མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐང་ག་རིག་གནས་ཤིག་རེད། ལག་རྩལ་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp
འཁྲུངས་སྐར་ཉིན་བཀའ་བློན་ཁྲི་པས་ད་ལྟ་འགྲེམས་སྟོན་བྱེད་བཞིན་པའི་བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་འགྲེམས་སྟོན་ལ་གཟིགས་ཞིབ་རྗེས་གསུང་བཤད་གནང་བ།
བོད་ལ་རིག་གཞུང་མང་པོ་ཞིག་ཡོད་པའི་ནང་ནས་གཙོ་བོ་བཟོ་རིག་པ་དེར་རྩལ་བཏོན་པ་ཡིན་ན།ལག་བཟོ་ལྷ་རིས་དང་ལྷ་ཡི་འཇིམ་བཟོ་གཉིས་དེ་གཙོ་བོ་རེད།སྐུ་བཞེངས་རྒྱུ་འཇིམ་སྐུ་དང་གསེར་སྐུ  ལི་སྐུ་སོགས་སྒྱུ་རྩལ་མང་པོ་ཞིག་རྒྱ་གར་ནས་དར་པ་དེ་དག་ད་ལྟ་ཉམས་ཆག་ཏུ་འགྲོ་ཉེ་བ་ཞིག་ཆགས་ཡོད་པ་རེད།དེ་དག་གཙོ་ཆེ་བ་སྐུ་ཐང་འབྲི་བའི་རིག་གནས་རེད།སྐུ་ཐང་འབྲི་བའི་རིག་གནས་དེ་བོད་ནང་དུས་རབས་བདུན་པ་ནས་བཟུང་དར་འགོ་ཚུགས་པ་ཞིག་རེད།སྤྱིར་བཏང་སྐུ་ཐང་འབྲི་སྲོལ་དེ་ནང་པའི་རིག་གནས་ཤིག་རེད།ལྷག་པར་དུ་སྔགས་ཀྱི་གཞུང་ནས་བྱུང་པའི་རིག་གནས་ཤིག་རེད།སྤྱིར་བཏང་སངས་རྒྱས་འཇིག་རྟེན་དུ་ཞལ་བཞུགས་པའི་སྐབས་ནས་སྟོན་པ་རང་གི་བཀའ་ཡི་གནང་བ་སྦྱིན་ནས་སངས་རྒྱས་ཀྱི་སྐུ་རས་ཀྱི་སྟེང་དུ་བྲིས་པ་ཐེངས་གཉིས་བྱུང་པ་རེད།དེ་ནས་བཟུང་སངས་རྒྱས་ཀྱི་སྐུ་རས་གཞིར་འབྲི་བའི་སྲོལ་དར་པ་རེད།
དར་ཁྱབ་ཆེན་པོ་ཕྱིན་པའི་བྲིས་ཐང་མང་ཆེ་བ་ཞིག་དེང་སང་མཇལ་རྒྱུ་ཡོད་པ་མ་རེད་དེ།ཨེ་ལོ་རཱ་དང་ཨ་ཇིན་ཏཱ་ཡི་རྩིག་པའི་ངོས་སུ་ཡོད་པའི་ལྡེབས་བྲིས་དེ་དག་སངས་རྒྱས་བྱོན་པ་ནས་དར་པའི་ནང་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་རེད།དེར་རྗེས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་ལམ་སྲོལ་དང་རྒྱ་གར་བྱང་ཕྱོགས་ཀྱི་ལམ་སྲོལ་གཉིས་སུ་ཕྱེས།རྒྱ་གར་བྱང་ཕྱོགས་ཀྱི་ལམ་སྲོལ་དེ་ཡང་ནུབ་ཕྱོགས་ཀྱི་ལམ་སྲོལ་དང་ཤར་ཕྱོགས་ཀྱི་ལམ་སྲོལ་གཉིས་ཆགས།ཤར་ཕྱོགས་ཀྱི་ལམ་སྲོལ་མེ་ཐེ་ལེ་སི་དེ་ཐོག་མར་གངྒར་ཨབ་ཟེར་པ་དེ་ནས་སྟག་ཤི་ལ་དང་ཀཱ་ཤི་མིར་དེ་འདྲ་ནས་བྱུང་ཞིང་།ལམ་སྲོལ་གཉིས་དེ་བོད་དར་པ་ནས་བོད་དུ་འབྲི་སྲོལ་གཉིས་དང་གསུམ་སོགས་སུ་དབྱེ་བ་བྱུང་ཡོད་ཅིང་།སྨན་བྲིས་དེ་གཙོ་བོ་ཏག་ཤི་ལ་ཀཱ་ཤི་མིར་ནས་བོད་ཀྱི་སྟོད་ཁུལ་ཕྱོགས་ནས་མར་དར་ཁྱབ་ཕྱིན་པའི་བྲིས་སྲོལ་ཞིག་རེད།བྲིས་སྲོལ་དེ་བོད་དུ་ཧ་ཅང་རྩ་ཆེན་པོ་བརྩི་བ་རེད།
བར་ལམ་བོད་རྒྱ་འོག་ཏུ་ཤོར་པའི་རྗེས་སྤྱིར་བཏང་རིག་གནས་ཚང་མར་ཉམས་ཆག་ཕྱིན་པ་རེད།དེའི་ནང་ནས་ཐང་ག་ཞིབ་འཇུག་སོགས་ལ་ཉམས་ཆག་མ་འདྲ་བ་གཉིས་བྱུང་པ་རེད། རྒྱ་མིས་བཙན་གནོན་བྱས་ཏེ་ཆེད་དུ་རིག་གནས་གཏོར་བཤིག་བཏང་པའི་དབང་གིས་ཉམས་ཆག་གཅིག་ཕྱིན་པ་རེད། དེ་ནས་ཁག་ཅིག་གིས་འཚོ་ཐབས་ཆེད་ཐང་ག་བྲིས་པ་དེ་དག་ཚད་གཞི་དང་རིག་པའི་གཞུང་ལུགས་སོགས་ལ་མ་བརྟེན་པར་ལག་རྩལ་དང་། ཚོས་གཞི་གང་བྱུང་མང་འབྱུང་འདྲ་བཏང་པ་སོགས་ཀྱིས་ཉམས་ཆག་ཕྱིན་པ་དེ་དག་ཤུགས་ཆེ་བ་བལ་ཡུལ་དུ་བྱུང་འདུག དེང་སང་ནུབ་ཕྱོགས་པའི་ཁྲོམ་ར་དེ་དག་ནང་ཚོང་ལས་ཆེད་བྲིས་བཞག་པའི་བལ་ཡུལ་གྱི་ཐང་ག་མང་པོ་འདུག ཁོང་ཚེས་དེ་བོད་ཀྱི་བྲིས་ཐང་གི་རྒྱུན་འཛིན་གྱི་ཡོད་ཅེས་བཤད་ཀྱི་ཡོད་པ་རེད། འོན་ཀྱང་། དེ་རྒྱུན་བཟུང་པ་གང་ཡང་མ་རེད། གལ་སྲིད་རྒྱུན་འཛིན་ཀྱི་ཡོད་ན་ཨང་དང་པོ་སྤུས་ཚད་ལྡན་པ་ཞིག་དགོས་པ་རེད་ལ་གཉིས་པ་དེ་གཞུང་ལུགས་ལྟར་ལྷ་སོ་སོའི་ངོ་ཐོག་ནས་བཤད་པ་ནང་བཞིན་མ་ནོར་པ་ཞིག་དགོས་ཀྱི་ཡོད་པ་རེད།
བོད་ཀྱི་ཐང་བྲིས་ཉམས་ཆག་ཏུ་འགྲོ་བཞིན་པའི་སྐབས་འདི་འདྲ་ཞིག་ལ་བུ་ཆུང་ལགས་ཀྱིས་འདས་པའི་ལོ་མང་པོ་ཞིག་ནས་དགེ་ཕྲུག་ཚོར་སྐུ་ངལ་འཛེམ་མེད་ཐོག་སློབ་སྟོན་གནང་སྟེ། ད་ཆར་དགེ་ཕྲུག་ཡག་པོ་ཐོན་འདུག་པས། མ་འོངས་པར་རིག་གནས་འདི་ཏན་ཏན་འཛིན་སྐྱོང་ཡོང་ཐུབ་པའི་གདེང་ཚོད་ཅིག་རྙེད་པ་རེད། བུ་ཆུང་ལགས་འདྲ་བའི་ལྷ་བྲིས་པ་ཚད་ལྡན་ཁོང་༧པཎ་ཆེན་སྐུ་གོང་མས་ཆེད་འཛུགས་གནང་པའི་ལྷ་བྲིས་སློབ་གྲྭ་ནས་ཐོན་པ་དང་། དམིགས་བསལ་དགེ་རྒན་ཚོའི་མདུན་ནས་ཧ་ཅང་གཏིང་ཟབ་པོ་སློབ་སྦྱོང་གནང་མྱོང་མཁན་ཞིག་རེད། ད་ལྷ་སྐུ་སྒེར་ཡིག་ཚང་དང་གཟིམ་ཆུང་གི་སྐུ་ཐང་ཞབས་ཞུ་སྒྲུབ་རྒྱུར་ཧ་ཅང་ཕན་ཐོག་བྱུང་ཡོད་པ་རེད་ལ། ཐང་གའི་རིག་གཞུང་དང་ལྷག་པར་དུ་སྨན་བྲིས་ཀྱི་ལྷ་བྲིས་རིག་གཞུང་རྒྱུད་འཛིན་ཐུབ་པར་ཕན་ཐོགས་བྱུང་པ་རེད། མ་འོངས་པར་རིག་གནས་འདི་རྩ་ཆེན་པོ་ཡིན་པ་དང་། རིག་གནས་འདི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོས་འཛིན་གྱི་སྲོག་རྩ་ཡིན་པ་འདྲ་བོ་ཞིག་ལ་ངོས་འཛིན་གནང་སྟེ་རིག་གནས་རྒྱུན་འཛིན་གནང་རྒྱུ་དེ་གལ་ཆེན་པོ་དང་། སོ་སོས་ཕྱག་ལས་གནང་རྒྱུ་དང་མི་རབས་རྗེས་མ་ཚོར་སྤེལ་རྒྱུ་གཉིས་ཆ་གཅིག་གྱུར་བྱས་ཏེ་གནང་ཐུབ་པ་ཡིན་ན། སོ་སོའི་ལྟོ་ཟེར་པ་དེ་ཞར་བྱུང་གི་སྐད་ཆ་ལས་གཙོ་བོ་མ་རེད། གཙོ་བོ་དེ་རིག་གནས་འཛིན་སྐྱོང་དང་ཆོས་ཀྱི་ཉམས་ལེན་དེ་དག་གཞོན་སྐྱེས་མི་རབས་ཚོ་ལ་སྤེལ་རྒྱུ་དེ་གལ་ཆེན་པོ་རེད།
དེ་རིང་ངས་ཐང་ག་དག་ལ་ཞིབ་ཚགས་པོས་མཇལ་པའི་སྐབས་སུ་ཚང་མ་ཧ་ཅང་ཚད་ལྡན་དང་སྲོལ་རྒྱུན་མཚོན་པ། དེ་རིང་ཁ་སང་གི་མགྱོགས་ལས་བྱེད་སྟངས་མེད་པ་དེ་དངོས་གནས་ཡག་པོ་བྱུང་འདུག ཐང་ག་ཟེར་པ་དེ་ལག་རྩལ་ཡོད་པ་རྐྱང་རྐྱང་གིས་འགྲིག་གི་མ་རེད། དེ་རིག་གནས་ཤིག་རེད་མ་གཏོགས་ལག་རྩལ་མ་རེད། ལག་རྩལ་ཞིག་ཡིན་ན་སོ་སོའི་ལག་རྩལ་གཞི་བཞག་གིས་སྲོལ་རྒྱུན་ལ་བསྟུན་མི་དགོས་པར་འདྲ་ཆགས་ཆགས་དང་གང་འདོད་འདོད་འབྲི་ཆོག་གི་རེད། སྲོལ་རྒྱུན་གྱི་ཐང་ག་དེ་དག་གང་ཡིན་པ་སྲོལ་རྒྱུན་རང་ལ་ཞིབ་ཚགས་པོའི་ཐོག་ནས་བསྟུན་དགོས་པ་ཞིག་ཡིན་དུས། དེ་ལག་རྩལ་གྱི་ངོས་ནས་རྙོག་བྲིས་བཏང་ན་འགྲིག་གི་མ་རེད། ཅེས་གསུངས་སོང་།
དུས་བབ་འདོན་ཐེངས་སྔོན་མའི་ཐོག་ཐེངས་འདིའི་ཐང་གའི་སྐོར་དང་ལྷ་བྲིས་དགེ་རྒན་ནུབ་རྒྱ་བུ་ཆུང་ལགས་ཀྱི་སྐོར་གསལ་པོར་འཁོད་ཡོད་པ་དེ་ལ་གཟིགས།
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༤ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 16

  1. གཤོང་ཀ་ says:
    ལོ་ 15 སྔོན།

    ཐང་ག་འབྲི་བ་ནི་ལག་རྩལ་ཡིན་བཞིན་དེ་ནི་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་སྲོལ་རྒྱུན་རང་བཞིན་ཅན་གྱི་རིག་གནས་སྒྱུ་་རྩལ་ཞིག་ཡང་རེད་ དེ་ལ་དར་རྒུད་ཀྱི་དུས་བབ་བྱུང་ཡོད་ལ་འཕོ་རྒྱུར་གྱི་རྣམས་པའང་ཡོད་བཀའ་བློན་ཁྲི་པའི་བཀའ་མོལ་བློ་ལ་འགྲོ་མ་སོང།དགོངས་འགལ་མེད་པ་ཞུ།

    Reply
  2. གངས་ཅན། says:
    ལོ་ 15 སྔོན།

    “སྤྱིར་ཚེ་བརྟན་གྱི་བརྟན་དེ་བ་བརྟན་ཡིན་ན་ཡང་། ཨ་ལགས་ཚེ་ཏན་ཞབས་དྲུང་ལྟ་བུའི་ཏན་ནི་ཏ་རྐྱང་ཡིན་པའི་ཁྱད་པར་རྣམས་མཁྱེན་པར་གནོངས་རོགས།”ཞེས་ཤེལ་དཀར་བློ་བཟང་ལགས་ཀྱིས་རྒྱུས་མེད་པའི་རྒྱུས་གཏམ་ཞིག་བཤད་འདུག ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་མཚན་ཚེ་ཏན་ཞེས་པ་དེ་ནི་ས་མིང་བླ་མར་བཏགས་པ་ཞིག་ཡིན་པ་ལས་ཚེ་བརྟན་གྱི་དོན་མ་ཡིན། ཚེ་ཏན་དགོན་པར་ཚེ་ཏན་མཁན་པོ་དང་ཚེ་ཏན་ཞབས་དྲུང་ཞེས་བླ་མ་ཆེ་ཆུང་གཉིས་ཡོད་པ་ལས་གཅིག་ཡིན། ཚེ་ཏན་ནི་ས་མིང་ཡིན་ནོ། །

    Reply
  3. adeng says:
    ལོ་ 15 སྔོན།

    ཟམ་གདོང་བླ་མས་ཡག་པོ་གསུངས་ཤག

    Reply
  4. ཇ་མ་ says:
    ལོ་ 15 སྔོན།

    མཁས་པས་འཁྱུག་ན་འདོམ་གང་། བླུན་པོས་འཁྱུག་ན་ཁྲུ་གང་ཟེར་སྲོལ་ཡོད་པ་བཞིན་ཐང་ག་ལག་པས་བྲིས་པའི་ལག་རྩལ་མིན་ན་ཁྱེད་རང་གི་མགོ་ཡིན་ནམ།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    རིག་གནས་དང་ལག་རྩལ་གཉིས་ཅིའི་ཕྱིར་འགལ་བ་ཡིན་དགོས་པ་རེད་དམ། རྒྱུ་མཚན་བགྲང་མི་དགོས་པའི་འགྲེལ་བཤད་འདི་འདྲ་གནང་བ་ནི་ཁོང་གིས་མཁས་རྟགས་བསྟན་པའི་ཁུལ་ཡིན་རྒྱུ་རེད།

    Reply
  6. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    ཐང་ག་ནི་མིའི་རིགས་ཀྱི་བློའི་འཆར་སྒོས་སྐྲུན་པའི་ལོ་རྒྱུས་དང་རིག་གཞུང་ག་གེ་མོའི་དོན་སྙིང་མཚོན་པར་བྱེད་པའི་ཐབས་སམ་སྒྱུ་རྩལ་དུ་གྲགས་པ་དེ་ཡིན་པས།
    འདི་ལ་མིའི་རིགས་ཀྱི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་འབྲས་བུ་ཀུན་འཇོག་དགོས་པས། ཐང་ག་ནི་རིག་གནས་དང་། རིག་གཞུང་། སྒྱུ་རྩལ། ལག་རྩལ་བཅས་ཀྱི་བདག་ཉིད་དུ་འདོད་མི་དགོས་སམ། རིན་པོ་ཆེ་མཆོག
    ཐང་ག་ལག་རྩལ་མིན་ན་བོད་རང་གི་ཐུན་མིན་ཤིང་བརྐོས་རི་མོ་ལྡེབས་བྲིས་སོགས་ཀྱང་ལག་རྩལ་ག་ལ་ཡིན། དེ་ལྟ་ན་བོད་ཀྱི་ལག་རྩལ་ཞེས་པ་ངོས་འཛིན་ཇི་ལྟར་བྱེད་དགོས་སམ།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ཕྲན་ཡང་གཙུག་ལག་ཁང་ལ་མཆོད་མཇལ་འགྲོ་ཞོར་དུ་འགྲེམས་སྟོན་ཁང་དེར་བསྐྱོད་པ་ཡིན། ཐང་གའི་ཐོག་ལ་རྒྱུས་མངའ་དེ་ཙམ་མེད་ཀྱང་མཇལ་སྤྲོ་པོ་ཡོད་པ་མ་ཟད། ཐང་ག་དེ་དང་དེའི་མཚན་བྱང་ཐང་ག་རང་རང་གི་མདུན་དེར་བོད་ཡིག་ཐོག་བཀོད་ནས་ཧ་ཅང་ཡག་པོ་འདུག འོན་ཀྱང་༸རྒྱལ་མཆོག་༸བསྐལ་བཟང་རྒྱ་མཚོའི་མཚན་ལ་སྐལ་བཟང་རྒྱ་མཚོ་ཞེས་སྔོན་འཇུག་བ་ཡིག་བྲིས་མི་འདུག སྤྱིར་བུ་མོ་སྐལ་བཟང་ལྟ་བུའི་མིང་ལ་བ་ཡིག་མེད་ཀྱང་གང་ཟག་ཁྱད་པར་ཅན་འགའ་ཞིག་ལ་ཐུན་མོང་མ་ཡིན་པའི་ཐོབ་ཐང་རེ་ཡོད་པ་དེ་རང་འཇགས་བཞག་ན་ཡག་པོ་འདུག སྔོན་བྱོན་མཁས་པའི་གསུང་རྒྱུན་ལ། ༸རྒྱལ་མཆོག་༸བསྐལ་བཟང་རྒྱ་མཚོ་མ་འོངས་བསྐལ་བཟང་སངས་རྒྱས་སྟོང་གི་ནང་ཚན་ཡིན་པའི་རྟེན་འབྲེལ་གྱི་གནད་ཡིན། ཅེས་པ་ལྟར་ཐོབ་ཐང་ལ་ཡོད་པ་ལྟར་བྲིས་ན་ཡག་པོ་འདུག དཔེར་ན། སྤྱིར་ཚེ་བརྟན་གྱི་བརྟན་དེ་བ་བརྟན་ཡིན་ན་ཡང་། ཨ་ལགས་ཚེ་ཏན་ཞབས་དྲུང་ལྟ་བུའི་ཏན་ནི་ཏ་རྐྱང་ཡིན་པའི་ཁྱད་པར་རྣམས་མཁྱེན་པར་གནོངས་རོགས།

    Reply
  8. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རིན་པོ་ཆེས་གསུང་པ་ལ་རྒྱུ་མཚན་ཡོད་ཀྱི་རེད་འོན་ཀྱང་ཐང་ག་རིག་གནས་ཤིག་ཡིན་པ་བརྗོད་མེད་རེད།   བཟོ་བོའི་ལག་རྩལ་ཡོད་མེད་ཀྱི་དབང་གི་ལེགས་མིན་བརྗོད་རྒྱུ་ཡོད་པ་མ་ཡིན་ནམ་དེ་ནི་རིག་གནས་ཡིན་པ་མ་ཟད་ལག་རྩལ་རིན་ཐང་གཞན་ན་མེད་པ་ཞིག་ཡིན་བསམ་གྱི་འདུག་རིན་པོ་ཆེས་དེ་རིག་གནས་ཡིན་པ་ལས་ལག་རྩལ་མ་ཡིན་ཞེས་པ་རྒྱུ་མཚན་དང་དགོས་པ་ཡོད་རྒྱུ་རེད།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ཕྲན་ཡང་གཙུག་ལག་ཁང་ལ་མཆོད་མཇལ་འགྲོ་ཤོར་དུ་འགྲེམས་སྟོན་ཁང་དེར་བསྐྱོད་པ་ཡིན། ཐང་གའི་ཐོག་ལ་རྒྱུས་མངའ་དེ་ཙམ་མེད་ཀྱང་མཇལ་སྤྲོ་པོ་ཡོད་པ་མ་ཟད། ཐང་ག་དེ་དང་དེའི་མཚན་བྱང་ཐང་ག་རེ་རེའི་མདུན་དུ་བོད་ཡིག་ཐོག་བཀོད་ནས་ཧ་ཅང་ཡག་པོ་འདུག འོན་ཀྱང་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་མཚན་བྱང་ལ་སྐལ་བཟང་རྒྱ་མཚོ་ཞེས་སྔོན་འཇུག་བ་ཡིག་བྲིས་མི་འདུག སྤྱིར་བུ་མོ་སྐལ་བཟང་ལྟ་བུའི་མིང་ལ་བ་ཡིག་མེད་ཀྱང་གང་ཟག་ཁྱད་པར་ཅན་འགའ་ཞིག་ལ་ཐུན་མོང་མ་ཡིན་པའི་ཐོབ་ཐང་རེ་ཡོད་པ་དེ་རང་འཇགས་བཞག་ན་ཡག་པོ་འདུག སྔོན་བྱོན་མཁས་པའི་གསུང་རྒྱུན་ལ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མ་འོངས་བསྐལ་བཟང་སངས་རྒྱས་སྟོང་གི་ནང་ཚན་ཡིན་པའི་རྟེན་འབྲེལ་གྱི་གནད་ཡིན། ཅེས་པ་ལྟར་ཐོབ་ཐང་ལ་ཡོད་པ་ལྟར་བཞག་ན་ལེགས་སོ།།

    Reply
  10. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 15 སྔོན།

    འབྲུག་སྤྲུལ་ཆོས་ཀྱི་ཉི་མས། སྙན་ངག་གི་རིག་པ་འདི་བཟོ་རིག་པའི་ངག་བཟོའི་ཁོངས་སུ་གཏོགས་ཚུལ་དང་། ཁ་ཅིག་གིས་སྒྲ་རིག་པའི་ཁོངས་སུ་བསྡུ་ཟེར་ཡང་མི་འཐད་ཅེས་ནན་གྱིས་གསུངས་ཡོད། འདི་ཡང་ཐུགས་ཤིན་ཏུ་མད།
    དགེན་ལགས་ཀྱིས་གསུངས་པ་ལྟར་ན། རིག་གཞུང་ཞིག་གི་མཚོན་དོན་དུ་གྱུར་སོང་ཚེ་རིག་གནས་མ་ཡིན་པ་ཞིག་ཏུ་ཆགས་སོང་བ་འདྲ་བོ་ཞིག་རེད་པས། དེ་ལྟར་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་དུ་ཆགས་སོང་བའི་གླུ་བྲོ་ཡོད་ཚད་ཀྱང་རིག་གནས་མ་ཡིན་པ་ཞིག་ལོས་ཡིན་བསམས་ཏེ། བོད་ཀྱི་གླུ་གར་རིག་གནས་ཞེས་གངས་རི་ཧྲིལ་གྱིས་ཁྱབ་ཡོད་པ་དེས་ཀྱང་ངོ་།།

    Reply
  11. མངའ་རིས་བུ། says:
    ལོ་ 15 སྔོན།

    དུས་བབ་ཚང་གི་ཁ་བྱང་བཀོད་པ་ལྟར་ངས་ཀྱང་མོས་འདུན་ཡོད།
    ཐང་ག་འབྲི་བའི་རིག་རྩལ་དེ་ལག་རྩལ་མིན་ན། དེ་ལག་པས་བྲིས་ཤིང་རྩལ་དུ་ཐོན་པ་ཞིག་མ་རེད་དམ། བླ་མ་ཟམ་གདོང་ཚང་ག་དུས་ཡིན་ནའང་མི་འདྲ་བ་ཞིག་ཤོད་ཀྱི་འདུག གཅིག་བྱས་ན་མཁས་ཚུལ་སྟོན་གྱི་ཡོད་ཀྱི་རེད། གཉིས་བྱས་ན་མི་ཡིས་བྱས་པ་བཟོས་པ་བཤད་པ་ཐམས་ཅད་ལ་དགག་པ་སྐྱོན་རྒྱུའི་གཤིས་ཀ་དེ་རྟོག་གེ་ཞིག་ལ་སྦྱང་བའི་འབྲས་བུ་ཞིག་ཡིན་གྱི་རེད།
    ལག་པའི་རྩལ་དུ་ཐོན་པ་དེ་ལ་ལག་རྩ་ཟེར་དགོས། ལག་རྩལ་རིག་གནས་མིན་ན་ཡང་སེམས་ཀྱི་རིག་རྩལ་གཅིག་པོ་རིག་གཞུང་རེད་དམ། མི་ཡི་ལུས་ངག་ཡིད་གསུམ་གྱི་རྩལ་དུ་ཐོན་པའི་རིག་གཞུང་དག་ལ་རིག་གཞུང་ཞིག་བརྗོད་དགོས། དེ་ཡིན་ན་རྐང་པས་བྲོ་འཁྲབ་པ་དེ་ཡང་རིག་གཞུང་ཡིན་རྒྱུ་མ་རེད། དེ་ལྟར་ན་བོད་གཞུང་ཤེས་རིག་གྱི་ཡ་རྒྱལ་བོད་གཞུང་ཟློས་གར་གྱི་གླུ་དང་བྲོ་སོགས་ཀྱང་རིག་གཞུང་ཡིན་རྒྱུ་མ་རེད། ད་ཡིན་ན་བོད་ཀྱི་རིག་གཞུང་ཟེར་བའི་གཞུང་དེ་ཡང་བཙན་བྱོལ་བོད་གཞུང་མཉམ་དུ་མེད་པ་བཟོས་པ་ཡིན་ས་རེད།

    Reply
  12. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ཨ་རོ་རྟ་ནག ཤེས་བྱ་ཆ་ཚང་ལ་རིག་གནས་ཟེར་ནི་མ་རེད། རིག་གནས་ཟེར་བ་དེ་ས་མཚམས་ཤིག་ཡོད་ནི་རེད། སྒྱུ་རྩལ་ཟེར་བ་དེ་ཡང་སྤྱི་མིང་ཞིག་རེད། སྲོལ་རྒྱུན་ཐང་ཀའི་བྲི་སྟངས་ཀྱི་རྒྱ་ལས་མ་རྒལ་བར་ཉམས་འདོན་སྟངས་དམིགས་བསལ་གྱི་སྒྱུ་རྩལ་དེ་འདྲ་བ་ཡོད་པ་རེད། དེའི་རིགས་ལ་རིག་གནས་ཟེར་ན་འགྲིག་གི་རེད། གཞན་སྒྱུ་རྩལ་ཟེར་བ་རང་གིས་ག་རེ་བྲིས་བཞག་པ་ཧ་མི་གོ་བ་གཞན་གྱིས་ཀྱང་ལྟ་མི་ཤེས་བའི་རིགས་དེང་རབས་ཀྱི་རི་མོའི་ཁོངས་ཀྱི་སྒྱུ་རྩལ་དེ་དག་ཤེས་བྱ་ཙམ་རེད་མ་གཏོགས་རིག་གནས་ཟེར་གྱི་མ་རེད་ཡ། ཤེས་བྱ་དང་རིག་གནས་སོགས་རྨང་གཞི་རྒྱུན་ཤེས་འདི་འདྲ་བ་ཙམ་ཡང་ཁྱད་པར་འབྱེད་མི་ཐུབ་པའི་རིགས་དེ་དག་ཧ་ལོག་འདུག་ཅེས་བཤད་ན་ཏག་ཏག་མ་རེད་པས། ཨ།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྐབས་འདིར་ལག་རྩལ་དང་སྒྱུ་རྩལ་ལ་ཁྱད་ཡོད་པ་རེད་དམ།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གསར་འགྱུར་གྱི་ཁ་བྱང་འདི་ཧ་ཅང་གནད་ལ་འཁེལ་བ་ཞིག་བྲིས་འདུག

    Reply
  15. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཐང་ག་ཡང་རི་མོའི་ཁྱབ་ཁོངས་ལ་གཏོགས་པས་སྒྱུརྩལ་ཡིན་ལ་ལག་རྩལ་ཡང་ལོས་ཡིན། ཡིན་པ་ཙམ་དུ་མ་ཟད་ཕུལ་བྱུང་གི་ལག་རྩལ་ལས་རིགས་ཤིག་རེད། དེ་ཡིན་དོན་ནི་རིན་པོ་ཆེས་གསུངས་པ་ལྟར་རིག་གཞུང་ཞིག་གི་མཚོན་རྟགས་སུ་གྱུར་བའི་རི་མོ་ཞིག་ཏུ་གྱུར་པས་རེད། དེས་ན་རིག་གཞུང་ཡང་ཡིན་ལ་ལག་རྩལ་ལམ་སྒྱུ་རླལ་ཡང་ཡིན་པར་ངོས་བཟུང་ན་འོས་པར་སྙམ།

    Reply
  16. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 15 སྔོན།

    ལག་རྩལ་ནི་རིག་གནས་ཤིག་རེད། ལག་རྩལ་རིག་གནས་མ་ཡིན་སོང་ན་སྒྱུ་རྩལ་ཡང་རིག་རིག་གནས་མ་ཡིན་པར་ཐལ་སོང་བས། ཟམ་གདོང་ཚང་གི་རིག་གནས་ཞེས་པ་ནི་ཆོས་མགོ་སྲིད་ལ་གཏུགས། སྲིད་རྔ་ཆོས་ལ་སྦྱར་སོང་བའི་ཡིན་མིན་མཉམ་སྲེས་ཀྱི་རིག་གནས་ཉོག་འདྲ་བོ་དེ་ཡིན་རྒྱུ་རེད། ད་བླ་རྒན་དངོས་གནས་ཧོན་ལོག་སོང་ཟིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese