མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཝེ་ཝེ་ནང་མིར་ཐུག་འཕྲད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp
 རྒྱ་གཞུང་གིས་སྒྱུ་རྩལ་པ་ཨེ་ཝེ་ཝེ་བཙན་འཁྲིད་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་ཏེ། ཉིན་ ༤༠ ལྷག་འདས་པའི་རྗེས་ཐོག་མར་ཁོང་གི་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུགས་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ། རྒྱ་གཞུང་ཉེན་རྟོག་པས་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་ཁོང་གི་གཅེན་མོ་ཀོ་ཀི ་དང་ཐུག་འཕྲད་བྱེད་དུ་བཅུགས་རྗེས།  ཉིན་དེའི་དགོང་མོ་ཁོང་གི་ཆུང་མ་ལུའུ་ཆིན་ ལ་ཡང་ཐུག་ཏུ་བཅུགས་ཡོད་འདུག ཡིན་ནའང་། ཐུག་འཕྲད་མ་བྱས་པའི་སྔོན་ལ་ཉེན་རྟོག་པས་ཨེ་ཝེ་ཝེ་ལགས་ལ་ནང་མི་དང་ཐུག་འཕྲད་སྐབས། ཉེན་རྟོག་པའི་སྒྲིག་གཞི་དང་ཆ་རྐྱེན་ལ་འགལ་བའི་གནས་ཚུལ་རིགས་ཕྱིར་བསྒྲགས་བྱས་ཚེ། ཁོང་གི་ཆུང་མར་ཡང་དཀའ་ངལ་འཕྲད་སྲིད་པའི་འཇིགས་སྐུལ་བྱས་ཡོད་པ་རེད། ཐུག་འཕྲད་སྐབས་ཉེན་རྟོག་པ་ཁོང་ཚང་གི་སྒོ་ཁར་ཡོང་སྟེ་གཅེན་མོ་དང་ཆུང་མ་གཉིས་སོ་སོར་རླངས་འཁོར་ནང་བཅུགས་རྗེས། རྒྱུས་མེད་ཀྱི་ས་ཆ་གཞན་ཞིག་ཏུ་ཁྲིད་དེ་ཐུག་འཕྲད་བྱེད་དུ་བཅུགས་ཡོད་སྟབས། ད་ལྟ་ཨེ་ཝེ་ཝེ་ལགས་དངོས་སུ་ས་ཆ་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་མེད་པ་མ་ཟད། ཕན་ཚུན་ལ་བཤད་པའི་སྐད་ཆ་ཚང་མ་ཉེན་རྟོག་པས་ཚིག་ཐོར་བཏབས་ཡོད་འདུག        

༡༦ ཉིན། ཨེ་ཝེ་ཝེ་ཡི་ཆུང་མ་ལུའུ་ཆིན་གྱིས་གསར་ལམ་ཁག་ཏུ་ཐུག་འཕྲད་སྐབས་ཀྱི་གནས་སྟངས་སྐོར་བརྗོད་པ་ལྟར་ན། ཉེན་རྟོག་པའི་རླངས་འཁོར་ཁོ་ཚང་གི་སྒོ་ཁར་ཡོང་སྟེ་ཁོ་མོ་རླངས་འཁོར་ནང་དུ་བཅུགས་རྗེས། རྒྱུན་རིང་པོ་ཞིག་ལ་ཆ་རྒྱུས་མེད་པའི་ས་ཆ་མང་པོ་ཞིག་ཏུ་ཡར་ཁྲིད་མར་བྱས་ཏེ་མགོ་སྐོར་རྗེས། གང་ཡིན་མི་ཤེས་པའི་ས་ཆ་ཞིག་ནས་ཨེ་ཝེ་ཝེ་དང་ཐུག་འཕྲད་བྱེད་དུ་བཅུགས་ཡོད་ནའང་། ཁམས་འདྲི་ཙམ་དང་ནང་མིའི་གནས་སྟངས་ཙམ་ལས་གཞན་ཅི་ཡང་བརྗོད་མི་ཆོག་པའི་ཚད་བཀག་བྱས་ཡོད་འདུག ཐུག་འཕྲད་སྐབས་ཨེ་ཝེ་ཝེ་ལགས་ཀྱིས་ཁོང་གི་ཆུང་མར་ད་ལྟའི་བར་ཁོང་ལ་གཅར་རྡུང་རིགས་བྱས་མེད་སྐོར་བརྗོད་འདུག   
 
རྒྱ་གཞུང་གིས་ཨེ་ཝེ་ཝེ་ལགས་བཙན་འཁྲིད་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་ཏེ་ཉིན་ ༤༠ ལྷག་འདས་པའི་རྗེས་སུ་ཐོག་མར་ཁོང་གི་ནང་མིར་ཐུག་འཕྲད་བྱེད་དུ་བཅུགས་པའི་ཐད་ལ། པེ་ཅིན་གྱི་གསར་འགོད་པ་མའོ་ཀྲི་ཞིས་ཡིས། དེ་ནི་གནས་ཚུལ་ཡག་པོ་ཞིག་མ་ཡིན་པར། ཧུའུ་ཀྭ་དང་ལིག་ཞོ་པའོ་སོགས་ཀྱི་གནས་ཚུལ་དང་མཚུངས་པར།  ཕྱི་ལོག་ཏུ་ཁག་འཇོག་བྱ་སའི་བརྒྱུད་ལམ་ཞིག་བཙལ་རྗེས། ཁྲིམས་ཐག་ནན་མོ་གཅོད་རྒྱུ་ཡིན་པའི་རྟགས་རེད་ཅེས་བརྗོད་ཡོད། 

ཡང་ཁོང་གི་དྲ་གྲོགས་ཐའོ་ཅན་ཅུའུ་ཡིས། ཨེ་ཝེ་ཝེ་ཁོང་གི་ནང་མིར་ཐུག་འཕྲད་བྱེད་དུ་བཅུགས་པ་དེ་ནི། རྒྱལ་སྤྱིའི་སྒང་གི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ད་དུང་ཁོ་རང་ནང་མིར་ཐུག་འཕྲད་སྐབས་རྒྱ་གཞུང་བདེ་སྲུང་གིས་བཏོན་པའི་ཆ་རྐྱེན་ནི། ཐུག་འཕྲད་སྐབས་གྱོད་དོན་དང་འབྲེལ་བའི་གནས་ཚུལ་སྐོར་ཅི་ཡང་ནང་མིར་བརྗོད་མི་ཆོག་པ་ཁས་ལེན་བྱེད་དུ་བཅུགས་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 1

  1. དྲ་སྡོམ་ནག་པོ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས་ཀྱིས་གནས་ཚུལ་འདི་རིགས་དུས་ལྟར་སྤེལ་བར་དགའ་ཡོད། གོང་གི་བཅུགས་ཞེས་པ་དེའི་ཡང་འཇུག་ས་དེ་མེད་ན་ལེགས་ཤིང་། ད་དུང་བཏབས་ཞེས་པའི་ས་དེའང་དེ་མཚུངས་རེད་འདུག ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese