མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་གིས་ངོས་ལེན་བྱས་པའི་གཞུང་དེས་བོད་ཀྱི་ཚབ་བྱེད་ཐུབ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

རྒྱ་ནག་གཞུང་གིས་སྤེལ་པའི་བོད་སྐོར་གྱི་རྩོམ་ཡིག་རྣམས་ལྟ་ཀློག་བྱེད་མཁན་ཞིག་ཡིན་ན། ༼ སུ་ཞིག་གིས་ཡང་སྙིང་བོད་རིགས་ཀྱི་ཚབ་བྱེད་ཐུབ ༽ཅེས་པར་རྫུན་མ་ཁྲི་སྟོང་གིས་སྒྲུབ་པའི་རང་སྐྱོན་གཅིག་བཀབ་ཀྱང་ཤོར་འདུག་པ་མཐོང་ཐུབ། དེ་ནི་རྒྱ་ནག་གཞུང་རང་ཉིད་དེ།  “རྒྱལ་སྤྱིའི་ཆབ་སྲིད་ཀྱི་དངོས་ཡོད་གནས་ཚུལ་ནི་སྙིང་རྗེ་དང་བྲལ་བར” བཟོ་པའི་བྱེད་གཏེ་ཞིག་ཡིན་པ་མི་རྣམས་ལ་དྲན་གསོ་ཐེངས་གཅིག་བྱས་འདུག

བོད་ལ་རང་ཆས་སུ་ཡོད་པའི་རྒྱུ་འབྲས་བློ་མིག་གིས་བོད་མི་རྣམས་ཀྱིས་བྱ་དངོས་ཡོད་དོ་ཅོག་ལ་བྱམས་བརྩེ་དང་སྙིང་རྗེས་ལྟ་བར་བྱེད་ཅིང་། བོད་མིའི་འཚོ་གནས་ལག་ལེན་ཁྲོད་དུའང་དེའི་རིན་ཐང་གིས་ཁྱབ་ནས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དང་བོད་མི་ནི་བྱམས་བརྩེ་དང་སྙིང་རྗེའི་མགོ་ཁུངས་ལྟ་བུར་ངོས་ལེན་བྱེད་ཀྱི་ཡོད། ངོས་ལེན་དེ་ནི་རླུང་གཡོ་བ་ནང་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཉིན་སྲིབ་མེད་པར་གཡུག་པས་འགྲོ་བ་མི་རྣམས་ཀྱི་སེམས་ངོར་བྲིས་པའི་བོད་དང་བོད་མིའི་རྣམ་ཤེས་ནི། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནམ་མཁར་འབག་བཙོག་བཟོ་པའི་སྟོབས་ཆེན་རྒྱ་ནག་གཞུང་ལས་དྲང་བདེན་དང་གནས་ལུགས་ཀྱིས་རྟག་བརྟན་ཐེར་ཟུག་ཏུ་གནས་མུས་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་དང་བོད་མིའི་བསུབ་ཏུ་མེད་པའི་མཛའ་འབྲེལ་གྱི་རིག་པའི་གཞུང་ལུགས་ནི་རྒྱ་ནག་གི་སྙིང་རྩ་འདར་བྱེད་ཅིག་ཡིན་པ་བསྙོན་དུ་མེད་པ་དེས་ཀྱང་། བོད་ཀྱི་ཚབ་བྱེད་པའི་བློ་ཁོག་བོད་རང་ལ་མ་གཏོགས་མེད་པ་སྟོན་གྱི་ཡོད།

བོད་ཀྱི་ཚབ་བྱེད་ན་བོད་དུ་སྡོད་དགོས་པ་ཞིག་གིས་ཚབ་ཐུབ་མིན་ནི་བཙན་འཛུལ་དང་གཉའ་གནོན་གྱི་མཚོན་རྟགས་ཡིན་པའི་” བོད་རང་སྐྱོང་ལྗོངས་ “ཟེར་བའི་འགོ་ཁྲིད་ཚོ་ནས་” ཞང་སྲིད་གཞུང་“ཡན་འདབས་ཀྱི་བོད་དུ་སྡོད་པའི་འགོ་ཁྲིད་ཚོར་བཀའ་འདྲི་ཞུས་ན་གསལ་བོར་ལོས་མཁྱེན་ཁར། བོད་དུ་བསྡད་པ་ཙམ་གྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་མ་རྟོགས་ཀྱི་མཐིལ་བརྟོལ་མཁན་ཡང༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གཅིག་པུ་མིན་པར། རྒྱ་ནག་དམར་ཤོག་ཚོགས་པའི་དྲང་ཆེ་འདས་པོ་ཧུའུ་ཡོ་པང་ནི་མདུན་གྲལ་དུ་སླེབས་ཡོད།

བོད་ཀྱི་ཚབ་བྱེད་མཁན་སུ་ཡིན་མིན་ལ་མ་ལྟོས་པར་དོན་དམ་བོད་མི་ཚོར་འདོད་བློ་ཁེངས་ངེས་ཀྱི་གནས་བབ་ཅིག་བྱུང་ན་༧གོང་ས་མཆོག་གིས་” ངོས་དེ་རིང་རང་བཙན་བྱོལ་བོད་གཞུང་གི་སྒོ་རྒྱག་ཐུབ་ཀྱི་ཡོད་” པའི་བརྡ་ལན་རྒྱ་ནག་གཞུང་ལ་སྔ་མོ་ནས་སྤྲད་ཟིན་པ་དེས། ” ༡༩༥༩ ལོའི་གོང་གི་བོད་དང་། ཡང་ན་རིག་གནས་གསར་བརྗེའི་སྐོར“་གླེང་ནས་ཉི་མ་ཕུད་ཐུབ་བྱེད་འདོད་མེད་པ་གསལ་བཤད་བྱས་མི་འདུག་གམ། བོད་ལ་“གནམ་ས་བླ་འོག་བརྗེ་བ་“ལྟ་བུའི་ཡར་རྒྱས་བཏང་ཡོད་ན། བོད་མི་ཚོར་རང་དབང་དང་དྲག་གནོན་“ཉིན་མཚན་བརྗེ་བ་“ལྟ་བུར་བྱུང་དགོས་དོན་ག་རེ་ཡིན་ནམ། བོད་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་༧གོང་ས་མཆོག་ནས་བོད་རྒྱའི་དཀའ་རྙོག་ཐད་འཛིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ནི་དེ་བས་ཀྱང་རྙིང་པ་བསྐྱར་ཟློས་བྱེད་འདོད་མེད་པའི་གཏན་ཚུགས་རང་ཡིན་པ་མ་ཟད། དུས་རབས་དང་མཐུན་ལ་དངོས་ཐོག་བདེན་འཚོལ་གྱི་མིའི་རིགས་ཀྱི་འཚོ་གནས་འཆའ་ཐུབ་ལ་དྲངས་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན།

བོད་ལ་རྒྱུས་མངའ་ཡོད་མེད་ཀྱིས་བོད་ཀྱི་ཚབ་བྱེད་ཐུབ་མིན་གླེང་བ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན། ཡིན་ནའང་དེང་སྐབས། འགྲོ་བ་མིའི་རྩ་ལམ་དག་ཏུ་ཁྱབ་པའི་ངོ་ཚ་ཟེར་བ་དེ་དང་། ཡང་ན་ཆབ་སྲིད་ཐད་ཀྱི་ཆོད་སེམས་གང་གི་ཆ་ནས་བཤད་ཀྱང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་བོད་ལ་རྒྱུས་མངའ་མེད་ཚུལ་བཤད་པ་ནི་སྐྱག་རྫུན་གྱི་བང་མཛོད་སྟོང་སོང་བ་མིན་ན། བོད་མི་རྩད་རྫོགས་བྱེད་པའི་སྲིད་བྱུས་ཀྱི་གོམ་སྟབས་སྔར་ལས་མགྱོགས་སུ་བཏང་བར་ངོས་འཛིན་མི་བྱེད་ཀ་མེད་རེད། ༧གོང་ས་མཆོག་གིས་བོད་ཀྱི་གནས་བབ་གསལ་རྟོགས་ཡོད་ཁར། རྒྱ་རིགས་དུང་ཕྱུར་མང་པོའི་རྒྱ་ནག་གི་འབྱུང་འགྱུར་ལའང་ལྷག་བསམ་རྣམ་དག་གིས་ཐུགས་ཁྲལ་གནང་བཞིན་ཡོད།

དེ་ནི་དཔེ་མཚོན་ཁ་ཤས་ཀྱིས་བཤད་ཐུབ་སྟེ། རྒྱ་གཞུང་གི་གསར་འགྱུར་རྫུན་མས་སྒྲིབ་པའི་རྒྱ་མི་གྲོགས་པོ་ཚོ་ཕྱིའི་གླིང་ཕྲན་ཁག་ནས་བོད་མི་ཚོར་ཐུག་འཕྲད་བྱ་རྒྱུར་དོགས་མ་བདེ་བ་ཡོང་གི་ཡོད། ཡིན་ནའང་། བདེན་པ་ནི་ནམ་ཡང་མཐའ་གསལ་ཡིན་པ་དང་། ༧གོང་ས་མཆོག་གི་བོད་རྒྱའི་དཀའ་རྙོག་སེལ་འདོད་ཀྱི་ཆོད་སེམས་བརྟན་པོ་ཡིན་པས། དེང་གི་དུས་ན་ཐའེ་ཝན་པ་དང་ཧོང་ཀོང་པ། ཨོ་མན་པ་རྣམས་མ་ཟད། རྒྱ་ནག་སྐམ་སའི་རྒྱ་རིགས་གྲོགས་པོ་རྣམས་༧གོང་ས་མཆོག་ལ་མཇལ་རྒྱུ་ནི་སྐོམ་པ་ཆུ་འདོད་ལྟར་ཡིན་ལ། ད་དུང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་རྩོམ་པ་པོ་མང་པོས་༧གོང་ས་མཆོག་ལ་རྒྱ་ནག་མང་གཙོའི་དབུ་ཁྲིད་ཀྱི་མཚན་གནས་བཞེས་རྒྱའི་ཨུ་ཚུགས་རབ་དང་རིམ་པར་བསྐྱོན་ཡོད། དེ་མཚུངས་ ༢༠༠༨ ལོར་༧གོང་ས་མཆོག་གིས་ཨོ་ལིག་ཕིག་རྩེད་འགྲན་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་གོང་ན་མེད་པ་བྱས་ཡོད། ད་དུང་ ༢༠༠༨ ལོར་བྱུང་བའི་བོད་ནང་གི་ཞི་རྒོལ་སྐབས་སུའང་༧གོང་ས་མཆོག་གིས་རང་ལ་ཐོབ་པའི་བོད་མི་རྣམས་ཀྱི་དད་པ་དང་བརྩི་བཀུར་བདེ་སྤྱོད་ཀྱིས་ཞི་རྒོལ་ལྷིང་འཇགས་ཡོང་རྒྱུར་རྒྱ་ནག་གཞུང་དང་མཉམ་རུབ་གནང་རྒྱུའི་བླ་ན་མེད་པའི་ཆོད་སེམས་བསྟན་ཡོད་པ་མ་ཟད། རང་སྐྱོང་བསམ་འཆར་དུ་རྒྱ་ནག་གཞུང་” དབུས་གཞུང་“དུ་ངོས་འཛིན་བྱས་ཡོད་པ་དག་ནི་བྱུང་རབས་ནང་ཤིན་ཏུ་གསལ་བོ་ཡིན།

གོང་དུ་དྲངས་པའི་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཆོད་སེམས་འདི་ཉིད་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆར་སུས་ཀྱང་བོད་རྒྱ་གཉིས་ཀྱི་གནས་བབ་མ་ཤེས་པའི་ལན་ཚུལ་གསུངས་མཁན་གཅིག་ཀྱང་བྱུང་མེད།

” བོད་ཀྱི་མགྲིན་ཚབ་པ་དང་དབུ་ཁྲིད་བྱེད་དགོས་ན་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱེད་དགོས“་པ་ནི་༧གོང་ས་མཆོག་གི་དགོངས་གཞི་རྨ་མེད་པ་དེ་རེད་ལ། ༢༠༡༡ ཟླ ༣ ཚེས ༡༡ ཉིན་བཙན་བྱོལ་གྲོས་ཚོགས་སུ་བསྩལ་བའི་འཛམ་གླིང་གཡོ་འགུལ་ཐེབས་པའི་གསུང་འཕྲིན་རིན་པོ་ཆེ་ནི། སྲིད་དབང་དང་མང་གཙོའི་ལམ་ལུགས་གཉིས་ཀའི་ནང་ལོ་རྒྱུས་གསར་བ་ཞིག་ཡིན་ལ། གསུང་འཕྲིན་རིན་པོ་ཆེ་དེའི་སྙིང་དོན་ཡང་བོད་མི་རྣམས་ཀྱིས་མང་གཙོ་དོན་སྙིང་ལྡན་པ་ཞིག་ལོངས་སྤྱོད་ཐུབ་ཕྱིར་དམིགས་པ་ཞིག་ཀྱང་རེད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། བོད་ཀྱི་དབུ་ཁྲིད་དང་སྐུ་ཚབ་སུས་བྱེད་ཐུབ་མིན་གྱི་མང་གཙོའི་འོས་འདེམས་ཤིག་བྱེད་དགོས་ཚེ། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ཁང་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོར་གསལ་བོར་ཞུས་པ་བཞིན། ད་དུང་རྒྱ་གཞུང་ལ་རེ་དོགས་ཡོད་ཚེ་བོད་ཕྱི་ནང་གཉིས་ནས་མང་གཙོའི་འོས་བསྡུ་ཆེན་པོ་ཞིག་འགོ་ཚུགས་རྒྱུའི་བློ་འདོན་བྱས་ཡོད་ལ། དེ་ནི་ད་དུང་ཡང་བབ་བརླིང་བརྟན་གསུམ་གྱིས་གནས་མུས་རེད།

སྨྱུག་འཛིན་པ་མཚམས་འདིར་སླེབས་པ་ན་གཏམ་དཔེ་ཞིག་དྲན་པ་ནི། ” གླེན་པར་ལན་བརྒྱར་སྨྲས་ཀྱང་གོ་དཀའ་ “ཞེས་པ་དེ་རེད་ལ། གོང་དུ་དྲངས་པའི་རིག་པའི་གཞུང་ལུགས་འདིས་” ཡང་སྙིང་བོད་ཀྱི་ཚབ་སུས་བྱེད་ཐུབ་མིན་” གྱི་མདུད་པའང་རང་བཞིན་གྱིས་གྲོལ་འགྲོ་བ་ཞིག་ཡིན་པས། རྒྱ་ནག་གཞུང་གི་ལྟོས་བཅས་རྣམས་ངོ་ཚ་ཁ་སྐྱེངས་ནས་མ་ཀློག་པར། སློབ་སྦྱོང་གི་གཞི་རྩར་བཟུང་ནས་དོན་དངོས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

 

                                                                                                        ༢༠༡༡།   ༦།  ༨།  ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    རྣམ་པ་ཚོས་བགྲོ་གླེང་གནང་བ་ཡག་པོ་འདུག དགོས་གལ་བྱུང་མཚམས་ཚིག་ཁ་ཤས་གཏོར་ངེས་ཡིན།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    གསར་འབྱོར་ཞེས་པ་འདི་དངོས་གནས་རྩ་འཁྲུགས་ཡོད་པ་མིན་ནམ། བོད་མི་ས་ཡ་དྲུག་གི་ཚབ་བཙན་བྱོལ་བོད་མིས་བྱེད་མི་ཐུབ་ཟེར་ན། འོ་ན་སུས་ཚབ་བྱེད་ཐུབ་ཀྱིན་རེད། བོད་ཀྱི་ཚབ་བོད་པས་བྱེད་ཀྱིན་རེད་ཟེར་བ་འདིར་དངོས་རྣམ་དཔྱོད་ཉམས་པའི་རང་རྟགས་ཆེར་གསལ་འདུག། ང་ཚོས་ཤེས་དགོས་པ་ལ་བོད་པའི་ཚབ་བོད་པ་ཡིན་མིན་རྩོད་མཁན་མེད་ཅིང་། རྒྱ་གཞུང་གིས་བཙུགས་པའི་རང་སྐྱོང་ལྗོངས་ཟེར་བ་དེ་དང་ཡང་རྒྱ་ནག་གཞུང་ལ་བོད་ཀྱི་ཚབ་བྱེད་ཐུབ་བམ། བཙན་བྱོལ་སྒྲིག་འཛུགས་འདིས་བོད་ཀྱི་ཚབ་བྱེད་ཐུབ་ཅེས་དཔྱད་དགོས་པ་ཡིན། ཤེས་རབ་འཆལ་བའི་གླེན་རྟགས་མ་སྟོན་ཅིག། བཙན་བྱོལ་སྒྲིག་འཛུགས་ཀྱི་བོད་དོན་འཐབ་རྩོད་ཀྱི་སྲིད་བྱུས་ཡུལ་དུས་དང་བསྟུན་ནས་གཏིང་ཇི་ཟབ་དང་རྣོ་ངར་ཇི་ཆེར་འགྲོ་བ་ལས་དབྱར་ཁའི་གནམ་གཤིས་ལྟར་འགྱུར་ག་ལ་ཡིན། སྡོད་ས་པད་ཀོག་ལ་བསྡད་ནས་མིག་ལ་ཐལ་བ་མ་གཏོར་ཞིག། མཐར་ཐུག་ནས་བཤད་ནས་བཙན་བྱོལ་གཞུང་ཞིག་ཆགས་དགོས་མིན་ལ་ཨུ་ཚུགས་རྒྱག་རྒྱུ་སྐབས་དོན་མ་ཡིན་གྱི་བོད་གཞིས་བྱེས་ཀྱི་གོང་བུའི་ནུས་པ་འདི་ཡོད་ཕྱིན་རྒྱ་གཞུང་སྙིང་ལ་གྲི་འཛུགས་བྱེད་འདི་ཀ་ཡིན་པ་ཤེས་པ་དགོས།

    Reply
  3. གསར་འབྱོར། says:
    ལོ་ 15 སྔོན།

    བོད་རྒྱལ་ཁབ་ཆེན་མོའི་རང་བཙན་ཤོར་རྗེས་བོད་མི་མང་གིས་ངོས་ལེན་ཡོད་པའི་གཞུང་ཅིག་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྒང་ནས་བྱུང་མྱོང་མེད་ལ། གཞུང་ནས་ཚོགས་པ་དང་ཚོགས་པ་ནས་ས་གནས་སྒྲིག་འཇུ༹གས་སོགས་གང་རུང་ཏུ་བསྒྱུར་ཆོག་ཆོག་གི་བཙན་བྱོལ་བ་འབུམ་གཅིག་གིས་ནམ་ཡང་བོད་ནང་གི་བོད་མི་ས་ཡ་དྲུག་གི་ཚབ་མཚོན་བྱེད་མི་ཐུབ། རྒྱ་ལ་ཐུབ་པའི་དབང་ཏུ་བཏང་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ལྟར་བཙན་བྱོལ་བ་ཚོས་ངོས་ལེན་ཡོད་པའི་གཞུང་ནི་རྒྱ་ནག་སྲིད་གཞུང་རང་ཡིན་པས་སྲིད་བྱུས་འདིའི་བོད་ནང་གི་བོད་མི་ཚོའི་མངོན་འདོད་སྒྲུབ་ཐུབ་ཀྱི་མེད་པ་༢༠༠༨ལོའི་ཞུ་བའི་ཡར་ལངས་ཆེན་མོ་སོགས་ལས་ང་ཚོས་གསལ་བོར་ཤེས་ཀྱི་ཡོད། འདི་ལྟར་བོད་ནང་གི་བོད་མི་ཚོས་འབོད་ཚིག་བརྗེ་མ་མྱོང་ཞིང་སྲིད་བྱུས་སྒྱུར་མ་མྱོང་བའི་ཕུགས་རྒྱང་རིང་བོའི་ལངས་ཕྱོགས་བརྟན་པོ་ཞིག་གིས་བོད་མི་རིགས་ཀྱི་བདག་དབང་རྩོད་ཀྱི་ཡོད་ནའང་། བཙན་བྱོལ་བ་འབུམ་གཅིག་འདིས་རང་བཙན། རང་དབང་། རང་སྲིད་རང་སྐྱོང་། སྲིད་གཞུང་ནས་ཚོགས་སྡེ་ཞིག་བཅས་དབྱར་ཁའི་གནམ་གཤིས་བཞིན་རྒྱལ་ཁབ་དང་མི་རིགས་ཤིག་གི་ཐབས་རྩོད་མི་རབས་གཅིག་གི་རིང་བརྗེ་ཅི་ཐུབ་བྱེད་བཞིན་པའི་ཆབ་སྲིད་ཀྱི་མི་རྒྱང་རིང་བོ་མེད་པའི་བྱིས་པའི་རྩེད་མོ་ལྟ་བུའི་སྲིད་བྱུས་འཇི༹ན་མཁན་གྱི་མི་འདི་ཚོས་བྲག་རི་ལྟར་འགྱིང་སྡད་པའི་རྒྱ་ནག་གཞུང་ལ་འགྱུར་བ་གཏོང་མི་སྲིད་པ་ཞིག་རེད། ཡིན་ཡང་མ་འོངས་བོད་རྒྱལ་ཁབ་ཆེན་མོ་བསྐྱར་གསོ་མཇ༹ད་ཐུབ་མཁན་གྱི་སྟོབས་ཤུགས་ཤིག་ལྷག་སྡད་ཡོད་པ་ནི་ལངས་ཕྱོགས་བརྟན་ཅིང་སྲིད་བྱུས་ཀྱི་ཕུགས་རྒྱང་རིང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་ཡིན་ལ། རྒྱ་ནང་གཞུང་གི་མིག་ལ་གཙེ་ཞིང་སྙིང་ལ་ན་བའང་འདི་ཡིན་པ་མ་ཟད་བོད་ནང་གི་བོད་མི་ཚོའི་ངོ་ལེན་ཡོད་པའི་མ་འོངས་པའི་གཞུང་འཇི༹ན་པའང་འདི་ཡིན།

    Reply
  4. ཀིརྟི་སྐྱབས། says:
    ལོ་ 15 སྔོན།

    ཁ་བྱང་འདི་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་ཚབ་བྱེད་ཐུབ། གང་ཡིན་ཞེ་ན། ང་ཚོས་དབུ་མའི་ལམ་བརྒྱུད་རྒྱ་ནག་གཞུང་གི་འོག་ཏུ་སྡོད་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་པ་མ་ཡིན་ནམ། དེ་བྱས་ཚེ་རྒྱ་ནག་གཞུང་ནི་བོད་མིས་ངོས་ལེན་བྱས་པའི་དབུས་གཞུང་དེ་རེད།
    འོན་ཀྱང་ད་ལྟའི་ཆར་བོད་མིའི་ཚབ་བྱེད་ཐུབ་པའི་ཁྲིམས་མཐུན་གྱི་གཞུང་ཞིག་མེད། དབུ་ཁྲིད་ཅིག་ཡོད། དེ་ནི་༸གོང་ས་མཆོག་ཡིན།

    Reply
  5. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    གཟུ་གནས་བློ་ལྡན་ལགས་ཀྱིས་རྟག་ཏུ་ཐུགས་སྣང་གནང་བ་ཐུགས་རྗེ་ཆེ།

    Reply
  6. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཤར་ཕྱོགས་ཁུག་རྟ་ལ་ཐུགས་རྗེ་ཆེ་ཞུའོ། །རྒྱབ་གཞུང་གི་དཔོན་ངན་གཡོན་ཐལ་ཅན་རྣམས་ཀྱི་སྙིང་རྩ་འདར་བྱེད་དང་། ནང་བོད་མི་སྤུན་ཟླ་རྣམས་དགའ་སྤྲོ་བརྟས་བྱེད་ཀྱི་དཔྱད་བརྗོད་མང་དུ་སྤེལ་རོགས། ངོས་ལའང་དུས་ཡོད་ཚེ་མང་དུ་བྲི་རྒྱུ་ཡིན། བོད་རྒྱལ་ལོ། བོད་རྒྱ་མི་རིགས་ནམ་ཡང་མཛའ་མཐུན་ཡོང་བར་ཤོག།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    དམར་ཤོག་ཚོགས་པའི་དྲུང་ཆེ་རེད། ཞལ་པར་གནང་མཁན་གྱི་མི་རྒན་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese