མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་འཆར་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་ཉིན་མོ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ། ལོ་ངོ་དྲུག་ཅུ་འཁོར་ཡོད་ཡང་བོད་མི་ཚོ་ད་ལྟའང་སྲོག་ལ་མ་འཛེམས་པར། ཕྱི་རྒྱལ་རང་དབང་ལུང་པར་འབྲོ་ཐབས་བྱེད་ཀྱི་ཡོད། ཅེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད།

དེ་རིང་ནི་ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་བོད་རྒྱ་སྲིད་གཞུང་གཉིས་བར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དེ། མི་ལོ་ཧྲིལ་པོ་དྲུག་བཅུ་འཁོར་བའི་དུས་དྲན་གྱི་ཉིན་མོ་རེད། ཉིན་མོ་འདི་ནི་ ཕྱོགས་གཉིས་ཀྱི་ངོས་ནས་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཆགས་ཡོད་སྟབས། རྒྱ་ཕྱོགས་ནས་ཉིན་མོ་འདིར་ “ བོད་ས་གནས་སྲིད་གཞུང་གི་ཏཱ་ལའི་བླ་མའི་སྐུ་ཚབ་དང་ཀྲུང་དབྱང་དབུས་གཞུང་གི་འཐུས་མའི་བར་ཞི་བའི་གྲོས་འཆར་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་ཉིན་མོ ” ཞེས་གཙིགས་ཆེན་བྱས་ཏེ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་འཁྱེར་དང་པེ་ཅིན་དུ་ཡོད་པའི་བོད་རིག་པའི་སྡེ་ཚན་ཁག་ཏུ་སྤྲོ་སྐྱིད་ཀྱི་མཛད་སྒོ་བསྡུ་བར་སྐུལ་ཅིང་། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་ཉིན་མོ་འདིར་ “ ཆབ་མདོ་ནས་བཙན་ཁྲིད་བྱས་པའི་ང་ཕོད་དང་ལྷ་ས་ནས་ཕེབས་པའི་སྐུ་ཚབ་ཁག་ཅིག་ལ་པེ་ཅིན་ནས་བཙན་གནོན་དང་འཇིགས་སྐུལ་འོག་གྲོས་འཆར་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དུ་བཅུག་པའི་ཉིན་མོ། ” ཞེས་ཆེས་མུན་ནག་གི་ཉིན་མོ་ཞིག་ཏུ་བགྲངས་ཏེ། རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་དང་ཆབ་སྲིད་དང་འབྲེལ་བའི་གནད་དོན་རིགས་ལ་གསལ་བཤད་ཐེར་འདོན་བྱེད།

དེ་རིང་ཕྱི་དྲོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནད་དོན་དེའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། གསར་འགོད་གསལ་བསྒྲགས་སྟེང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བསྒྲགས་གཏམ་སྒྲོག་སྦྱང་གནང་དོན། ༢༠༡༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་བོད་རྒྱའི་བར་གྲོས་མཐུན་དོན་ཚན་ བཅུ་བདུན་ཞེས་པ་བཞག་པའི་དུས་དྲན་རེད། རྩོད་རྙོག་ཅན་གྱི་ཡིག་ཆ་དེར་རྒྱ་ དམར་གྱིས་བོད་གཞུང་གི་སྐུ་ཚབ་ཚོས་མིང་རྟགས་མ་བཀོད་ན། བོད་ལ་དྲག་པོའི་བཙན་འཛུལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་བ་རེད། ཡིག་ཆ་དེར་བོད་ཀྱི་སྐུ་ཚབ་ཚོས་བཙན་ཤུགས་ཀྱི་འོག་ནས་གྲོས་མཐུན་ལ་མིང་རྟགས་འགོད་དགོས་བྱུང་ཡོད་ཀྱང་། ༧གོང་ས་མཆོག་གིས་དེའི་ནང་དོན་ལག་ལེན་ཡོང་རྒྱུར་འབད་བརྩོན་ཡོད་རྒུ་རྩལ་དཀྲུགས་གནང་ཡང་། རྒྱ་ཕྱོཊ་ནས་ཡིག་ཆ་དེའི་ནང་ཆ་ཚང་རྡོག་རོལ་དུ་བཏང་སྟེ། དྲག་པོའི་བཙན་གནོན་འོག་བོད་དང་བོད་མིའི་ངོ་བོ་རྩ་བ་ནས་མེད་པ་བཟོས་དང་བཟོ་བཞིན་ཡོད་པ་རེད། ཅེས་གསུངས་སོང་།

 
སྤེན་པ་ཚེ་རིང་མཆོག་གིས་མུ་མཐུད་དུ་སྒྲོག་སྦྱང་གནང་དོན། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གི་བཙན་གནོན་ལ་བོད་མིས་ངོ་རྒོལ་བྱས་པའི་སྟབས་ཀྱིས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་ཡོད་ལ། གནས་སྟངས་དེའི་རྐྱེན་པས་༧གོང་ས་མཆོག་དང་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་༧གོང་ས་མཆོག་རྒྱ་གར་ལ་ཕེབས་རྗེས་གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་ལ། རྒྱ་གར་དབྱིན་གཞུང་སྐུ་ཚབ་དང་། རྒྱ་གར་རང་བཙན་རྒྱལ་ཁབ་ཀྱི་སྐུ་ཚབ་བོད་དུ་ལོ་དགུ་ཙམ་བཞུགས་མྱོང་མཁན་སྐུ་ཞབས་ཧུའུ་རི་ཅར་ཊི་སོན་ལགས་ཀྱིས་བརྩམས་པའི་བོད་དང་བོད་ཀྱི་ལོ་རྒྱུས་ཞེས་པའི་ནང་། རྒྱ་གཞུང་གིས་འཁྱོག་བཤད་བྱས་ཏེ། ལོ་རྒྱུས་རྫུན་བཟོ་དང་གྲོས་མཐུན་གྱི་རྫུན་འབག་གྱོན་པ་དེས་བོད་ནི་ནམ་ཡང་རྒྱལ་ཁབ་ཐ་དད་ཡིན་པ་མེད་པ་བཟོ་ཐབས་མེད། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་མ་བྱས་གོང་ཞིང་བྲན་ལམ་ལུགས་དང་ས་ཞིང་བགོ་འགྲེམས་ཆེད་ཞི་བའི་བཅིངས་འགྲོལ་བཏང་བའི་འཁྱོག་བཤད་དྲིལ་བསྒྲགས་བྱས་ཡོད་ནའང་༧གོང་ས་མཆོག་གིས་བོད་ཀྱིོ་འཛིན་སྐྱོང་ནང་བཅོས་བསྒྱུར་དང་ས་ཞིང་བགོ་འགྲེམས་ལ་ལེགས་བཅོས་ཆེན་པོ་གནང་འཆར་ཡོད་པ་རྣམས་རྒྱ་གཞུང་གིས་བཀག་ཡོད་པ་རེད། ༧གོང་ས་མཆོག་གིས་དགོན་སྡེ་དང་ཞིང་གྲོང་ཆེ་ཁག་ནས་ས་ཆ་ཉོས་ཏེ། ཉམ་ཐག་ཚོར་བགོ་འཆར་ལེགས་བཅོས་ལས་ཁུངས་ཞིག་གསར་འཛུགས་གནང་བ་རེད། ཅེས་བཀོད་འདུག

ཡང་གསལ་བསྒྲགས་དེའི་ནང་མུ་མཐུད་དོན། རྒྱ་གཞུང་གིས་བོད་ནང་ཡར་རྒྱས་བཏང་ཡོད་སྐོར་གྱི་འཁྱོག་བཤད་དྲིལ་བསྒྲགས་ལ་རྒྱ་ནག་གི་དབུ་ཁྲིད་ཧུའུ་ཡའོ་པང་གིས་ཐེར་འདོན་བྱས་པ་རེད། ༡༩༨༠ ལོར་ཧུའུ་ཡའོ་པང་བོད་ལ་གཟིགས་སྐོར་དུ་བསྐྱོད་སྐབས། བོད་དབུས་སུ་ཉམ་ཐག་པའི་གནས་སྟངས་ཤེས་རྟོགས་ཡོང་རྗེས། བོད་ནང་གི་དཔལ་འབྱོར་གནས་སྟངས་དེ་ཕྱི་ལོ་ ༡༩༥༩ ལས་སྐྱོ་བོ་འདུག་ཅེས་སྡོམ་ཚིག་བརྒྱབ་ཡོད་པ་རེད། ༡༩༨༠ ལོའི་སྐབས་དང་ལྷག་དོན་དུ་ ༢༠༠༨ ལོར་བོད་ནང་དུ་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་བྱས་པ་དེ་དག་གིས་རྒྱ་གཞུང་གི་སྲིད་བྱུས་ཡང་དག་པ་མིན་པ་གསལ་པོ་བསྟན་ཡོད་ཀྱང་། དེ་ལས་ལྡོག་སྟེ། རྒྱ་གཞུང་གིས་ད་དུང་ཡང་བོད་ནང་དུ་འཛུགས་བསྐྲུན་དང་བོད་མི་རྣམས་སྐྱིད་པོ་ཡོད་ཅེས་འུད་ཤོད་བྱེད་ཀྱིན་ཡོད་པ་རེད། ད་ལྟ་བོད་སྤྱི་དང་ལྷག་པར་དུ་མདོ་སྨད་རྔ་པ་ཀརྟི་དགོན་པར་འབྱུང་བཞིན་པའི་གནས་ཚུལ་རིགས་ཀྱིས། རྒྱ་གཞུང་གིས་ཀིརྟི་དགོན་པ་ཞི་འཇགས་ཡིན་ཟེར་བ་དང་། བོད་ནང་གི་བོད་མི་ཚོ་སྐྱིད་པོ་ཡོད་ཟེར་བ་རྫུན་གཏམ་ར་སྤྲོད་གསལ་པོ་བྱུང་ཡོད་པ་རེད། ཅེས་དང་།

གལ་སྲིད་རྒྱ་གཞུང་གིས་བཤད་པ་དོན་དངོས་ཡིན་ན། རྒྱ་གཞུང་གིས་བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་། དངོས་ཡོད་གནས་སྟངས་རྟོག་ཞིབ་མཁན་སོགས་འགྲོ་བསྐྱོད་ཆོག་པ་ངེས་པར་དུ་བཟོ་དགོས་པ་ཞིག་རེད། བློ་ཕམ་པ་ཞིག་ལ་རྒྱ་གཞུང་གིས་དུས་དྲན་བེད་སྤྱད་ཀྱིས་བོད་ནང་ཡར་རྒྱས་བཏང་ཡོད་ཚུལ་ངོམས་སོ་བྱས་ཏེ། ཁོང་ཚོས་བོད་བཙན་བཟུང་བྱས་པ་དེ་དྲང་བདེན་ ཞིག་ཏུ་བཟོ་ཐབས་བྱེད་ཀྱི་ཡོད། རྒྱ་མིའི་དྲག་གནོན་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་བྱེད་ཀྱི་ཡོད་ཀྱང་། དངོས་ཡོད་ཀྱི་ཐོག་ནས་བཤད་ན། འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་མིའི་འཐབ་རྩོད་དེ་དག་སྔོན་མ་ལས་ཤུགས་ཆེ་རུ་ཕྱིན་ཡོད། ཆིགས་ཡིག་བཞག་སྟེ་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ནས་ད་བར་བོད་མིར་མནར་གཅོད་བཏང་བ་རྣམས་ནག་བསུབ་གཏོང་ཐབས་མེད། བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ། ལོ་ངོ་དྲུག་ཅུ་འཁོར་ཡོད་ཡང་བོད་མི་ཚོ་ད་ལྟའང་རང་སྲོག་ལ་མ་འཛེམས་པར་ཕྱི་རྒྱལ་རང་དབང་ ལུང་པར་འབྲོ་ཐབས་བྱེད་ཀྱི་ཡོད་ལ། གནས་ཚུལ་དེ་ཚོ་བོད་མིའི་འཐབ་རྩོད་དང་སེམས་ཤུགས་རྫོགས་མེད་པ་གསལ་པོར་བསྟན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིགཁོར་ཡུག དེ་བཞིན་བོད་མི་ཚོ་རང་ཡུལ་དུ་རང་དབང་དང་སྤོབས་པའི་ངང་འཚོ་གནས་ཐུབ་ཐབས་སུ་ལས་འགུལ་མང་དུ་འགྲོ་བཞིན་ཡོད། ཅེས་སྒྲོག་སྦྱོང་གནང་སོང་།

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ཕོ་ཤི་རེ་ཁ། ཉིན་མོ་འདི་ནི་རང་རེ་གངས་ཅན་པ་རྣམས་མུན་ནག་ནང་འཇུག་པའི་དུས་ཡིན་པའི་མཆོག་གསུམ་ལ་གསོལ་འདེབས་སོགས་མཛད་ནས་སླར་ཡང་ཡངས་པའི་ཞིང་དུ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་སྨོན་ལམ་བྱེད་དུ་རེམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese