ཁ་སང་ཕྱི་ཚེས་ ༡༥ ཉིན་ཨེ་རན་སྲིད་འཛིན་མཱ་ཧ་མའོ་ཌི་( Mahmoud Ahmadinejad) ཡིས་ཨེ་རན་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད། ཨ་རིའི་ཕྱོགས་ནས་ཐེངས་འདིར་བྷེལ་ལཱ་ཌན་བསད་པ་ཕྱིར་བསྒྲགས་བྱས་པ་དེར་གནད་དོན་ཞིག་ཡོད་པ་རེད། གནས་ཚུལ་འདི་གལ་ཆེན་པོ་ཡིན་པས་ཚང་མས་དོ་སྣང་སྤྲོད་དགོས། བྷེན་ལཱ་ཌན་སྔོན་མ་ནས་ཨ་རིས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་ནད་པ་བཟོས་རྗེས་བསད་པ་ཞིག་རེད། ཨ་རིས་སྔོན་མ་ནས་བྷེན་ལཱ་ཌན་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ངས་ཁ་གསལ་ཤེས་ཡོད། གནས་སྐབས་འདི་འདྲ་ཞིག་ལ་ཨོ་བྷ་མས་བྷེན་ལཱ་ཌན་བསད་སྐོར་ཁྱབ་བསྒྲགས་བྱས་པ་དེ་ཆབ་སྲིད་ཀྱི་ཁེ་ཕན་དང་། ལྷག་པར་དུ་ཐེངས་རྗེས་མའི་ཨ་རིའི་སྲིད་འཛིན་གྱི་འོས་ཤོག་ལ་དམིགས་པ་ཞིག་རེད། ཅེས་བརྗོད་འདུག
ཉེ་ཆར་ཨ་རིས་བྷེན་ལཱ་ཌན་དམར་གསོད་བཏང་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ནས་རྒྱལ་སྤྱིའི་ཁྱོན་ནས་བྷེན་ལཱ་ཌན་བསད་ཡོད་མེད་དང་། དེ་བཞིན་དེ་སྔོན་ནས་ཤི་ཡོད་མེད། ཕྱོགས་གཞན་ཞིག་ནས་བྷེན་ལཱ་ཌན་བསད་ཚུལ་ཁྱབ་བསྒྲགས་བྱས་པ་ནས་ཨབ་གྷན་དང་པ་ཀི་སི་ཐན་སོགས་ཀྱི་ནང་དྲག་སྤྱོད་པའི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་འགྲོ་མིན་བཅས་ཀྱི་ཐད་གླེང་སློང་ཤུགས་ཆེན་འབྱུང་བཞིན་ཡོད།
ཕྱི་ཚེས་ ༡༣ ཉིན་པ་ཀི་སི་ཐན་གྱི་ནུབ་བྱང་ས་ཁུལ་གྱི་གཞོགས་འདེགས་དམག་གི་སྦྱོང་བརྡར་རྟེན་གཞི་ཞིག་ལ་དྲག་སྤྱོད་པས་འགད་རྫས་གཏོར་ཏེ། དམག་མི་དང་མི་སེར་༩༠ ཙམ་འདས་གྲོངས་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ཌ་ལེ་བྷན་ཤོག་ཁག་གི་མགྲིན་ཚབ་པ་ཨེ་སན་ (Ehsanullah Ehsan ) ཞེས་པས། དོན་རྐྱེན་དེ་བྷེན་ལཱ་ཌན་བསད་པའི་དགྲ་ཤ་ལེན་རྒྱུ་མགོ་བརྩམས་པ་ཙམ་ཡིན། སྒུག་དང་དྲག་སྤྱོད་དོན་རྐྱེན་ཆེ་ཁག་རིམ་བཞིན་ཡོང་གི་རེད། ཅེས་ཉེན་བརྡ་བཏང་ཡོད་འདུག
འགད་རྫས་དོན་རྐྱེན་བྱུང་འཕྲལ་མངའ་སྡེ་དེའི་བློན་ཆེན་བྷ་ཤེར་ (Bashir Ahmed Bilour)ཁོང་ས་གནས་ས་ཐོག་ཏུ་འབྱོར་ཏེ་གསར་ལམ་ཁག་ལ། དགྲ་ཤ་འདི་སུ་ལ་བརྩད་པ་རེད་དམ། འཇིགས་སྐུལ་པ་འདི་དག་གིས་ཨ་རིའི་མི་ཅི་ཙམ་བསད་ཡོད་དམ། གལ་སྲིད་བྷེན་ལཱ་ཌན་གྱི་དགྲ་ཤ་ལེན་དགོས་ན་གསོད་མཁན་ཚོ་འཚོལ་དུ་སོང་། ཁོང་ཚོ་འདིར་མེད། ཅེས་བརྗོད་འདུག
པ་ཀི་སི་ཐན་གྱིས་ཨ་རི་མཉམ་དུ་འཇིགས་སྐུལ་རིང་ལུགས་པར་དྲག་རྒོལ་བྱ་རྒྱུའི་སྲིད་ཇུས་བཟུང་པ་ནས། འཇིགས་སྐུལ་རིང་ལུགས་པ་ཚོས་གཙོ་བོ་པ་ཀི་སི་ཐན་གྱི་དམག་མི་དང་ཉེན་རྟོག་པའི་རྟེན་གཞི་ཁག་དམིགས་འབེན་དུ་བཟུང་ཡོད་ལ། ད་སྔ་པ་ཀི་སི་ཐན་གྱི་དམག་མི་ ༣༠༠༠ ལྷག་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་འོག་རྐྱེན་ལམ་དུ་བཏང་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
དྲང་སྲོང་གིས་བཤད་པ་ལྟར་འཇིགས་སྐུལ་རིང་ལུགས་པས་སྐྱབས་བཅོལ་པ་ཚོར་གནོད་འཚེ་གཏོང་མི་སྲིད་ལ་གཏོང་དགོས་དོན་ཀྱང་མེད། གནས་ལུགས་འདིའི་ཐོག་ནས་འཇིགས་སྐུལ་རིང་ལུགས་པ་ཚོ་མིའི་རིགས་ཀྱི་འཇིགས་སྐུལ་པ་མིན་པར་རྒྱུ་མཚན་ངེས་ཅན་ཞིག་གི་ཐད་ནས་ཁོང་ཚོ་ལམ་ཁ་དེ་འདྲ་ཞིག་ཏུ་དེད་པ་རེད།
འཇིགས་སྐུལ་པའི་བྱ་འགུལ་དང་འབྲེལ་བའི་སྐད་ཆ་བཤད་པ་དང་གསར་འགྱུར་སྤེལ་པ་འདི་རྒྱུ་མཚན་དུ་བཞག་སྟེ། རྒྱ་ནག་གིས་བོད་མི་ཚོ་འཇིགས་སྐུལ་པ་དང་འབྲེལ་པ་ཡོད་པར་ཉེན་འཛུགས་སྲིད་པར་དོགས་སྣང་བྱ་དགོས་དོན་མེད། རྒྱ་ནག་གིས་སྔོན་ཆད་ནས་བོད་མི་ཚོ་དྲག་སྤྱོད་པ་དང་འཇིགས་སྐུལ་པ་རེད་ཅེས་ཉེན་འཛུགས་བྱས་མྱོང་པ་རེད། རྒྱ་ནག་གིས་ལྟ་ཚུལ་ཅི་ཡོང་ལ་བསྟུན་པའི་བྱ་སྤྱོད་ཅིག་འཛིན་དགོས་ན། བོད་ཀྱི་རྩ་དོན་ཁ་ལ་འཁྱེར་རྒྱུ་དེ་ལ་ཡང་འཐབ་རྩོད་ཕར་གཞོག ཐ་ན་གླེང་སློང་བྱ་ས་ཞིག་ཀྱང་ཆགས་མེད།
འཇིགས་སྐུལ་རིང་ལུགས་པ་ཚོས། དུས་ནམ་ཡང་། གནས་གང་དུ། གོ་སྐབས་ཡོད་ན་དྲག་སྤྱོད་བྱ་རྒྱུ་དེ་ཁོ་རང་ཚོའི་དམིགས་ཡུལ་རེད། དེར་བརྟེན་ ༩༡༡ གི་དོན་སྐྱེན་ཚབ་ཆེན་འོག་འཛམ་གླི་རྒྱལ་ཁབ་ ༥༠ ལྷག་གི་མི་རིགས་དམར་བསད་བཏངས་བ་དང་། མི་སུ་ཞིག་ལ་སྐྱོན་ལན་ཡོད་མེད་དབྱེ་བསལ་མེད་པའི་སྒོ་ནས་འཇིགས་སྐུལ་བྱེད་ཀྱིན་ཡོད་ལ།
ཨ་རིའི་སྲིད་འཛིན་གྱིས་རང་གི་དགྲ་བོ་བསད་པ་ལ་དགྲ་ཕྱོགས་ནས་དེ་ལ་ཐབས་ཤེས་རྣ་ཚོགས་པའི་སྒོ་ནས་ཁ་གཏད་ཟིང་འཁྲུག་ཅི་ཐུབ་བྱེད་པ་སྨོས་ཅི་དགོས།
འོན་བོད་མི་སྐྱབས་བཅོལ་པ་ཚོས་རྒྱུ་མཚན་ཐོས་པའི་འུར་འགྲོག་གི་སྐད་རྣ་ཚོགས་དང་། སྲིད་འཛིན་ཨོ་བྷ་མས་འཇིགས་སྐུལ་བའི་མགོ་བ་བསད་པ་ལ་མི་འོས་པའི་རྣམ་པ་བསྟན་པ་སོགས་སྐད་ཆ་ཉག་ཉོག་མང་དྲག་ན།
བོད་མི་སྐྱབས་བཅོལ་བ་དང་འཇིགས་སྐུལ་པའི་བར་ལ་འབྲེལ་བ་ཡོད་པར་རྒྱ་གཞུང་གིས་བཤད་པ་ལ་རྒྱུ་མཚན་གྱི་རྣམས་པ་ཞིག་ཆགས་སྲིད་པའི་དོག་གཟོན་གནང་རོགས།
དེ་མིན་ཕར་ཆེན་བོད་པ་ཚོས་འཇིགས་སྐུལ་རང་ལུགས་པ་ལ་དོག་མི་དགོས། ཁོ་ཚོས་དགྲ་བོ་བཙན་དྲག་ཅན་ཞིག་ལ་འཇིགས་སྐུལ་བྱེད་ཡོད་མ་གཏོགས་སྐྱབས་བཅོས་པ་ཞིག་ལ་འཇིགས་སྐུལ་བྱེད་མི་སྲིད།