མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རང་གི་བདེན་མཐར་ཡིད་ཆེས་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp
ང་ཚོས་ཡིན་གཅིག་མིན་གཅིག་ཨུ་ཚུགས་བརྒྱབ་ཏེ། རང་གི་རྩ་དོན་རྣམས་མར་ཕབ་ནས་རྒྱ་གཞུང་ལ་འབྲེལ་བ་ཡོང་ཐབས་རྩ་བ་ནས་བྱེད་དགོས་དོན་ཡོད་པ་མ་རེད།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་སྟེང་ཚོགས་ཞུགས་གནང་མཁན་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་སུ། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་གནད་དོན་འགའི་ཐད་བཅར་འདྲི་ཞུས་ཡོད།
དྲི་བ།ད་ཐེངས་ཀྱི་བཅའ་ཁྲིམས་བསྒྱུར་བཅོས་འདི་ནི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཞིག་རེད། འགྱུར་ལྡོག་འདིའི་ཐད་བོད་ཕྱི་ནང་གཉིས་ཀྱི་མི་མང་ཁྲོད་བློ་འཚབ་དང་གླེང་སློང་ཤུགས་ཆེན་པོ་ཡོང་གིན་འདུག འདིའི་ཐད་སྐུ་ཉིད་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།
ལན། སྤྱིར་ང་ཚོ་ད་བར་དུ་༸གོང་ས་མཆོག་གིས་གསོ་སྐྱོང་དང་སྐྱེད་བསྲིང་གནང་བའི་བཀའ་དྲིན་ལ་བརྟེན་ནས། མི་རབས་གསར་བ་མང་པོ་ཞིག་འཚར་ལོངས་བྱུང་ཡོད་པ་རེད།ད་ལྟ་དེ་དག་ལ་འགན་དབང་རྩིས་སྤྲོད་བྱ་རྒྱུ་ཡིན་གསུང་པ་དེ་ནི།དངོས་ནས་དྲང་གནས་རླབས་ཆེན་གྱི་དགོངས་གཞི་ཆེན་པོ་ཞིག་རེད། དེ་ལ་ང་ཚོའི་ངོས་ནས་གུས་བརྩི་བླ་མེད་དང་རྒྱབ་སྐྱོར་དང་ལེན་ཞུ་དགོས་པ་ཞིག་ཆགས་འདུག ཡིན་ནའང་།༸གོང་ས་མཆོག་གིས་ཁྱོད་ཚོར་དཀའ་ངལ་ཞིག་ག་དུས་འཕྲད་པ་ཡིན་ན།དེ་དུས་ང་ཡོད་པ་རེད་ཅེས་གསུངས་ཡོད་པས། ཆབ་སྲིད་ཀྱི་ཐད་ནས་ཀྱང་༸གོང་ས་མཆོག་གི་ཐུགས་འགན་དང་འབྲེལ་ཐག་མ་ཆད་པ་ཞིག་ངེས་པར་དུ་བཟོ་དགོས་རྒྱུ་གལ་ཆེན་པོ་རེད། གལ་སྲིད་༸གོང་ས་མཆོག་དང་བོད་གཞུང་བར་འབྲེལ་བ་ཆད་པ་ཡིན་ནའང་། མ་གཞི་བོད་མི་རིགས་ཀྱི་དད་འདུན་ལ་འགྱུར་བ་འགྲོ་རྒྱུ་ཅི་ཡང་ཡོད་པ་མ་རེད་དེ།ཆབ་སྲིད་གནད་དོན་གྱི་སྒང་ནས་༸གོང་ས་མཆོག་གི་ཐུགས་རྗེ་ལྕགས་ཀྱུ་དང་བོད་མི་དམངས་ཀྱི་ལས་དབང་ཨ་ལོང་གཉིས་ཁ་བྲལ་ཚར་བ་ཡིན་ན།ང་ཚོས་བསམ་པ་དང་དམིགས་པའི་དོན་ཐོག་ལ་སླེབས་ཐུབ་ཀྱི་མ་རེད་བསམ། དེར་བརྟེན། དེ་ཐེངས་བགྲོ་གླེང་ཚོགས་ཆུང་ཐོག་ལའང་བསམ་འཆར་ཐེངས་མང་པོ་ཞུས་པ་ཡིན།ཞུས་དོན་གཙོ་བོ་དེ་བསྒྱུར་བཅོས་གནང་བ་དེ་འོས་ཤིང་འཚམ་པ་ཞིག་རེད། ཡིན་ནའང་།བོད་མི་མང་དང་བོད་གཞུང་ཟེར་བ་གཅིག་དང་།༸གོང་ས་མཆོག་སྐུ་སྒེར་གཉིས་ཁ་བྲལ་བ་ཡིན་ན།གཅིག་ནས་ང་ཚོར་འགྲོ་སྟངས་མི་ཤེས་པའི་གནས་སྟངས་ཤིག་ཏན་ཏན་ཆགས་ཀྱི་རེད་ལ། ལྷག་པར་དུ་བོད་ནང་ལ་ཡོངས་ཁྱབ་ཀྱི་འབྲེལ་ལམ་ཞིག་མེད་པར་བརྟེན། གལ་སྲིད་༸གོང་ས་མཆོག་གིས་ཐུགས་འགན་བཞེས་ཀྱིན་མེད་ཅེས་ལབ་པ་ཡིན་ན།བོད་ནང་གི་བོད་མི་ཚོའི་སེམས་པ་ག་འདྲ་ཞིག་ཆགས་མིན་དེ་དངོས་གནས་བློས་བཟོད་དཀའ་བ་ཞིག་རེད་བསམ་སོང་།  
 དྲི་བ། ༸གོང་མཆོག་གི་ཆབ་སྲིད་སྐུ་དབང་ལ་འགྱུར་བ་ཐེབས་པ་འདིས། སྔར་ཡོད་ཀྱི་བོད་རྒྱ་འབྲེལ་མོལ་ལ་འགྱུར་བ་ཐེབས་སྲིད་མིན་ཐད་སྐུ་ཉིད་ལ་དགོངས་ཚུལ་ག་རེ་ཡོད་དམ།
ལན།  སྤྱིར་རྒྱ་གཞུང་གིས་ག་དུས་ཡིན་ཡང་མཚན་སྨོད་དང་དམའ་འབེབས་བྱེད་པ་དེ་ཁོ་ཚོའི་གོམས་གཤིས་ལྟ་བུ་ཆགས་ཡོད་པ་རེད།དེར་བསྒྱུར་ཐབས་ཡོད་པ་མ་རེད།  ཡིན་ནའང་། དོན་དག་སྙིང་པོ་༸གོང་ས་མཆོག་དང་འབྲེལ་མོལ་བྱེད་ཆོག་པའི་རྣམ་པ་ཞིག་ཀྱང་སྟོན་ཁུལ་བྱེད་ཀྱིན་ཡོད་པ་རེད། གང་ལྟར་རྒྱ་གཞུང་ཡང་རྒྱལ་སྤྱིའི་ཁོར་ཡུག་ནང་སྡོད་དགོས་ཀྱི་ཡོད་སྟབས། བོད་རྒྱའི་བར་གྱི་འབྲེལ་བ་དེ་མཐའ་གཅིག་ཏུ་ཆད་པ་ཡིན་ན། རྒྱ་གཞུང་ལའང་རྒྱལ་སྤྱིའི་སྒང་ཆེ་མཐོང་མེད་པ་ཞིག་ཏན་ཏན་ཆགས་ཀྱི་རེད། ད་ལྟའི་གནས་སྟངས་ལ་བལྟས་པ་ཡིན་ནའང་།བོད་རྒྱའི་བར་གྱི་འབྲེལ་མོལ་ཏེ་མུ་མཐུད་འདུག་གི་རེད་བསམ་སོང་། ཡིན་ནའང་།འབྲེལ་བ་ཟབ་ཏུ་ཆས་ཏེ་གྲོས་བསྡུར་གནང་ཐུབ་རྒྱུ་གནས་སྐབས་རིང་ཕལ་ཆེར་དཀའ་ལས་ཁག་པོ་རེད། དེར་བརྟེན། ང་ཚོས་ཡིན་གཅིག་མིན་གཅིག་ཨུ་ཚུགས་བརྒྱབ་ཏེ། རང་གི་རྩ་དོན་རྣམས་མར་ཕབ་ནས་རྒྱ་གཞུང་ལ་འབྲེལ་བ་ཡོང་ཐབས་རྩ་བ་ནས་བྱེད་དགོས་དོན་ཡོད་པ་མ་རེད། ང་ཚོས་ཀྱང་སོ་སོ་རང་ཐད་ནས་བསམ་བློ་ཞིག་བཏང་སྟེ་ལས་དོན་སྒྲུབ་པ་ཡིན་ན། མ་འོངས་པར་རྒྱ་གཞུང་ལ་འགྱུར་བ་ཞིག་འགྲོ་ཡི་རེད་ལ། འཛམ་བུ་གླིང་ལའང་འགྱུར་བ་ཞིག་འགྲོ་བཞིན་ཡོད་པ་རེད།ནམ་ཞིག་ང་ཚོའི་བདེན་མཐའ་ཏན་ཏན་གསལ་རྒྱུ་རེད།  
དྲི་བ། གལ་སྲིད་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་ཡུན་ནང་བོད་དོན་བདེན་མཐའ་གསལ་མ་ཐུབ་པ་ཡིན་ན། མ་འོངས་པར་བཙན་བྱོལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོའི་ངོས་ནས་དོ་སྣང་བྱེད་དགོས་པའི་གནད་དོན་གང་དག་མཐོང་གི་ཡོད་དམ།

ལན།  ང་ཚོས་བསམ་བློ་ཞིབ་མོ་གཏོང་དགོས་པ་ཞིག་ནི། རང་གི་བདེན་མཐའ་དེ་ལ་ཡིད་ཆེས་བྱས་ཏེ་བློ་སེམས་བརྟན་པོར་གནས་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོའི་མཐར་གཏུགས་ཀྱི་དམིགས་ཡུལ་དེ་མ་འགྲུབ་པའི་བར། བོད་མི་སུ་ཞིག་ཡིན་རུང་ཕྱི་རྒྱལ་ལ་ཆས་པ་ཡིན་ན་རེད། རྒྱལ་ཁབ་གཞན་གྱི་མི་སེར་ཆགས་པ་ཡིན་ན་རེད། དེ་བཞིན་ཕྱིར་བོད་ལ་ལོག་ན་བཤད་མ་དགོས་པ་རེད། གནས་སྟངས་ག་འདྲ་ཞིག་ལ་ཆས་པ་ཡིན་ནའང་། མཐར་གཏུགས་ཀྱི་དམིགས་ཡུལ་དེ་དུས་ནམ་ཡང་མ་བརྗེད་པའི་ཐོག་ནས་དུས་དང་བསྟུན་ཏེ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་བསམ་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 1

  1. ནད་པ says:
    ལོ་ 12 སྔོན།

    བཀའ་ཟུར་ཞེ་བོ་ལགས་ཀྱིས་གནད་འགག་ཅན་གསུངས་འདུག ང་ཚོ་འཛམ་གླིང་གི་ས་ཕྱོགས་གང་དུ་ཆས་ནའང་ཤ་དང་རུས་པའི་འབྲེལ་ཐག་དེ་ནམ་ཡང་དོར་ཐབས་མེད་སྟབས། ང་ཚོས་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་རང་གི་རིག་གཞུང་རང་གི་རང་དབང་བཅས་དུས་ནམ་ཡང་བློས་གཏོང་བྱེད་རྒྱུ་མེད།

    དར་རྒུད་ཟེར་བ་དེ་འཇིག་རྟེན་སྤྱི་ཡོངས་སུ་འདས་ད་ལྟ་མ་འོངས་པ་བཅས་སུ་བྱུང་འབྱུང་བཞིན་འབྱུང་བར་འགྱུར་བར་སོང་ང་ཚོས་ནམ་ནམ་སེམས་ཤུགས་མ་ཆགས་པར་རང་གི་བདེན་མཐའ་དེ་རང་གིས་སེལ་ཐུབ་པར་ཡིད་ཆེས་བྱས་ཏེ་བོད་ཕྱི་ནང་དང་ཕྱོགས་བཞི་མཚམས་བརྒྱད་ནས་མུ་མཐུད་ཤུགས་སྣོན་རྒྱག་དགོས།

    འཛམ་གླིང་ལ་འགྱུར་བ་འགྲོ་བ་ལྟར་རྒྱ་ནག་ལའང་འགྱུར་བ་བཞིན་ཡོད། བོད་དེ་ཡང་ནམ་ཞིག་འགྱུར་བ་ཞིག་འགྲོ་རྒྱུར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་དགོས།

    གཞང་དང་དམངས་ཀྱི་སེམས་པ་གཅིག་ཏུ་བསྒྲིལ་ཐུབ་ན་བསྒྲུབས་ནས་མ་འགྲུབ་པའི་བྱ་བ་གཅིག་ཀྱང་འཛམ་གླིང་འདི་ནང་མེད་ཅེས་ངས་ཤ་དང་རུས་པའི་འབྲེལ་ཐག་དམ་པོས་བཅིངས་པའི་གངས་ཅན་གྱི་དོང་དམར་བོད་མི་ཚོར་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist