མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཟུགས་པོ་ཧ་ཅང་སྐྱོ་བོ་ཆཊ་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

གཞོན་ནུ་ལྷན་ཚོགས་ཀྱིས་དགོས་འདུན་གཉིས་དང་འབོད་སྐུལ་གཅིག་གི་འོག  དུས་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་ ༢༤ འདས་ཡོད་ལ། ད་ལྟ་ལས་འགུལ་བ་རྣམ་པའི་གཟུགས་པོ་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག

རྔ་པ་ཀིརྟི་དགོན་གྲོང་གཉིས་ཀྱི་ཛ་དྲག་གི་གནས་སྟངས་ཐད། རྒྱ་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིར་འབོད་སྒྲ་སྒྲོག་ཆེད། དབུས་བོད་ཀྱི་གཞོན་ནུའི་རྒྱུན་ལས་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་ལྟར། ད་ཆར་ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་ཟས་བཅད་ངོ་རྒོལ་བ་དག་གི་སར་ཕེབས་ཏེ།  ༸གོང་ས་མཆོག་གིས་ཟས་བཅད་ངོ་རྒོལ་པ་ཚོའི་གཟུགས་པོའི་གནས་སྟངས་ལ་ཐུགས་འཚབ་གནང་གི་ཡོད་སྐོར་དང་། བཀའ་ཤག་གི་ངོས་ནས་ཀྱང་གང་མགྱོགས་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་ནན་གྱིས་བརྗོད་ཡོད་འདུག   

གཞན། དབྱིན་ཡུལ་དང་ཧོ་ལན་ཌི། ཁ་ན་ཊ་སོགས་རྒྱལ་ཁབ་ཅིག་གི་གཞུང་ཚབ་ཀྱང་སྔ་རྗེས་སུ་ཟས་བཅད་ངོ་རྒོལ་བ་རྣམ་པའི་སར་ཆེད་བཅར་གྱིས་འཚམས་འདྲི་གནང་ཡོད་འདུག་ལ། དེ་བཞིན། བཀའ་ཟུར་ཀིརྟི་རིན་པོ་ཆེ་དང་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་། ཤིང་བཟའ་རིན་པོ་ཆེ་བཅས་སྔ་རྗེས་ཐེངས་གཉིས་ལ་ཆེད་ཕེབས་ཀྱིས་ལས་འགུལ་བ་རྣམ་པར་གདུང་སེམས་མཉམ་སྐྱེད་ཀྱི་བསམ་པ་བསྟན་ཡོད།   

ཁ་སང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ད་ཆར་ལས་འགུལ་བ་དག་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀེ་ལོ་ ༡༦ ཙམ་མར་ཆག་འདུག་ལ། དཀོན་མཆོག་ཡར་འཕེལ་ལགས་ཀེ་ལོ་ ༡༣ དང་། བསྟན་འཛིན་ནོར་བཟང་ལགས་ཀེ་ལོ་ ༡༡ བཅས་མར་ཆག་འདུག ཁོང་རྣམ་པ་ཡར་ལངས་པ་དང་གཟུགས་པོ་འགུལ་སྐྱོག་རྒྱག་སྐབས་མགོ་ཡུ་འཁོར་བ་དང་སྦྲིད་འཐོམ་དུ་འགྱུར་བའི་གནས་སྟངས་འབྱུང་གི་འདུག  ཁོང་རྣམ་པས་ཞལ་ནས་གཟུགས་པོར་ན་ཚ་གཏོང་གི་ཡོད་པའི་སྐོར་གསུང་གི་མི་འདུག་ནའང་། འདས་པའི་ཉམས་མྱོང་གཞིར་བཞག་ཁོང་རྣམ་པའི་ད་ལྟའི་གཟུགས་པའི་གནས་སྟངས་དང་ངོ་མདངས་སོགས་ལ་བལྟས་ན།  གཟུགས་པོའི་ཟུངས་ཤུགས་ཟད་དེ་རྒྱུ་མ་དང་མཁལ་མར་ཟུག་གཟེར་རྒྱག་པ་དང་། གཟུགས་པོ་གང་སར་ན་ཚ་གཏོང་གི་ཡོད་པ་གསལ་བོ་ཚོར་ཐུབ་ཀྱི་འདུག  དེར་བརྟེན།  ང་ཚོས་ངོས་ནས་ཁོང་རྣམ་པར་གཟིགས་རྟོག་གནང་མཁན་མི་རེ་རེ་གོ་སྒྲིག་བྱས་ཡོད། ཉེ་སྔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གཙོས་པའི་གཞུང་སྒེར་གནད་ཡོད་མི་སྣ་མང་པོས་གང་མགྱོགས་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་སོང་། ཡིན་ནའང་། ད་ལྟའི་ཆར་ང་ཚོས་ངོས་ནས་ལས་འགུལ་མུ་མཐུད་འགྲོ་རྒྱུ་ལས་ཐག་གཅོད་གཞན་པ་གང་ཡང་མེད།  ཅེས་བརྗོད་བྱུང་། 

མཇུག་མཐར་ཚོགས་གཙོ་ལགས་ཀྱིས།  རྔ་པ་ཀིརྟི་དགོན་པར་ཛ་དྲག་གི་གནས་སྟངས་ཡོད་བསྡད་པ་དེ་མིག་མཐོང་ལག་ཟིན་གྱི་གནད་དོན་ཞིག་ཆགས་བསྡད་ཡོད། དེར་བརྟེན། མིང་སྐམ་པོའི་རྒྱབ་སྐྱོར་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་རེད། ཉེ་བའི་ཆར་ལི་བྷི་ཡ་དང་ཨི་ཇིབ་སོགས་སུ་སྒེར་ལངས་བྱུང་བའི་སྐབས་སུ། རྒྱལ་སྤྱིའི་སྒང་ནས་གནོན་ཤུགས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་ལྟར།  ང་ཚོ་བོད་པའང་འཛམ་བུ་གླིང་འདིའི་སྒང་གི་འགྲོ་བ་མི་ཞིག་ཆགས་བསྡད་ཡོད་པས། བོད་པའི་དཀའ་ངལ་དེའང་ཟུར་ལོག་ཅིག་ཏུ་གཡུག་མི་འཇོག་པར་སྤྱི་མཚུངས་ལྟར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ལ། ལྷག་པར་དུ་བོད་ནང་ལོགས་སུ་ཡོད་པ་ཚོར་ཞུ་འདོད་པ་ཞིག་ལ།  དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས། ཁོང་རྣམས་པས་ཤ་དང་ཁྲག་གི་རིན་པ་སྤྲད་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་གནང་བཞིན་པ་དེར་ཡི་རངས་བསྔགས་བརྗོད་ཡོད་ལ།  ང་ཚོའི་ངོས་ནས་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་ཁོང་རྣམ་པར་གདོང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད། ཅེས་བརྗོད་སོང་། 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 12

  1. ཤིང་ལོ། says:
    ལོ་ 15 སྔོན།

    དབུ་ཁྲིད་འདི་གསུམ་པོ་ངེས་པར་དུ་སྐྱོབ་དགོས་ལ། རང་སྲོག་མི་དགོས་པའི་གཞོན་ནུ་ལྷན་ཚོགས་ལ་རྒྱ་ནག་ཞེད་དགོས་དོན་ཡང་འདི་ཡིན། གཞོན་ནུའི་ཚོགས་མི་སུམ་ཁྲི་ལྔ་སྟོང་གཙོས་པའི་ང་ཚོ་ཁོང་ཚོའི་ཚབ་ཏུ་ཟས་བཅད་ལ་འདུག་རྒྱུའི་འཆར་གཞི་དང་། ཁོང་ཚོ་གསོན་གནས་ཀྱིས་ལས་འགུལ་སྤེལ་དུ་འཇུག་དགོས། རང་སྲོག་མི་དགོས་པའི་མི་ལ་འགྲན་ཟླ་ནམ་ཡང་མེད། བོད་བཙན་པོའི་རྒྱུད་པ་རྒྱལ་ལོ།།

    Reply
  2. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    བོད་གངས་ཅན་པའི་ས་གཞི་རོ་ཡི་རི་རབ་དང་། གཙང་ཆུ་ཟུངས་ཁྲག་ལ་བསྒྱུར་དུས། ཁ་སྙན་སྙན་དང་། མགོ་བདེ་དྲན་འཕྲུལ་གྱི་བྱ་ལས་སྤྱོད་གསུམ་དེ་མེད་ལ། ཡས་མས་ཀུན་ལ་ཁ་བཏང་ཞིང་། ཇི་ཡང་བསྒྲུབ་ནུས་ཀྱི་ཁ་སྤོབས་དབྱངས་སུ་མི་གྱེར་ཞིང་། མིག་ཆུ་གདོང་ནས་མི་འདོན་པར་དཔའ་བོའི་ཚེ་སྲོག་གཏའ་མར་བཞག་ནས། རང་རེའི་གཞིས་བཞུགས་སྤུན་ཟླ་ཁྲི་སྟོང་མང་པོའི་བདེན་བདེན་པས་རྩོད་པའི་དཔའ་བོ་གསུམ་ཐུགས་ཆེ། ཁྱེད་ཅག་གི་བསམ་དོན་ཡིད་བཞིན་འགྲུབ་པར་ཤོག སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཁྱེད་ཅག་ལྟ་བུའི་དཔའ་བོ་རྒྱ་སྟག་ངར་མ་འདྲ་བོ་ཚོ། འདི་ལྟར་རྒྱའི་མེ་མདའ་ཁ་ནས་བཞུད་ཅིང་། འཚེ་མེད་ཞི་བའི་ལམ་འཕྲེང་ནས་ཀྱང་བཞུད་རེ་སོང་ན། ང་ཚོ་ཇི་མི་འཇོན་པའི་བདག་མེད་ང་ཚོས་ཇི་ཞིག་བྱ། དཔའ་བོ་ཚོ། སྙིང་དམར་པོའི་དབུས་ན་དད་པ་སྐྱེས་བྱུང་། སེམས་བསམ་པ་གཏིང་ནས་ཡིད་སྨོན་ཤོར་སོང་། དུས་ནམ་ཡང་ཁྱེད་ཅག་དང་ཁྱེད་ཅག་གི་ཕུགས་འདུན་རྒྱལ་གྱུར་ཅིག

    Reply
  3. འཁྲུངས་སྐར། says:
    ལོ་ 15 སྔོན།

    སྙིང་སྟོབས་ལྡན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་གིས་ལས་བྱེད་དམ་པ་གསུམ་ཀྱིས་ཞབས་དྲུང་དུ།
    ཁྱེད་རྣམས་པའི་ཕྱག་ལས་ལ་རྗེས་སུ་ཡི་རངས་ཡོད་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།
    ད་ནི་ཁྱེད་རྣམས་པའི་ལས་འགུལ་དེ་མཚམས་འཇོག་གནང་རོགས་ཞུ་ཡག་ཡིན།
    དེ་ཡང་ཁྱེད་རྣམས་པ་ནི་ཤེས་བྱ་ཡོན་ཏན་ལྡན་ཤིང་ལྷག་བསམ་ཅན་ཀྱང་ཡིན་པའི་ཁྱེད་རྣམ་པ་གྲོང་ཤོར་བ་ཡིན་ན་བོད་པའི་སྤྱི་ཡི་གྱོང་གུད་ཆེན་པོ་ཞིག་ཡིན།
    ཤེས་བྱ་ཡོན་ཏན་ནི་ནོར་བུ་ཡིན་པའི་ཁྱེད་རྣམས་པའི་ཟས་བཅད་གིས་ལས་ཀ་མཚམས་འཇོག་བཞག་ཏེ་ཡོན་ཏན་གིས་ཐོག་ནས་བོད་སྤྱི་པའི་ལས་དོན་སྒྲུབ་རོགས་གནང་།
    ཐུགས་རྗེ་གཟིགས་ཟས་བཅད་ངོ་རྒོལ་དེ་ངེས་པར་མཚམས་འཇོག་གནང་རོགས་ཞུ།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    རིགས་ཀྱི་དཔའ་བོ་གསུམ་གྱིས་གཞན་དོན་སྒོམ།།
    རིགས་ཀྱི་དཔའ་བོ་གསུམ་གྱི་ཁ་ཟས་བཅད།།
    རིགས་ཀྱི་དཔའ་བོ་གསུམ་གྱིས་དྲང་བདེན་འབོད།།
    རིགས་ཀྱི་དཔའ་བོ་ཁྱེད་གསུམ་སྙིང་ནས་གུས།།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    དོན་གྲུབ་ལྷ་དར་དང་དཀོན་མཆོག་ཡར་འཕེལ་གཉིས་སློབ་གྲྭའི་སྐབས་ནས་བཟུང་ངོ་ཤེས། བསྟན་འཛིན་ནོར་བཟང་རྡ་སར་ལས་ཞུགས་ཀྱི་རིང་ལ་མཐོང་མྱོང་བ་མ་གཏོགས་ངོ་མི་ཤེས། གང་ལྟར། དེ་རིང་ངས་ཁོང་གསུམ་བསྐྱར་དུ་ངོ་ཤེས་སོང་། ཁོང་གསུམ་གྱི་ལྡོག་པ་ཁྱད་པར་དེ་ངོ་ཤེས་སོང་།

    ཁྱེད་ཚོ་དཀའ་ལས་ཁག་སོང་། བོད་མི་རིགས་ཀྱི་ཆེད་དུ། ངོ་མ་སེམས་གཏིང་ནས་ཡི་རངས་དང་གུས་བཀུར་ཡོད། ཁྱོད་ཚོ་གསུམ་འདི་ལྟར་འཆི་གསོན་གང་ལ་ཐུག་ཀྱང་བློ་ཐག་རྦད་ཆོད་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་འབད་པ་ལྷུར་ལ་བླངས་པ་འདིས་ང་ཚོར་གསོན་ཤུགས་ཤིག་སྦྱིན་སོང་། རྒྱ་ནག་དམར་པོས་ཆེད་དུ་ང་ཚོའི་མི་རིགས་དམར་གསོད་གཏོང་བཞིན་ཡོད་པས། ཁྱོད་ཚོ་གསུམ་ཙམ་དུ་མ་ཟད་བོད་མི་རིགས་རྩ་སྟོང་དུ་བུད་སོང་རུང་ཁོང་ཚོས་དེར་དགའ་བ་སྒོམ་ངེས་རེད། དེ་བས། སེམས་གཏིང་གི་སྤུན་ཟླ་རྣམ་པ། ད་ནི་ཟས་བཅད་ངོ་རྒོལ་མཚམས་བཞག་རོགས། ཟས་བཅད་ངོ་རྒོལ་མཚམས་བཞག་པ་འདི་ཁྱོད་ཚོ་གསུམ་དང་གཞོན་ལྷན། ཡང་ན་ང་ཚོ་བོད་མི་རིགས་ཀྱི་ངོ་ཚ་ཞིག་ནམ་ཡང་མིན། ཁྱོད་ཚོ་གསོན་པོར་འཚོ་རྒྱུ་ནི་ང་ཚོ་ཐུན་མོང་གི་ཁེ་ཕན་ཡིན། ད་ནི་ཅིས་ཀྱང་མཚམས་འཇོག་རོགས། ཁྱོད་ཚོ་འདི་ལྟར་ལྟོག་སྐོམ་གྱིས་མནར་བ་མཐོང་ན། ང་ཚོས་སེམས་ཀྱིས་བཟོད་ཐབས་མི་འདུག སྐུ་ཚེ་རིང་། ཁ་བྲོ།

    བོད་རྒྱལ་ལོ།

    Reply
  6. སྟོང་སྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    དཔའ་བོ་དོན་འགྲུབ་ལྷ་དར་དང་དཀོན་མཆོག་ཡར་འཕེལ་བསྟན་འཛིན་ནོར་བཟང་གསུམ། ཁྱེད་རྣམས་པའི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད། གང་འགྱོགས་ལས་འགུལ་འདི་མཚམས་འཇོག་ཡོང་བའི་རེ་བ་ཡོད། གང་ཡིནཟེར་ན་ད་ལྟའི་དུས་ཚོད་འདི་ལ་གལ་ཆེན་གྱི་མི་སྣ་ཁྱོད་ཚོ་ཤི་ན་མི་བཟང་།
    སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

    Reply
  7. སྨྲ་བརྗོད་རང་དབང་། says:
    ལོ་ 15 སྔོན།

    སྙིང་སྟོབས་དང་ཆོད་སེམསལ་ཡི་རངས་ཞུ་བ་དང་ཁྱབ་ཅིག བསྟན་འཛིན་འཕགས་པས་གསུངས་པ་ལྟར་མི་ནུས་ཤུགས་ཅན་ཚོ་འདི་ལྟར་བརླག་མི་ཉན་པར་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རེ་སྐུལ་ཅིག་ཞུས་བཟང་གི་བསམ་

    Reply
  8. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    གུས་བཀུར་དང་ཡི་རངས་ཆེན་པོའི་སྒོ་ནས། རྒྱལ་གཅེས་དཔའ་བོ་རྣམ་གསུམ་ལ་བཀའ་དྲིན་ཆེའོ།།
    ཡིད་འགུལ་ཐེབས་སོང་། བློས་བཏང་དེས།
    མིག་དཔེ་བཞག་སོང་། ཆོད་སེམས་ཀྱིས།
    ལམ་ཞིག་བཏོན་སོང་། སྙིང་སྟོབས་ཀིས།
    དེས་ན། ཐུགས་རྗེ་ཆེའོ།།

    Reply
  9. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    སྤུན་ཟླ་ཡོངས་ཀྱི་ཁོང་རྣམ་པ་གསུམ་སྐྱབས་ཐབས་ཞིག་གནང་དང་།ད་ལྟའི་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིར་འབོད་སྒྲ་སྒྲོག་ཆེད་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་དགོས་འདུན་གཉིས་དང་འབོད་སྐུལ་གཅིག་གི་འོག་།དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་གྲངས་༢༤་སོང་ཡོད་པས་ད་ལྟར་ལས་འགུལ་བ་ཚོའི་སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ཡོད་པའི་གནས་ཚུལ་འདུག་།

    དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཟས་བཅད་བ་ཚོགས་གཞོན་དོན་འགྲུབ་ལྷ་དར་དང་དཀོན་མཆོག་ཡར་འཕེལ་་བསྟན་འཛིན་ནོར་བཟང་གསུམ་རེད་།ཁོང་རྣམ་པ་གསུམ་ནི་བོད་མི་རིགས་ལ་ཞིམ་པ་མེད་པའི་ཤ་ཞིན་དང་་སྙིང་སྟབས་ལྷག་བསམ་ལྡན་པའི་གཞོན་སྐྱེས་འགོ་ཁྲིད་ཤེས་ཡོན་ཅན་ཞིག་ཡིན་།སོང་ཙང་ད་ལྟའི་དུས་ཚོད་འདི་ལ་གལ་ཆེན་གྱི་མི་སྣ་འདི་ཚོའི་རིགས་བདག་པོ་རྒྱབ་དགོས་པའི་དུས་ལ་བབ་འདུག་བསམ་།

    བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་སོགས་གནད་ཡོད་མི་སྣ་ཚོའི་གང་འགྱོགས་ལས་འགུལ་འདི་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་བ་བཞིན་ང་ཚོའི་སྤུན་ཟླ་ཡོངས་ཀྱིས་འབོད་སྐུལ་ཞིག་ཞུ་ནས་མཚམས་འཇོག་ཡོང་བའི་རེ་བ་ཞིག་རྒྱབ་ན་གང་འདྲ་འདུག་།

    Reply
  10. གཅེན་པོ། says:
    ལོ་ 15 སྔོན།

    ཁ་ཞེ་གཉིས་མེད་ཀྱི་བོད་དོན་ལ་ཐུགས་འགན་ལྕི་མོ་བཞེས་ནས་རང་ཉིད་ཀྱི་ཚེ་སྲོག་ཆོལ་གསུམ་བདེ་སྐྱིད་ཀྱི་ཆེད་དུ་འབུལ་བཞིན་པའི་གཞོན་ནུ་མཆོག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ལྟའི་ལས་འགུལ་འདིར་རེ་འབྲས་མ་སྨིན་པར་ལས་འགུལ་མཚམས་འཇོག་མ་གནང་རོགས་ལས་འགུལ་མཚམས་བཞག་ན་རྒྱ་ནག་གཞུང་སྐྱག་ལང་ཤོར་འགྲོ་གི་རེད། སྤྱི་པའི་དོན་དུ་ལུས་སྲོག་འཕངས་མེད་དུ་གཏོང་བཞིན་པ་འདི་རྣམས་ལ་རྒྱལ་སྤྱིའི་ངོས་ནས་ཀྱང་དྲང་བདེན་ལ་རྒྱབ་བསྐྱོར་གནང་བའི་འབོད་སྐུལ་ཞུ་གི་ཡིན། ཐུགས་རྗེ་ཆེ། སྙིང་དབུས་ནས་ཐུགས་རྗེ་ཆེ།

    Reply
  11. ཅང་མེད། says:
    ལོ་ 15 སྔོན།

    རྒྱལ་གཤེས་དཔའ་བོ་་་དོན་འགྲུབ་ལྷ་དར་དང་་་དཀོན་མཆོག་ཡར་འཕེལ་་་བསྟན་འཛིན་ནོར་བཟང་གསུམ། ཁྱེད་རྣམས་པའི་སྙིང་སྟོབས་དང་ལྷག་བསམ་ལ་བདག་ཡིད་དང་བས་རྗེས་སུ་ཡི་རངས་ངོ་། ཁྱེད་རྣམས་པའི་པར་སོགས་མཐོང་ཚེ་སེམས་འགུལ་ཐེབས་པ་དང་ཡིད་སྐྱོ་བ་ཞིག ཅང་མེད་བདག་གི་སོར་བཅུའི་ཐར་མོ་སྙིང་ཀར་སྦྱར་ནས་བཀའ་དྲིན་ཡང་ཡང་ཞུ་བཞིན་ཡོད། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། ཀི་ཀི་བསོ་བསོ་བོད་རྒྱལ་ལོ།

    Reply
  12. འབྲོག་རུ་ཆོས་དར། says:
    ལོ་ 15 སྔོན།

    གསར་འགོད་པས་གནས་ཚུལ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ།
    སྙིང་སྟོབས་དང་ན་ཟུག་གི་འཕར་རྩ་དྲག་ཏུ་ལྡིང་སྟེ་བློས་གཏོང་ཇི་སྙེད་ཅིག་གི་རྒྱབ་ལྗོངས་ནས། མི་བུ་འབའ་ཞིག་གི་བརྟུལ་ཕོད་ལ་བརྩི་བཀུར་དང་ཡི་རང་བྱེད་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese