་ན། ལག་ཏུ་མཚོན་ཆ་མེད་པའི་མི་ཞིག་འཛིན་བཟུང་བྱས་ཏེ་ཁྲིམས་ཁང་གི་ཞིབ་བཤེར་བརྒྱུད་འཛམ་གླིང་མི་མང་ལ་བདེན་པ་ར་སྤྲོད་མི་བྱེད་དོན་ཅི་ཡིན། བྱེད་སྟངས་འདི་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་པ་རེད། ཨི་རག་སྲིད་འཛིན་ཟུར་བ་ས་ཌམ་ཧུ་སེན་(Sadam Hussein) དང་སེར་བྷན་སྲིད་འཛིན་སི་ལོ་བྷོ་ཌན་ (Slobdan Milosevic) སོགས་ནི་མི་ཁྲི་ཕྲག་མང་པོའི་ཚེ་སྲོག་ལ་ཐུག་པའི་ཉེ་ཅན་ཡིན་རུང་ཁྲིམས་ཐོག་ནས་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཅེས་བརྗོད་འདུག

མུ་མཐུད་བསྒྲགས་གཏམ་དེར། བྷེན་ལཱ་ཌན་དམར་གསོད་བཏང་པ་དེ་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་ཤིག་མ་རེད་ལ། ནག་ཉེས་ནི་ཁྲིམས་ཐོག་ནས་དབྱེ་ཞིབ་བྱས་ཏེ་དྲང་བདེན་གྱིས་ཐག་གཅོད་བྱ་དགོས་པ་ཞིག་རེད། ངེད་ནང་མི་ཚོས་ཁོང་ལ་ཁྲིམས་བཤེར་མེད་པར་རྐྱེན་ལམ་དུ་བཏང་པར་ཞིབ་བཤེར་བྱ་དགོས་པ་དང་། བྷེན་ལཱ་ཌན་གྱི་སྐྱེས་དམན་གསུམ་དང་བྱིས་པ་འགའ་པ་ཀི་སི་ཐན་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ཀློད་གྲོལ་གཏོང་དགོས་པའི་དགོས་འདུན་འདོན་གྱི་ཡོད། ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་སྣང་མེད་ཀྱིས་ཁོང་གི་ཕུང་པོ་རྒྱ་མཚོར་གཡུགས་པ་དེ་ཁོང་གི་རྗེས་འབྲང་པ་དང་ནང་མི་ལ་མཐོང་ཆུང་བརྙས་བཅོས་བྱས་པ་ཞིག་རེད། ཅེས་བསྒྲགས་འདུག

ཨོ་མར་བྷེན་ལཱ་ཌན་ནི་ཨོལ་ཁ་ཊའི་མགོ་ཁྲིད་བྷེན་ལཱ་ཌན་གྱི་བུ་ཆེས་ཤོས་བཞི་བ་ཡིན་ཞིང་། ཁོང་ནི་ཨ་ཕའི་ལྟ་བ་ལངས་ཕྱོགས་དང་མི་མཐུན་པས་དེ་སྔ་བྷེན་ལཱ་ཌན་དང་རྒྱང་ཐག་རིང་དུ་བསྡད་ཡོད་ཅིང་། འཇིགས་སྐུལ་རིང་ལུགས་པ་ཚོར་འགྲོག་འབྲེལ་བྱེད་ཀྱི་མེད་པ་མ་ཟད། དེ་སྔ་འཛམ་གླིང་ཞི་བདེ་དང་མི་རིགས་འཆམ་མཐུན་ཐད་སྤེལ་པའི་ལས་འགུལ་འདྲ་མིན་ནང་ཆ་ཤས་ལངས་མྱོང་ཡོད་པ་ཞིག་ཡིན་འདུག་ལ། བྷེན་ལཱ་ཌན་གྱི་ཉེ་འབྲེལ་ནང་མིའི་ཁྲོད་ནས་ཁོང་ཨ་རི་སོགས་རྒྱལ་ཁབ་གང་སར་རང་དབང་ངང་འགྲོ་བྱས་མྱོང་མཁན་ཞིག་ཆགས་ཡོད། དེ་སྔ་ཁོ་ལ་བྷེན་ལཱ་ཌན་དང་འབྲེལ་པ་ཡོད་པའི་ཉེས་འཛུགས་ཀྱང་ཐེངས་ཁ་ཤས་ལ་བྱུང་ཡོད།  

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. ལྷ་ཐོག་ཟླ་ཞུན། says:
    ལོ་ 15 སྔོན།

    ཨོ་ས་མ་བྷན་ལ་ཌན་དམར་གསོད་བྱས་ཏེ་ཁྱབ་བསྒྲགས་བྱས་པ་དེ་ནི་ཨོ་བྷ་མ་སྐབས་རྗེས་མར་འོས་ཐུབ་ཆེད་འཁྲབ་པའི་ཆབ་སྲིད་ཀྱི་གཡོ་འཕྲུལ་ཞིག་རེད།། དེ་མ་གཏོགས་ཨ་རིས་ད་བར་ཁོ་མ་སོད་པ་མི་སྲིད་ལ།། དངོས་གནས་མ་སོད་ཡིན་པའི་དབང་དུ་བཏང་རུང་།།་དརེ་སོད་མ་ཐག་ཁྱབ་བསྒྲགས་བྱེད་དགོས་དོན་ག་ལ་ཡོད་དེ།། དེནི་འཛམ་གླིང་གི་ཁ་ཆེ་ཐེར་འབུམ་མང་པོར་ཕོགས་ཐུག་དང་།། ཉེད་མེད་མི་མང་དམར་གསོད་བྱེད་པའི་རྐྱེན་རྩ་ཉེན་ཁ་ཅན་གྱི་བྱ་བ་ཡིན་པའི་ཕྱིར་རོ།།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ནག་ཕྱོགས་དགྲ་བོ་ཚར་གཅོད་མ་བྱས་ན། དཀར་ཕྱོགས་འགྲོ་བའི་བདེ་སྐྱིད་ཇི་ལྟར་འཐོབ།
    འཛམ་གླིང་དམག་འཁྲུག་མཚམས་འཇོག་ཞི་བདེ་སྟེ། མི་ངན་ཚེ་ཐར་གཏོང་རྒྱུ་ཞི་བདེ་མིན།

    Reply
  3. མངའ་རིས་བུ། says:
    ལོ་ 15 སྔོན།

    བུ་འདི་ཡི་སྐད་ཆ་ལ་གོ་རྒྱུ་འདུག
    དམར་གསོད་མི་གཏོང་བར་ཁྲིམས་ལ་སྦྱོར་མི་དགོས་པའི་རྒྱུ་མཚན་མི་འདུག
    བདེན་པ་ཡོད་ན་བདེན་པ་ཁྲིམས་ཀྱི་དབྱེ་ཞིབ་བྱེད་དགོས་མ་གཏོགས་ཕྱོགས་རྐྱང་པས་དྭོག་པ་ཡོད་པའི་རྒྱུ་མཚན་གྱིས་དམར་གསོད་བཏངས་བ་ནི་མ་འོས་པ་ཞིག་རེད།
    དེ་ཡང་བྷིན་ལ་ཌིན་གྱི་ལག་ཏུ་མཚོན་ཆ་གང་ཡང་མེད་པར་གསོད་དགོས་དོན་གང་ཡིན་ནམ།
    བུ་འདི་ཡིས་གཅིག་བྱེད་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese