མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་སྐད་གཙང་མའི་སྤྲོ་ཚོགས།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp
བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བའི་རིག་རྩེད་བྱ་འགུལ་མང་ཙམ་སྤེལ་ཏེ།   བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་འབྱུང་བཞིན་པའི་ང་ཚོ་སློབ་ཕྲུག་རྣམས་ལ་སེམས་ཤུགས་དང་བོད་པའི་འདུ་ཤེས་སྤེལ་རྒྱུ་གལ་ཆེན་པོ་རེད་ཟེར།
ཕྱི་ཚེས་ ༦ ཉིན་གྱི་དགོང་མོར་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཕ་སྐད་གཙང་མའི་སྤྲོ་ཚོགས་ཞེས་པའི་རིག་རྩེད་འཁྲབ་སྟོན་གྱི་བྱ་འགུལ་ཞིག་སྤེལ་སོང་། སྤྲོ་ཚོགས་དེ་ནི་ཚོགས་པ་དང་སྒྲིག་འཛུགས་གང་གི་གོ་སྒྲིག་མ་ཡིན་པར། རྡེ་ར་རྡིན་བོད་ཁྱིམ་ལས་རིག་སློབ་གཉེར་ཁང་གི་སློབ་བུ་ཚེ་དཔལ་སྐྱབས་དང་། བསོད་ནམས་བཀྲ་ཤིས། ལྕགས་མོ་གསུམ་གྱིས་གཙོ་འགན་ཁུར་པའི་ཐོག་ནས། སུ་ཇ་སློབ་གྲྭ་དང་། ས་ར་མཐོ་སློབ། ནོར་གླིང་མཐོ་སློབ་བཅས་ཀྱི་གཞོན་སྐྱེས་སློབ་ཕྲུག་ཉི་ཤུ་ཙམ་གྱིས། འཁྲབ་སྟོན་ཚོགས་ཁང་དང་འཁྲབ་ཆས། རོལ་ཆ། དེ་བཞིན་འཁྲབ་སྟོན་བསྐྱར་སྦྱོང་སྐབས་ཀྱི་འགྲོ་སོང་མཐའ་དག་སློབ་ཕྲུག་མི་སྒེར་རང་ངོས་ནས་བཏང་སྟེ། བོད་རང་གི་ཕ་སྐད་མི་མཉམ་རྒྱུན་འཛིན་ཆེད་གཞན་གྱི་སྐུལ་སློང་མ་ཡིན་པར་དང་བླངས་ཐོག་རང་ནུས་འབྱོན་ཚོད་ཀྱིས་སྤེལ་བའི་རིག་རྩེད་འཁྲབ་སྟོན་གྱི་བྱ་འགུལ་ཞིག་ཡིན་པ་དང་། དེ་བཞིན་རིག་རྩེད་འཁྲབ་སྟོན་སྤྲོ་ཚོགས་དེའི་སྟེང་གླུ་དང་གར། ཁ་ཤག་སོགས་བོད་རང་གི་ཁྱད་ཆོས་མ་ཡལ་བའི་ཐོག་ནས་དེང་རབས་ཀྱི་རྣམ་པ་ལྡན་པའི་བོད་སྐད་གཙང་མའི་རིག་རྩེད་སྣ་ཚོགས་འཁྲབ་སྟོན་བྱས་པར་བརྟེན། རྒྱ་ཆེའི་གཟིགས་མོ་བ་མང་པོས་ཁོང་ཚོའི་འཁྲབ་སྟོན་ལ་དགའ་བསུ་དང་བསྔགས་བརྗོད་ཤུགས་ཆེན་པོ་ཐོབ་སོང་།   
སློབ་ཕྲུག་ལྕགས་མོ་ལགས་ཀྱིས་ཕ་སྐད་གཙང་མའི་སྤྲོ་ཚོགས་དེ་གྲ་སྒྲིག་གི་བརྒྱུད་རིམ་དང་དམིགས་ཡུལ་སྐོར་ནས་ངོ་སྤྲོད་གནང་དོན།  སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་རིག་རྩེད་སྤྲོ་ཚོགས་ཀྱི་བྱ་འགུལ་རིགས་མང་པོ་འདུག ཡིན་ནའང་། བོད་སྐད་གཙང་མའི་རིག་རྩེད་སྤྲོ་འཚོགས་དེ་འདྲ་ཧ་ཅང་ཉུང་ཉུང་རེད། དེར་བརྟེན། ང་ཚོ་སློབ་གྲོགས་ཚོས་ངོས་ནས་ཁ་པར་བརྒྱུད་ཕན་ཚུན་ལ་འབྲེལ་བ་བྱས་ཏེ། གཞན་གྱིས་སྐུལ་སློང་དང་སྒྲིག་བཙུགས་མ་ཡིན་པར་གུང་གསེང་གི་དུས་ཚོད་འདི་བེད་སྤྱད་དེ། ང་ཚོ་སློབ་ཕྲུག་རང་ངོས་ནས་ཕ་སྐད་གཙང་མའི་རིག་རྩེད་བྱ་འགུལ་ཞིག་སྤེལ་ན་ཡག་པོ་འདུག་བསམ་ཏེ་སློབ་ཕྲུག་ཉི་ཤུ་ཙམ་མཉམ་རུབ་ཐོག་སྤེལ་བ་ཡིན། དེའི་ནང་སློབ་ཕྲུག་ ༡༥ ནི་རྡེ་ར་རྡིན་བོད་ཁྱིམ་ལས་རིགས་སློབ་གཉེར་ཁང་གི་སློབ་མ་ཡིན་ལ། དེ་མིན་གཞན་རྣམས་ནི་སུ་ཇ་དང་། ས་ར་མཐོ་སློབ། ནོར་གླིང་མཐོ་སློབ་བཅས་ཀྱི་སློབ་མ་རེད། ཡིན་ནའང་། སློབ་ཕྲུག་ཕལ་ཆེ་བ་ནི་དེ་སྔོན་སུ་ཇ་བོད་ཁྱིམ་ནས་སློབ་གྲྭ་ཁག་སོ་སོའིར་ཕྱིན་པའི་སློབ་གྲོགས་ཁོ་ན་ཆགས་འདུག  རང་གི་སྐད་ཡིག་དང་མི་རིགས་ལ་ཤ་ཞེན་མཚོན་ཆེད། རིག་རྩེད་སྤྲོ་ཚོགས་འདིའི་མགོ་མཇུག་བར་གསུམ་གྱི་འགྲོ་སོང་ཚང་མ་ང་ཚོ་སློབ་ཕྲུག་རང་ངོས་བཏང་བ་ཡིན། ཅེས་བརྗོད་སོང་།

ཕ་སྐད་གཙང་མའི་སྤྲོ་ཚོགས་ལ་དང་བླངས་མཉམ་ཞུགས་ཐོག་འཁྲབ་སྟོན་གནང་མཁན། སློབ་ཕྲུག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་རང་ཉིད་བྱ་འགུལ་འདིར་མཉམ་ཞུགས་བྱས་པའི་སེམས་ཚོར་དང་དམིགས་ཡུལ་བརྗོད་དོན། ག་དུས་ཡིན་ཡང་གཞན་གྱིས་སྐུལ་སློང་ཁོ་ནར་བརྟེན་མ་དགོས་པར། ང་ཚོ་སློབ་ཕྲུག་སོ་སོ་རང་ངོས་ནས་དང་བླངས་བྱས་ཏེ། རང་ཉིད་བོད་པ་ཡིན་པའི་འདུ་ཤེས་དང་རང་གི་སྐད་ཡིག་རིག་གནས་ལ་དགའ་ཞེན་ཡོང་ཆེད། བོད་པ་དང་འབྲེལ་བའི་རིག་རྩེད་འཁྲབ་སྟོན་བརྒྱུད་དེ་ཕན་ཚུན་སྐུལ་འདེད་དང་ཆིག་སྒྲིལ་ཡོང་ཆེད་སྤྲོ་ཚོགས་འདིར་མཉམ་ཞུགས་བྱས་པ་ཡིན། དེ་བཞིན་རིག་རྩེད་འཁྲབ་སྟོན་གྱི་རྣམ་པའི་ཐད་ནས་ཀྱང་སྲོལ་རྒྱུན་གྱི་རྣམ་པ་ཁོ་ན་མཁྲེགས་འཛིན་མ་ཡིན་པར་བོད་རང་གི་ཁྱད་ཆོས་མ་ཉམས་པའི་ཐོག་ནས། དེང་རབས་ཀྱི་རྣམ་པ་ལྡན་པའི་འཁྲབ་སྟོན་གྱི་རིགས་ལ་མི་མང་པོས་དགའ་མོས་གནང་གི་ཡོད་སྟབས།  ང་ཚོས་ངོས་ནས་ཀྱང་རྣམ་པ་གསར་བ་འདོན་ཐབས་ལ་འབད་བརྩོན་བྱས་པ་ཡིན། ང་ཚོ་ཚང་མ་སློབ་ཕྲུག་ཡིན་པའི་ཆ་ནས་བར་གསེང་གི་དུས་ཚོད་སྤྱད་དེ་སོ་སོ་རང་ངོས་ནས་དཀའ་ལས་ཤུགས་ཆེན་པོ་བརྒྱབ་པ་ཡིན། ཡིན་ནའང་། ང་ཚོས་གར་སྟེགས་སྟེང་འཁྲབ་སྟོན་བྱེད་སྐབས་ལྟད་མོ་བ་ཚང་མས་ལག་པའི་ཐལ་མོའི་བརྡེབས་སྒྲ་ཐོས་ཡོང་སྐབས། སོ་སོའི་ཕ་སྐད་དང་འབྲེལ་བའི་བྱ་འགུལ་ཆུང་ངུ་འདི་ལ་ཚང་མས་དེ་འདྲའི་མཉམ་རུབ་གནང་བཞིན་པ་འདི་ནི། ང་ཚོ་ཚང་མའི་འདུན་པ་དང་རེ་བ་གཅིག་ཡིན་པའི་སེམས་ཚོར་ཤུགས་ཆེན་པོ་དང་།  དེ་བཞིན་ང་ཚོས་དཀའ་ལས་བརྒྱབ་པར་འབྲས་བུའང་གང་ལ་གང་འཚམ་ཐོན་སོང་བསམ་བྱུང་། དེར་བརྟེན། མ་འོངས་པར་ཡང་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བའི་རིག་རྩེད་བྱ་འགུལ་མང་ཙམ་སྤེལ་ཏེ།   བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་འབྱུང་བཞིན་པའི་ང་ཚོ་སློབ་ཕྲུག་རྣམས་ལ་སེམས་ཤུགས་དང་བོད་པའི་འདུ་ཤེས་སྤེལ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༧ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 11

  1. ཤིང་ལོ། says:
    ལོ་ 15 སྔོན།

    རང་གི་རྣམ་པ་ངོ་གདོང་ཁོ་ནར་མེད། བྱས་ཙང་། རང་གི་གདོང་ལ་འཁྱུག་ཙམ་ལྟོས་དང་།
    གཟི་བརྗིད་ཡིན་ཡཱ།

    Reply
  2. ལྷག་དཀར་ལས་འགུལ། says:
    ལོ་ 15 སྔོན།

    སློབ་ཕྲུག་ཚོར་བཀའ་དྲིན་ཆེ་ཞུ། འདི་ག་རྒྱ་གར་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་འགས་ཀྱང་དང་ལང་ཐོག་ནས་ལྷག་དཀར་ལས་འགུལ་ཞེས་པ་དེ་སློབ་གྲྭའི་ནང་དུ་སྤེལ་བཞིན་ཡོད། དེ་ནི་ཕྱི་ཟླ་༠༥ཚེས་༠༣ནས་སྤེལ་འགོ་བརྩམས་པ་རེད། སྤེལ་སྟངས་ནི་རེས་གཟའ་ལྷག་པ་གང་ཡིན་ལ་སློབ་ཕྲུག་ཚོས་བོད་སྐད་གཙང་མ་བཤད་དགོས་ཡག སློབ་ཕྲུག་ཚོ་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་དབྱིངས་ཤུགས་ཆེ་ཙམ་བསླེབ་ཆེད་བྱེད་སྒོ་འདྲ་མིན་སྤེལ་ཡག སློབ་ཕྲུག་ཚོར་རྩོམ་དང་དག་ཆ། ཐ་སྙད་སོགས་ཀྱི་དྲི་འགོད་དང་ཐད་འབྲི་སོགས་ཀྱི་འགྲན་བསྡུར་བྱེད་ཡག་སོགས་ཀྱི་བྱེད་སྒོ་སྣ་མང་ཞིག་སྤེལ་དང་སྤེལ་མུས་ལགས།

    Reply
  3. ཅང་མེད། says:
    ལོ་ 15 སྔོན།

    སློབ་ཕྲུག་ཚོ་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་ཞུ།
    ཕ་སྐད་གཙང་མའི་སྤྲོ་ཚོགས་ལོ་རེར་ཐང་གཉིས་དང་ཡང་ན་ཐང་གཅིག་ཚོགས་ཐུབ་པས་སྨོན་ལམ་དང་འབོད་སྐུལ་ཞུ།
    འགྲོ་གྲོན་སོགས་བོད་པའི་སྤྱི་ཚོགས་ནང་ནས་ཞལ་འདེབས་སློང་ན་ལེགས།

    བོད་ཀྱི་སྐད་ཡིག་རྒྱལ་གྱུར་ཅིག་་་་བོད་རྒྱལ་ལོ།

    Reply
  4. ལུང་རྟོགས། says:
    ལོ་ 15 སྔོན།

    སྙིང་ཐག་པ་ནས་དགའ་བསྲུ་ཞུ། རྗེས་ནས་སློབ་ཕྲུག་ཚོས་འདི་ལྟ་བུའི་བྱ་འགུལ་རེ་སྤེལ་བ་ཧ་གོ་ན་རང་ངོས་ནས་གང་ཐུབ་ཀྱི་ཞལ་འདེབ་རེ་འབུལ་ངེས་ཡིན། བོད་པའི་ན་གཞོན་རྣམས་ལ་རེ་བ་ཆེན་པོ་ཡོད། སློབ་ཕྲུག་རྣམས་ནས་སོ་སོའི་སྐད་ཡིག་ལ་དགའ་ཞེན་འདི་ལྟར་བྱས་དུས། གཞུང་གི་དབང་འཛིན་པ་དང་། དགེ་རྒན་རྣམས་ནས་དབྱིན་སྐད་མ་སྦྱང་ན་འཚོ་བ་སྐྱལ་མི་ཐུབ་ཚུལ་སོགས་ཀྱི་སྐད་ངན་མི་འདོན་པར་བོད་རང་གི་སྐད་ཡིག་ལ་ཤུག་རྒྱབ་རྒྱུ་གལ་ཆེ།

    Reply
  5. གངས་སྨྱུག says:
    ལོ་ 15 སྔོན།

    ཚིག་འདི་གོ་ཙམ་གྱིས་སྙིང་ཁོང་ནས་སྤྲོ་བ་བརྟས། ཐུགས་རྗེ་ཆེ།

    Reply
  6. ཤག་སྒང་པ། says:
    ལོ་ 15 སྔོན།

    ལེགས་པོ་བྱུང་འདུག དེང་སྐབས་སུ་དགོས་མཁོ་ཡང་རེད། འགན་འཁུར། དྭང་བླངས། ཟེར་བའི་བྱ་འགུལ་དེཚོ་ནི་ང་ཚོ་ཡར་རྒྱས་དང་མཁྲེགས་པོར་འགྱུར་བའི་སྐས་འཛེགས་ལྟ་བུ་ཞིག་ཡིན། ཧ་ཅང་ལེགས། གོང་དུ་བྲིས་པ་བཞིན་བསྟོད་ལ་མི་དགའ་ཞིང་། སྨད་པའི་སྒྲ་དག་དྭང་དུ་ལེན་དགོས་པ་དེ་ཡང་གནད་འགག་ཡིན་པས་ཡིད་ལ་འབོར་ཞིག ཐུགས་རྗེ་ཆེ།

    Reply
  7. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    བསྟོད་པ་ལ་དགའ་ཞིང་དོན་དངོས་ལ་མི་དཔྱོད་པའི་བཙན་བྱོལ་བ་རྣམས་པ་ལགས། ཁྱེད་ཚོས་བསྟོད་པ་ཐེངས་བརྒྱ་འཐེན་པ་ལས་ཐེར་འདོན་དང་སྐྱོན་ཆ་ཐེངས་གཅིག་གླེང་ཐུབ་པ་ཡིན་ན་ཡར་རྒྱས་ལ་ཐོར་འདེགས་ཡོང་ངེས་མོད། དེ་ལྟར་མི་འདོད་པ་ནི་རང་ཉིད་ཀྱི་སྤྱི་ཚོགས་ལ་རང་ཉིད་ནས་འགན་ཁུར་མ་འདོད་པ་དེ་རེད། གང་ལྟར་སློབ་ཕྲུག་རྣམ་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply
  8. བོད says:
    ལོ་ 15 སྔོན།

    དངོས་གནས་སེམས་ཤུགས་ཆེ་པོའི་ཐོགས་ནས་དང་བླངས་ལས་འགུལ་སྤེལ་བར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད།

    Reply
  9. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    གཞན་གྱིས་བསྐུལ་སློང་ལ་མ་བལྟོས་པར་སློབ་ཕྲུག་རང་ངོས་ནས་ལས་འགུལ་སྤེལ་བ་འདི་ཧ་ཅང་གི་དགའ་འོས་པ་དང་མ་འོངས་པའི་སོན་རྩ་ཚོར་རེ་བའི་མིག་འབིར་གཏོད་ཆོག་པའི་དན་རྟགས་ཡིན་པས་སྙིང་ནས་དགའ་བསུ་དང་གོ་སྒྲིག་མཁན་ཚོར་ཐུགས་རྗེ་ཆེ་ཞུ།

    Reply
  10. སྨྲ་བརྗོད་རང་དབང་། says:
    ལོ་ 15 སྔོན།

    འདི་དོན་བཟང་ཞིག་རེད། སློབ་ཕྲུག་ཚོར་བཀའ་དྲིན་དང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡི། སེམས་གཏིང་ནས་ཡིན། བོད་ཀྱི་སྐད་ཡིག་རྒྱལ་གྱུར་ཅིག

    Reply
  11. ང་བདེན་པ། says:
    ལོ་ 15 སྔོན།

    འདི་ནི་ཧ་ཅང་གི་དགའ་འོས་པའི་གཏམ་བཟང་ཞིག་རེད་ལ་སློབ་ཕྲུག་ཚོར་དཔལ་འབྱོར་གྱི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡོད་ནའང་སེམས་ཤུགས་འདི་ལྟར་བསྐྱེད་པ་བསྟོད་སྔགས་ཀྱི་ཡུལ་ཡིན་པས་དགའ་ཡོད། མི་མང་སྐྱུས་མ་ཚོས་ངོས་ནས་ཀྱང་ཐད་ནས་མི་ལྟ་ཞལ་འདེབས་གནང་རྒྱུ་གལ་ཆེན་པོ་རད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese