མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གསུང་ཆོས་མཐའ་འཁོར་དུ་ཆབ་སྲིད་རྣམ་པ་མི་མངོན་ཆེད་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp


ཝ་ཞིན་ཊོན་དུ་དུས་དབང་གོ་སྒྲིག་ཚོགས་ཆུང་དང་གཞོན་ནུ་ལྷན་ཚོགས་བར་གླེང་རྙོག་ཅིག་བྱུང་བའི་ཐད། ཁ་སང་དུས་དབང་གྲ་སྒྲིག་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཐོང་ཆུང་བྱས་པ་ཞིག་མིན་པར། གསུང་ཆོས་མཐའ་འཁོར་དུ་ཆབ་སྲིད་ཀྱི་རྣམ་པ་མི་མངོན་པ་བྱ་རྒྱུ་དེ་དུས་དབང་གྲ་སྒྲིག་ཚོགས་ཆུང་གི་གྲོས་ཆོད་དགོངས་དོན་ཡིན་ཟེར།  

ཝ་ཞིན་ཊོན་གྱི་དུས་འཁོར་དབང་ཆེན་སྟེང་། བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་༼ བཙན་བྱོལ་བོད་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱེད་བཞིན་ཡོད་པར། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཀྱིས། དེ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་དེ་ཕྱིར་བསྡུ་བྱེད་དུ་བཅུག་ཡོད།

ཁ་སང་ཉིན་རྒྱབ་དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷན་དར་ལགས་ཀྱིས་ངྷ་རམ་ས་ལ་ནས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། སྐལ་ལྡན་བློ་གྲོས་ཀྱི་བྱེད་སྟངས་དེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཐོང་ཆུང་བྱས་ཚུལ་སོགས་བློ་ཕམ་གྱི་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༥ ནང་ཚུད་དུ་སྐལ་ལྡན་བློ་གྲོས་ཀྱིས་ཡིག་ངག་གཉིས་ཐོག་ནས་དགོངས་སེལ་ཞུ་དགོས་པའི་དགོས་འདུན་ཡང་བཏོན་ཡོད།

ཁ་སང་ཕྱི་ཚེས་ ༡༤ ཉིན་ཝ་ཞིན་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་དང་དུས་དབང་གྲ་སྒྲིག་ཚོགས་ཆུང་ཐུན་མོང་གིས་གསལ་བཤད་ཅིག་གནང་སྟེ། ཐེངས་འདིའི་དུས་དབང་ཐོག སྤྱི་སྒེར་མང་པོས་ཚོང་གཉེར་གྱི་སྙན་ཞུ་འབྱོར་རིགས་ལ་གླ་ཡོད་ཐོག་ས་ཆ་བགོས་ཡོད་ཀྱང་། བོད་ཀྱི་གཞོན་ནུར་དམིགས་བསལ་རིན་མེད་ཐོག་ཁྲོམ་ས་གོ་སྒྲིག་ཞུས་ཡོད་པ་མ་ཟད། གོ་སྒྲིག་ཚོགས་ཆུང་གིས་གྲོས་ཆོད་ལྟར་ན། གསུང་ཆོས་ཚོགས་ཁང་ནང་གི་བར་ཁྱམས་སུ་གྲ་སྒྲིག་ཚོགས་ཆུང་རང་གི་ཆོས་ཕྱོགས་དང་འབྲེལ་བའི་ཅ་དངོས་རིགས་མ་གཏོགས་མི་གཞན་ལ་ས་ཆ་སྤྲད་མེད་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱི་རེ་སྐུལ་ལ་དམིགས་བསལ་བདག་སྤྲོད་བྱས་ཏེ་ས་ཆ་ཕུལ་ཡོད་སྐོར་སོགས་བཀོད་འདུག

 

གསལ་བཤད་ནང་བསྟན་དོན། “ཆོས་ཕྱོགས་ཀྱི་ཚོགས་འཛོམས་འདི་ལྟ་བུར་ཕྱི་ཕྱོགས་ནས་གནས་ཚུལ་ཆུང་ཙག་རིགས་ལ་བསྙད་དེ་སྐྱོན་འདོགས་འདྲ་མིན་བཟོ་རྒྱུ་འགོག་ཆེད། ཚོགས་ཁང་བར་འཁྱམས་སུ་ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མི་འབྱུང་བའི་གྲོས་ཆོད་བྱུང་བའི་དགོངས་དོན་བཞིན། གྲ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་གསལ་བཤད་དང་རེ་བསྐུལ་ཞུས་པར་ནུས་པ་མ་ཐོན་པར་བརྟེན། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོར་གསལ་བཤད་ཆེད་ཕེབས་དགོས་སྐོར་ལན་གསལ་འབྱོར་བ་བཞིན་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཆེད་དུ་ཕེབས་ཏེ་གནད་དོན་ཡོངས་སུ་གསལ་བཤད་ཞུས་ཡོད། འོན་ཀྱང་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་གི་གསལ་བཤད་ལ་མཐུན་འགྱུར་ངོས་བཞེས་མ་གནང་བ་དང་། ཚོང་གཉེར་ཁོ་ནར་དམིགས་ནས་ཚོང་ཁང་གི་ས་དམིགས་ཕུལ་པའི་ཆ་རྐྱེན་ཁག་ལ་བརྩི་འཇོག་མ་གནང་བར་བརྟེན། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གསུང་ཆོས་གནང་ཡུལ་ཚོགས་ཁང་གི་བར་འཁྱམས་སུ་ཕུལ་པའི་ཚོང་ཁང་དེ་ཕྱིར་བསྡུ་མི་ཞུ་ཀ་མེད་ཆགས་ཀྱང་། ཚོགས་ཁང་ཉེ་འཁོར་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཕུལ་པའི་ཚོང་ཁ་དེ་སྔ་སོར་གནས་ཡོད” ཞེས་བཀོད་འདུག

གསལ་བཤད་དེའི་མཇུག་ཏུ། “ད་ལམ་གྱི་གནས་ཚུལ་དེ་བྱུང་བར་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བློ་ཕམ་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་གུས་སྐུར་མ་ཞུས་པ་དང་། མཐོང་ཆུང་བྱས་རིགས་གཏན་ནས་མེད་པ་མ་ཟད། མཐུན་འགྱུར་ཞུ་འོས་གང་ཡོད་ཞུས་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་བར་ཆད་ཚད་མའི་རིགས་གཏན་ནས་མི་ཡོང་བ་བྱ་རྒྱུ་ནི་ཆོས་ཞུ་བ་ཡོངས་དང་། ལྷག་པར་བོད་མི་ཚོར་དམིགས་བསལ་འགན་འཁྲི་ཡོད་པ་བཞིན་དངོས་ཡོད་གནས་ཚུལ་གང་ཡིན་གསལ་རྟོགས་ཐུབ་པའི་སྒོ་ནས་རང་སར་འཇོག་གནང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན” ཞེས་བསྟན་འདུག

 

མཆན། 35

  1. lobsam says:
    ལོ་ 12 སྔོན།

    ད་སྐབས་འདི་འདྲིའི་སེམས་ཕམས་པའི་གནས་ཚུལ་ཞིག་ཐོས་པར་བདག་སྐྱོ་གདོང་གི་གནས་སུ་གྱུར། སྤུན་ཟླ་ཚོ་དེ་འདྲ་བྱེད་པའི་དུས་ཤིག་མ་ཡིན་པར་མཐུན་འབྲེལ་གྱི་ལག་ཟུང་དམ་དུ་འགྲོ་དགོས་ལས་སློད་དུ་ག་ལ་རུང་། རྒྱ་བཞུང་ལ་རྔན་པ་ལེགས་ཤུས་སྤྲད་འདོད་ཡོད་ན་དེ་ལྟར་བྱེད་ཆོག དེ་མིན་ན་སྔར་གྱི་འཁོན་འཛངས་རྣམས་ཞུ་བར་བྱེད་རོགས་ཐུགས་རྗེ་ཞུ།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    དངོས་ཡོད་མཁྱེན་མཁན་ཞིག་ལ་གསལ་བཤད་འདི་ལས་གཞན་གཅིག་དགོས་དོན་མི་འདུག རྒྱབ་སྐྱོར་མི་བྱེད་རང་བྱེད་རེད། གང་ཡིན་ཞེ་ན། འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོག་པའི་ལས་དོན་གོ་སྒྲིག་ཚོགས་ཆུང་གིས་གནང་འདུག སྐབས་བབ་ཐག་གཅོད་དེ་དག་ཀྱང་ནོར་མི་འདུག

    མ་གཞི་ནས་གཞོན་ལྷན་གྱི་ཞལ་འདེབས་དང་དཔལ་འབྱོར་གཙོ་བོ་ཡིན་པའི་ལས་འགུལ་དེ་རིགས་ལ་སྐབས་དེར་ལམ་སྟོན་ཚད་ལྡན་བྱས་འདུག ཡིན་ནའང་། ཚོགས་གཞོན་གྱིས་ལོ་རྒྱུས་ནང་བཀྲུས་ན་མི་དག་པའི་ཞབས་འདྲེན་གང་ཞུས་ཡོད་པ་རེད་དམ་ཟེར་ན། དགྲ་དགའ་གཉེན་སྡུག་གི་ཁེངས་པའི་གསར་འགོད་གསལ་བསྒྲགས་དེས་ཞབས་འདྲེན་ཞུས་ཡོད་པ་རེད། བྱེད་སྟངས་དེ་ནི་གང་ནས་ལྟོས་ཀྱང་ནོར་ཐག་གཅོད་ནོར་བསྡད་ཡོད་པ་རེད།

    Reply
  3. གསར་འབྱོར། says:
    ལོ་ 12 སྔོན།

    དུས་འཁོར་དབང་ཆེན་གྱི་ཆེད་དུ་བོད་རྒྱལ་ཁབ་ཆེན་མོའི་བདག་དབང་ཐབས་རྩོད་ཀྱི་ལས་དོན་ཕྱིར་བསྡུ་བྱེད་དགོས་ཚེ་རྒྱ་དམར་གྱི་མེ་མདའི་ཁ་ནས་རང་སྲོད་བློས་གཏོང་གནང་ཟིན་པའི་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་རྣམས་དོན་མེད་དུ་ཤི་སོང་བ་མ་ཡིན་ནམ། ང་ཚོས་དུས་ནམ་ལས་དོན་ཆུང་ཙག་གི་ཆེད་དུ་རྩ་བའི་དམིགས་གཡུལ་དང་ལངས་ཕྱོགས་མི་བརླག་རྒྱུ་ཧ་ཅང་གལ་ཆེན་རེད། འདི་འདྲའི་མི་འབོར་འདུ་འཇོ༹མས་ཆེ་དུས་སུ་ཆབ་སྲིད་ཀྱི་ལུས་འགུལ་སྤེལ་རྒྱུ་ནི་ཆེས་གོ་སྐབས་ཡག་ཤོས་ཤིག་ཡིན་པ་མ་ཟད་ལས་འགུལ་སྤེལ་ཡུལ་ཡང་རང་དབང་ལྡན་པའི་རྒྱལ་ཁབ་ཨ་རུའི་ལུང་པ་རུ་ཡིན་པ་ལས་རྒྱ་དམར་གྱི་རྒྱལ་ས་མ་ཡིན་པས་སྐལ་ལྡན་བློ་གྲོས་ཟེར་བའི་མི་འདི་རྒྱ་དམར་གྱི་ལྐོག་རྔན་གྱིས་ར་བཟི་མ་མིན་ནམ། དེ་མིན་སྟོན་གོས་ཤིག་བཙོང་བར་ཁོང་གིས་འདི་ལྟར་དྲག་པོ་བྱེད་དགོས་དོན་ག་རེ་ཡིན་ནམ། གོང་ས་མཆོག་དང་སམ་གདོང་རིན་པོ་ཆེ་ཡིས་ཀྱང་དུས་དབང་སྐབས་སུ་བོད་གཞུང་ཅེས་ཡང་དང་ཡང་དུ་གསུངས་ཀྱི་འདུག་ནའང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཅིས་ཕྱིས་དེ་སྟོད་ལོའི་སྟེང་དུ་བྲིས་མ་ཆོག་རེད། ཅིས་ཕྱིར་སྐལ་ལྡན་བློ་གྲོས་ལ་བཤད་མཁན་དང་འབྲི་མཁན་གཉིས་ལ་འདི་ལྟར་ཁྱད་པར་ཆེན་པོ་ཞིག་ཡོད་དགོས་བྱུང་བ་རེད། འདིའི་རྒྱབ་ཏུ་གཡོ་ཅུས་ཤིག་མེད་ཚེ་བོད་གཞུང་བཀོད་པའི་སྟོད་ལོ་ཡིས་ཨ་རུའི་གཞུང་དང་དུས་དབང་ལ་གནོད་ཀྱི་མེད་པ་ཧ་ཅང་གསལ་བོ་རེད། འདི་སྐལ་ལྡན་བློ་གྲོས་ཙམ་དུ་མ་ཟད་བྱིས་པ་ཆུང་ཆུང་ཞིག་གིས་ཀྱང་གསལ་བོར་ཤེས་ཐུབ་པ་ཞིག་རེད།

    Reply
  4. གསར་འབྱོར། says:
    ལོ་ 12 སྔོན།

    དུས་འཁོར་དབང་ཆེན་གྱི་ཆེད་དུ་བོད་རྒྱལ་ཁབ་ཆེན་མོའི་བདག་དབང་ཐབས་རྩོད་ཀྱི་ལས་དོན་ཕྱིར་བསྡུ་བྱེད་དགོས་ཚེ་རྒྱ་དམར་གྱི་མེ་མདའི་ཁ་ནས་རང་སྲོད་བློས་གཏོང་གནང་ཟིན་པའི་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་རྣམས་དོན་མེད་དུ་ཤི་སོང་བ་མ་ཡིན་ནམ། ང་ཚོས་དུས་ནམ་ལས་དོན་ཆུང་ཙག་གི་ཆེད་དུ་རྩ་བའི་དམིགས་གཡུལ་དང་ལངས་ཕྱོགས་མི་བརླག་རྒྱུ་ཧ་ཅང་གལ་ཆེན་རེད། འདི་འདྲའི་མི་འབོར་འདུ་འཇོ༹མས་ཆེ་དུས་སུ་ཆབ་སྲིད་ཀྱི་ལུས་འགུལ་སྤེལ་རྒྱུ་ནི་ཆེས་གོ་སྐབས་ཡག་ཤོས་ཤིག་ཡིན་པ་མ་ཟད་ལས་འགུལ་སྤེལ་ཡུལ་ཡང་རང་དབང་ལྡན་པའི་རྒྱལ་ཁབ་ཨ་རུའི་ལུང་པ་རུ་ཡིན་པ་ལས་རྒྱ་དམར་གྱི་རྒྱལ་ས་མ་ཡིན་པས་སྐལ་ལྡན་བློ་གྲོས་ཟེར་བའི་མི་འདི་རྒྱ་དམར་གྱི་ལྐོག་རྔན་གྱིས་ར་བཟི་མ་མིན་ནམ། དེ་མིན་སྟོན་གོས་ཤིག་བཙོང་བར་ཁོང་གིས་འདི་ལྟར་དྲག་པོ་བྱེད་དགོས་དོན་ག་རེ་ཡིན་ནམ། གོང་ས་མཆོག་དང་སམ་གདོང་རིན་པོ་ཆེ་ཡིས་ཀྱང་དུས་དབང་སྐབས་སུ་བོད་གཞུང་ཅེས་ཡང་དང་ཡང་དུ་གསུངས་ཀྱི་འདུག་ནའང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཅིས་ཕྱིས་དེ་སྟོད་ལོའི་སྟེང་དུ་བྲིས་མ་ཆོག་རེད། ཅིས་ཕྱིར་སྐལ་ལྡན་བློ་གྲོས་ལ་བཤད་མཁན་དང་འབྲི་མཁན་གཉིས་ལ་འདི་ལྟར་ཁྱད་པར་ཆེན་པོ་ཞིག་ཡོད་དགོས་བྱུང་བ་རེད། འདིའི་རྒྱབ་ཏུ་གཡོ་ཅུས་ཤིག་མེད་ཚེ་བོད་གཞུང་བཀོད་པའི་སྟོད་ལོ་ཡིས་ཨ་རུའི་གཞུང་དང་དུས་དབང་ལ་གནོད་ཀྱི་མེད་པ་ཧ་ཅང་གསལ་བོ་རེད། འདི་སྐལ་ལྡན་བློ་གྲོས་ཙམ་དུ་མ་ཟད་བྱིས་པ་ཆུང་ཆུང་ཞིག་གིས་ཀྱང་གསལ་བོར་ཤེས་ཐུབ་པ་ཞིག་རེད།

    Reply
  5. གྲྭ་རྒོད says:
    ལོ་ 12 སྔོན།

    དྲ་ལམ་ནས་འདྲ་བ་མིན་སྣ་ཚོགས་བཤད་མཁན་ཚོ་བོད་མི་ཞིག་ཡིན་ན་བོད་ཀྱི་གནས་བབས་བསམ་ནས་བོད་ཀྱི་འགན་འཁུར་དགོས། ང་ཚོའི་གནས་སྟང་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད། གཞོན་ནུའི་ཅི་ཞིག་བྱེད་བསམ་པ་དེ་་དཔལ་འབྱོར་ཁྱེད་ཡིན་པ་གསལ་བྱེད་དགོས་དོན་མེད། ཁྱེད་རྣམས་ཀྱི་བོད་གནས་བབས་ལ་གནོད་མ་བྱེད་རོགས།

    Reply
  6. གྲྭ་རྒོད says:
    ལོ་ 12 སྔོན།

    དྲ་ལམ་ནས་འདྲ་མིན་སྣ་ཚོགས་བཤད་མཁན་ཚོ་བོད་མི་ཞིག་ཡིན་ན་བོད་ཀྱི་གནས་བབས་བསམ་ནས་བོད་ཀྱི་འགན་འཁུར་དགོས། ང་ཚོའི་གནས་སྟང་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད། གཞོན་ནུའི་ཅི་ཞིག་བྱེད་བསམ་པ་དེ་་དཔལ་འབྱོར་ཁྱེད་ཡིན་པ་གསལ་བྱེད་དགོས་དོན་མེད། ཁྱེད་རྣམས་ཀྱི་བོད་གནས་བབས་ལ་གནོད་མ་བྱེད་རོགས།

    Reply
  7. མི་ཕམ་ཚངས་ཐིག says:
    ལོ་ 12 སྔོན།

    རེད་ཡ། ༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བའི་གོ་སྐབས་ལས་མི་འབོལ་མང་བ་ཞིག་ལ་ང་ཚོས་ཆབ་སྲིད་ལས་མགུལ་སྤེལ་ས་ཞིག་མེད་མོད། གོ་སྐབས་དེ་བཀག་ན་འཕང་ཆེ་བ་ལ།
    བཅའ་ཁྲིམས་ཇོ་ནང་བ་ལ་ཆོས་བརྒྱུད་ཐོབ་ཐང་མི་སྤྲད་པ་དང་། གཞོན་ནུ་ལྷན་ཚོགས་ལ་ལས་མགུལ་སྤེལ་དུ་མ་བཅུག་གཉིས། ཇོ་ནང་བ་ལ་ཆོས་བརྒྱུད་ཐོབ་ཐང་མི་སྤྲད་པ་དང་། གཞོན་ནུ་ལྷན་ཚོགས་ལ་ལས་མགུལ་སྤེལ་དུ་མ་བཅུག་གཉིས། བོད་གཞུང་ཟེར་བའི་མཚན་གནས་གཏན་བླག་བྱེད་འདོད་པ་གསུམ་ལས་བློ་ཕམ་ཞིག་མི་འདུག
    དུས་འཁོར་གྱི་བསྐྱེད་རྫོགས་ཉམས་བཞེས་ཆ་ཚང་ཞིག་ནི། ད་ལྟ་ཇོ་ནང་བ་ཁོ་ན་མ་གཏོགས་མེད་པ་ཆགས་ཡོད་པས། ཤིན་ཏུ་གཟབ་དགོས་པའི་གནས་ཞིག་ཡིན། མི་ཤེས་མཁན་དང་འདི་ལ་དོགས་པ་ཡོད་མཁན་ཡོད་ན་ཟླ་༦ པའི་ ཚེས་༡༢ ལ་སྤཻལ་བའི་དུས་བབ་ཀྱི༼ དུས་འཁོར་གྱི་ཉམས་བཞེས་ཇོ་ནང་བ་ཁོ་ན་ལ་ཡོད ༽ཟེར་བའི་ཁ་བྱང་ཐོག་གཟིགས་དང་ཤེས་ཐུབ། གཞན་དག་རྗེས་ནས་གླེང་ཆོག
    བཅའ་ཁྲིམས་སྐྱར་བཅོས་ཀྱི་ནང་ནས་བོད་གཞུང་ཟེར་བའི་མཚན་གཏན་མེད་བཏང་འདོད་ཡོད་པའི་ངན་བཅོས་སམ་སྨོངས་འཁྲུལ་ལ་ནམ་ཡང་ངོས་ལེན་མེད། གཞན་དགེ་སྐྱོན་གཉིས་ག་མཐོང་ཏེ་རྗེས་སོར་གླེང་གི་ཡིན།
    འདིར་མྱུར་དུ་བཤད་བསམ་པ་ཞིག་ནི།
    ཇོ་ནང་བ་ལ་ཆོས་བརྒྱུད་ཐོབ་ཐང་མི་སྤྲད་པ་དང་། གཞོན་ནུ་ལྷན་ཚོགས་ལ་ལས་མགུལ་སྤེལ་དུ་མ་བཅུག་གཉིས། བོད་གཞུང་ཟེར་བའི་མཚན་གནས་གཏན་བླག་བྱེད་འདོད་པ་གསུམ་ལས་བློ་ཕམ་ཞིག་མི་འདུག

    Reply
  8. མི་ཕམ་ཚངས་ཐིག says:
    ལོ་ 12 སྔོན།

    རེད་ཡ། ༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བའི་གོ་སྐབས་ལས་མི་འབོལ་མང་བ་ཞིག་ལ་ང་ཚོས་ཆབ་སྲིད་ལས་མགུལ་སྤེལ་ས་ཞིག་མེད་མོད། གོ་སྐབས་དེ་བཀག་ན་འཕང་ཆེ་བ་ལ།
    ཇོ་ནང་བ་ལ་ཆོས་བརྒྱུད་ཐོབ་ཐང་མི་སྤྲད་པ་དང་། གཞོན་ནུ་ལྷན་ཚོགས་ལ་ལས་མགུལ་སྤེལ་དུ་མ་བཅུག་གཉིས། བློད་གཐུང་ཟེར་བའི་མཚན་གཏན་བླག་དགོས་པ་གསུམ་ལས་བློ་ཕམ་ཞིག་ད་སྔོན་བྱུང་མ་མྱོང་།
    དུས་འཁོར་གྱི་བསྐྱེད་རྫོགས་ཉམས་བཞེས་ཆ་ཚང་ཞིག་ནི། ད་ལྟ་ཇོ་ནང་བ་ཁོ་ན་མ་གཏོགས་མེད་པ་ཆགས་ཡོད་པས། ཤིན་ཏུ་གཟབ་དགོས་པའི་གནས་ཞིག་ཡིན། མི་ཤེས་མཁན་དང་འདི་ལ་དོགས་པ་ཡོད་མཁན་ཡོད་ན་ཟླ་༦ པའི་ ཚེས་༡༢ ལ་སྤཻལ་བའི་དུས་བབ་ཀྱི༼ དུས་འཁོར་གྱི་ཉམས་བཞེས་ཇོ་ནང་བ་ཁོ་ན་ལ་ཡོད ༽ཟེར་བའི་ཁ་བྱང་ཐོག་གཟིགས་དང་ཤེས་ཐུབ། གཞན་དག་རྗེས་ནས་གླེང་ཆོག

    Reply
  9. ལྗང་གཞོན། says:
    ལོ་ 12 སྔོན།

    སྤྱི་ཚོགས་ལ་དགོས་པ་ནི་བསམ་བློ་དང་སྨྲ་བརྗོད་རང་དབང་ཡིན། དེ་ལ་འགོག་རྐྱེན་དང་གནོན་ཤུགས་ཡོད་པ་ནི་རྒྱ་ནག་དམར་པོའི་གཞུང་དང་དཀྱིལ་ཤར་ཡུལ་གྲུའི་སྲིད་དབང་སྒེར་འཛིན་གཞུང་སོགས་རེ་ཟུང་ཆགས་ཡོད།

    ཐེངས་འདིར་དུས་དབང་སྐབས་ཆབ་སྲིད་ལས་འགུལ་སྤེལ་མི་ཆོག་ཞེས་པའི་གྲོས་ཆོད་དེ་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཡིན་ན་གནད་དོན་གཅིག་རེད། དེ་མིན་པར་གཞན་གྱིས་སྤེལ་ཆོག་གི་མེད་ཟེར་ན། གོ་སྒྲིག་ཚོགས་ཆུང་ལ་དེ་འདྲ་དབང་ཚད་ཅིག་སུས་སྤྲད་པ་རེད།

    ལྷག་པར་དུ་སྟོད་གོས་སྟེང་” བཙན་བྱོལ་བོད་གཞུང་” ཞེས་བཀོད་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་གཞོན་ནུའི་སྟོད་གོས་ཚོང་འགྲེམས་བཀག་འགོད་བྱས་པའི་བྱ་སྤྱོད་དེ་ནི་ཧ་ཅང་ཐལ་ཆེ་བ་ཟམ་མ་ཟད། དམངས་གཙོའི་ལྟ་གྲུབ་དང་འགལ་ཡོད། ཁྲོང་གཞུང་དང་མི་ཚོགས་འདུ་འཚོམས་སྐབས་སྟོད་གོས་སྟེང་ཡི་གེ་དང་རི་མོ་སྣ་ཚོགས་བྲིས་ཡོད་པའི་གྱོན་གོས་ཚོང་འགྲེམས་བྱེད་ཀྱང་ཆོག་པ་ཞིག་རེད།

    Reply
  10. མཁས་མཁས says:
    ལོ་ 12 སྔོན།

    བཀོལ་སྤྱོད་བྱེད་པའི་མིང་ཙམ་ཞིག་གི་གནད་དོན་ཡིན་ན་་དེ་ནི་ཆུང་ཆུང་རེད། ང་ཚོས་ད་དུང་ཡང”བོད་གཞུང”ཞེས་པའི་མིང་འདི་བཀོལ་ཆོག་་་་གང་ལགས་ཞེ་ན་་་”བོད་མིའི་སྒྲིག་འཛུག་གཞུང་”ཞེས་པའི་མིང་དེ་ལ་ཚིག་བསྡུ་ཞིག་བྱེད་ན་་”བོད་གཞུང་”ཞེས་པ་འདིའི་ནང་དུ་བསྡུ་དགོས། དེས་ན་”བོད་གཞུང”་ཞེས་པའི་མིང་ཚིག་འདི་ད་དུང་ཡང་མུ་མཐུད་ནས་གནས་ནའང་སྐྱོན་གང་ཡང་མེད་པ་སེམས་སོ།

    Reply
  11. གཞིས་ཆགས་བུ། says:
    ལོ་ 12 སྔོན།

    དུས་དབང་གོ་སྒྲིག་ཚོགས་ཆུང་ལ་ཕྱོགས་གང་ཅིའི་ཐད་ནས་ལས་དོན་འབྲེལ་ཚུབ་ཆེ་བའི་བར་དུ་འགེགས་བར་དེ་འདྲ་ཞིག་བྱུང་བ་ནི་དཀའ་ངལ་འཕར་མ་ཞིག་ཏུ་འགྱུར་ཡོད། ཡིན་ནའང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེའི་ཐོག་བསམ་གཞིགས་དང་དགོངས་པ་རྒྱ་ཆེ་བཞེས་པའི་ཐོག་ནས་གོམ་པ་སྤོས་དགོས་པ་ལས། དོན་མེད་ཀྱིས་གནས་ཚུལ་ཆུང་ཆུང་དེའི་རིགས་ཆེན་པོ་བཟོ་ནས་ཕན་ཐོགས་མེད་ལ། ལྷག་པར་༸གོང་ས་མཆོག་གིས་སྙན་ལམ་དུ་ཐོས་པ་ཡིན་ན་། ཅི་འདྲའི་མི་འོས་པ་ཞིག་མིན་ནམ། དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འདིའི་ཐོག་དགོངས་པ་རྒྱ་ཆེ་ཞིག་བཞེས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

    གནས་ཚུལ་དེས་བོད་མི་ནང་ཁུང་མི་མཐུན་པ་དང་འགལ་ཟླ་ཡོང་བའི་གཞི་མར་འགྱུར་གྱིན་འདུག་པ་དང། ལྷག་པར་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བཞིན་ཡོད་པ་དེར་འགེགས་བར་བྱེད་སྲིད་པས། བསམ་བློ་གུ་ཡངས་པོའི་ཐོག་ནས་དགོངས་པ་བཞེས་རོགས་གནང།

    Reply
  12. མི་ཕམ་ཚངས་ཐིག says:
    ལོ་ 12 སྔོན།

    དུས་དབང་ཚོགས་ཆུང་གིས། ༼ བཙན་བྱོལ་བོད་གཞུང ༽ཞེས་བཀོད་ཡོད་པའི་བཅའ་ལག་གང་ཡང་བཙོང་དུ་འཇུག་གྱི་མེད་པ་ཡིན་ནམ། གལ་ཏེ། ༼ བོད་མའི་བསྒྲིག་འཛུག ༽ཟེར་བ་བཀོད་ཡོད་ན་བཙོང་ཏུ་འཇུག་གྱུ་ཡིན་ནམ། རྒྱུ་མཚན་ཅེས་ཕྱིར་ཡིན་སོགས། ང་བོད་མི་ཞིག་ཡིན་པས་ཆ་ནས་ངས། ཁྱེད་ཅག་གིས་བོད་མི་མང་ལ་གསལ་བཤད་ཡག་ཐག་ཆོད་དགོས་པའི་རེ་བ་བཏོན་རྒྱུ་ཡིན།
    དུས་དབང་ནི་ང་ཚོས་ཆབ་སྲིད་ལས་མགུལ་སྤེལ་བའི་གོ་སྐབས་ཡག་ཤོས་དེ་ཡིན་པ་སྨོས་ཅི་དགོས། ཆབ་སྲིད་ལས་མགུལ་ནི་བོད་གངས་ཅན་གྱི་བདེ་དོན་དང་། ཁྱད་པར་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་ཡིད་སྨོན་རྒྱུན་སྐྱོང་གོང་མཐོར་གཏོང་ཆེད་ཡིན་པ་སྨོས་མེད་རེད། ཆབ་སྲིད་ལས་མགུལ་སྤེལ་མི་ཆོག་པར་དེ་ལས་ལྷག་ཅི་ཞིག་གི་ཆེད་ཡིན་ནམ། དེ་ལས་ལྷག་པའི་དགོས་པ་ཆེན་པོ་ཅི་ཞིག་ཡོད་དམ། ཁྱེད་ཚོ་དུས་དབང་བཀོད་བསྒྲིག་པས་གསལ་བཤད་གསལ་བོར་བྱེད་པར་འབོད་བསྐུལ་བྱེད་ཀྱི་ཡིན། གལ་ཏེ་མ་བྱས་ན་མ་ཡོད་པར་མོག་མོག་ལུམ་ལུམ་དུ་འཇོག་རྒྱུ་ཡིན་པས་རྟགས་རེད།

    Reply
  13. དམར་ཁ་ཚ། says:
    ལོ་ 12 སྔོན།

    དྲ་གྲོགས་ཚང་མས་དགོངས་ཚུལ་ཡག་པོ་གནང་གིན་འདུག་པ་དངོས་འབྲེལ་ཡག་པོ་རེད།བོད་པ་ནང་ཁུལ་དཀྲུགས་རྒྱུ་དང་།༸བོད་མི་ནུས་པ་ཅན་ཚོ་རྗེས་འདེད་གཏོང་རྒྱུ་འདི་བོད་ཕྱི་ནང་གཉིས་སུ་རྒྱ་གཞུང་གི་སྲིད་བྱུས་དང་།འགྲོ་སོང་གཏོང་ས་གལ་ཆེན་ཞིག་ཆགས་ཡོད་པ་རེད།
    འདི་ལ་ཚང་མས་གཟབ་གཟབ་གནང་གལ་ཆེ་བ་འདུག
    བློ་བཟང་དབང་ཕྱུག་གིས་ང་ནི་རྨོག་རུ་བསྟན་པ་ཡིན་པར་བཤད་ཀྱིན་འདུག
    འདི་ཡང་མི་མངོན་པའི་ཚུལ་གྱི་དཀྲུགས་ཤིང་ཞིག་རེད།རྨོག་རུ་བསྟན་པར་སྔ་ཕྱི་བར་གསུམ་ལ་རྒྱུས་ཡོད་ཅིག་ཡིན་ལ།རྒྱབ་སྐྱོར་བྱེད་མཁན་ཡིན།རྨོག་རུ་ལ་རྒྱབ་སྐྱོར་ཡོད་པས་རྐྱེན་གྱིས་རྨོག་རུ་བར་ཡོང་གི་མ་རེད།གལ་སྲིད་ང་ངོ་མ་ཤེས་འདོད་ཡོད་ན་ཁ་པར་ཨང་སྤྲད་ཆོག

    Reply
  14. ལྷ་མོ་དབྱངས་ཅན། says:
    ལོ་ 12 སྔོན།

    དུས་དབང་བཀོད་སྒྲིག་ཚོགས་ཆུང་གི་སྒྲིག་གཞི་དང་ཐག་གཅོད་ལ་དུས་དབང་སྐབས་ཚོགས་པ་དང་སྒྲིག་འཛུགས་སུ་ཡིན་ནའང་བརྩི་འཇོག་བྱེད་དགོས་པ་སྨོས་མ་དགོས་པ་རེད། བྱས་ཙང་། གཞོན་ནུས་གནང་སྟངས་དེ་ཅུང་ཐལ་དྲགས་པ་རེད་བསམ། ལར་ནས་གཞོན་ནུས་དུས་དབང་སྐབས་ཚོང་རྒྱག་མ་ཐུབ་པ་ལ་བརྟེན་ནས་དུས་དབང་བཀོད་སྒྲིག་ཚོིགས་ཆུང་དང་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་དུས་བཅད་ནང་ཚུན་དགོངས་སེལ་ཞུ་དགོས་པ་སོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བ་ནི་ནར་མ་སོན་པའི་བྱིས་པ་ཞིག་གི་རྫིག་ཉམས་སྟོན་སྟངས་འདྲ་བ་ཞིག་མཐོང་སོང་ལ། དབུ་མ་འཚོས་ཤིང་འགྲོ་སྟངས་མ་ཤེས་པའི་གྲ་ཟུར་མང་པོ་ཞིག་ནས་མཆན་བུ་འདེབས་སྟངས་ལ་དེ་ལས་ཀྱང་གད་མོ་ཤོར་གཞི་རེད། ཡི་གེ་དག་ཆ་ནི་ཨུ་ཙམ་འདུག་ཀྱང་ཀླད་པ་དེ་ལུག་ལས་ཅུང་དྲག་ཙམ་ཨེ་ཡོད་དམ་བསམ་ཡོང་གི་འདུག
    དུས་དབང་བཀོད་སྒྲིག་ཚོགས་ཆུང་གི་གསར་འགོད་བསྒྲགས་གཏམ་ནང་”་དངོས་ཡོད་གནས་ཚུལ་གང་ཡིན་གསལ་རྟོགས་ཐུབ་པའི་སྒོ་ནས་རང་སར་འཇོག་གནང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན”ཞེས་ཉེན་བརྡའི་ཚུལ་དུ་གསུངས་ཡོད་ན། གཞོན་ནུ་འཁྲབ་རྒྱུ་མ་མང་ན་མཛེས་པར་བསམ་མོ།།

    Reply
  15. འབྲོག་པ་དཀར་ཆེན། says:
    ལོ་ 12 སྔོན།

    རྐྱེན་ངན་གྲོགས་སུ་གྱུུར་ཡོད་ན་ཐང་། སྐལ་བློ་དང་གཞོན་ལྷན་གཉིས་ཀྱི་འཐབ་འཛིང་བའི་ཉེར་ལེན་གྱིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ལེགས་འགྲུབ་དང་གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་མཛད་པ་འཕྲིན་ལས་སྔར་ལས་ལྷག་པའི་འཛམ་བུ་གླིང་ལ་རྒྱས་སོང་། ད་ངས་བཤད་འདོད་པ་གཙོ་བོ་ནི་སྐལ་བློ་ཡིན་ན་འདྲ་གཞོན་ནུ་ཚོགས་པ་ཡིན་ན་བསམ་བློ་ཕུགས་རྒྱང་རིང་པོ་གཏོང་རོགས། དུས་ནམ་ཡིན་རུང་ཕན་ཚུན་པར་ལ་ལྟ་ཕྱོགས་དང་བསམ་བློ་གཏོང་སྟངས་མི་འདྲ་བ་ཡོང་སྲིད་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་དོན་ཆུང་ཆེན་པོ་མ་བཟོ་རོགས། དེས་རང་གཞན་ཚང་མ་ཕན་མི་ཐོག་གནོད་ཆེན་པོ་ཡོང་སྲིད་པ་རེད། ག་རེ་ཡིན་རུང་མི་རུང་ང་ཚོས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་རེད། རྒྱ་རྒན་སང་གི་གོ་ན་དགའ་ནི་རེད། འོ་རེད། དྲ་ལམ་ཁག་གིས་བསམ་ཚུལ་དང་སྐད་ཆ་ཁ་ཤས་ལ་ཉན་འཇོག་བྱེད་མི་ཉན། ཁ་ཤས་ཆེད་དུ་རྒྱ་རྒན་སང་གི་ཕྱོགས་ནས་སྐད་ཆ་བཤད་མི་སྲིད་པ་རྩ་བ་མིན། ཐུགས་རྗེ་ཆེ། རྡ་སའི་དབུས་གཞོན་ནུ་ལས་ཁུངས་ནས་ཀྱང་བསམ་བློ་ཡང་ཡང་བཏང་ནས་བཟོད་སྒོམ་གནང་ན་ག་འདྲ་འདུས། བརྒྱ་སྤྲག་སྟོང་སྤྲག་བྱེད་དགོས་དོན་ཡོད་དམ།

    Reply
  16. གངས་ཅན། says:
    ལོ་ 12 སྔོན།

    ད་གཞོན་ནུ་ལྷན་ཚོགས་ལ་རྩོད་རྒྱུ་ཇེ་མང་ལ་བུད་སོང། བཙན་བྱོལ་ནས་“བཙན་བྱོལ་བོད་གཞུང་”ཞེས་པའི་མཚན་གནས་སླར་གསོ་ཆེད་རྩོད་ལེན་བྱེད་དགོས་པ་དང། རྒྱ་ནག་གི་ལག་“བོད་རང་བཙན་”སླར་གསོ་ཆེད་རྩོད་ལེན་ཞིག་བྱེད་དགོས་ནི་རེད། གཅིག་བྱས་ན་ང་ཚོའི་གཏམ་དཔེ་ལ། “སྲན་མ་མ་ཆོད་ན་ཡོས་ལ་སྒང་ལ་རྒྱུགས་”ཟེར་བའི་དཔེ་ལྟར་མི་ཡོང་བའི་ངེས་པ་མི་འདུག གཞོན་ལྷན་གྱི་གསལ་བསྒྲགས་ལ་བལྟས་ན་ལྟད་མོ་རྗེས་ན་ཡོད་པ་འདྲ། མིག་ཅེར་ནས་ལྟོས་དང།

    Reply
  17. མི་ཕམ་ཚང་ཐིག says:
    ལོ་ 12 སྔོན།

    དུས་དབང་ཚོགས་ཆུང་གིས། ༼ བཙན་བྱོལ་བོད་གཞུང ༽ཞེས་བཀོད་ཡོད་པའི་བཅའ་ལག་གང་ཡང་བཙོང་དུ་འཇུག་གྱི་མེད་པ་ཡིན་ནམ། གལ་ཏེ། ༼ བོད་མའི་བསྒྲིག་འཛུག ༽ཟེར་བ་བཀོད་ཡོད་ན་བཙོང་ཏུ་འཇུག་གྱུ་ཡིན་ནམ། རྒྱུ་མཚན་ཅེས་ཕྱིར་ཡིན་སོགས། ང་བོད་མི་ཞིག་ཡིན་པས་ཆ་ནས་ངས། ཁྱེད་ཅག་གིས་བོད་མི་མང་ལ་གསལ་བཤད་ཡག་ཐག་ཆོད་དགོས་པའི་རེ་བ་བཏོན་རྒྱུ་ཡིན།
    དུས་དབང་ནི་ང་ཚོས་ཆབ་སྲིད་ལས་མགུལ་སྤེལ་བའི་གོ་སྐབས་ཡག་ཤོས་ཡིན་པ་སྨོས་ཅི་དགོས། ཆབ་སྲིད་ལས་མགུལ་ནི་བོད་གངས་ཅན་གྱི་བདེ་དོན་དང་། ཁྱད་པར་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་ཡིད་སྨོན་རྒྱུན་སྐྱོང་གོང་མཐོར་གཏུང་ཆེད་ཡིན་པ་སྨོས་མེད་རེད། ཆབ་སྲིད་ལས་མགུལ་སྤེལ་མི་ཆོག་པར་དེ་ལས་ལྷག་པས་དགོས་པ་ཆེན་པོ་ཅི་ཞིག་ཡོད། དུས་དབང་བཀོད་བསྒྲིག་པས་གསལ་བཤད་གསལ་བོར་བྱེད་པར་འབོད་བསྐུལ་བྱེད་ཀྱི་ཡིན། གལ་ཏེ་མ་བྱས་ན་མ་ཡོད་པར་མོག་མོག་ལུམ་ལུམ་དུ་འཇོག་རྒྱུ་ཡིན་པས་རྟགས་རེད།

    Reply
  18. ཨ་ཕོ་མཐུ་ཆེན། says:
    ལོ་ 12 སྔོན།

    དོན་བསྡུས་ནས་བཤད་ན་གཞོན་ནུའི་ཚོགས་གཙོ་ཁོ་༧རྒྱལ་བ་རིན་པོ་ཆེ་ལ་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཟེར་ངོ་རྒོལ་བྱེད་ཀར་མདུན་མཆོངས་བྱས་པ་རེད།
    སྐལ་ལྡན་བློ་གྲོས་ཁོང་ལ་དུས་དབང་གོ་སྒྲིག་གི་འགན་ཡོད་པའི་ཆ་ནས་སྐབས་འདིའི་དུས་དབང་གི་གྲོས་ཆོད་དགོངས་དོན་གཞིར་བཟུང་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་འདིར་འཁྱེར་ཡོང་ན་འགྲིག་གི་མིན་འདུག་ཅེས་བཤད་པར་ཚེ་དབང་ཁོས་ཉན་འཇོག་བྱེད་རྒྱུ་ལྟ་ཞོག ཚོགས་གཙོའི་མིང་སྐམ་དེ་འཕྱར་ནས་སྐལ་བློ་ལགས་ལ་རྫིག་རྫིག་ཚད་མེད་བཏང་སྟབས་སྐལ་བློས་སྤྱི་བདེ་མི་སྣ་སྐད་བཏང་གི་ཡིན་ཟེར་མ་བཤད་ཀ་མེད་ཐུག་པ་རེད། དེ་འདྲར་སོང་སྐལ་བློས་གཞོན་ནུ་དང་ཚོགས་གཙོར་དགོངས་སེལ་ཞུ་རྒྱུའི་ཚབ་ཏུ་གཞོན་ནུས་༧་གོང་ས་མཆོག་དང་། སྐལ་བློ། དུས་དབང་གོ་སྒྲིག་ཚོགས་ཆུང་། གཞིས་བྱེས་མི་མང་བཅས་པར་ཡིག་ངག་གཉིས་ཐོག་ནས་བསམ་བཞིན་དུ་སྤྱི་ཚོགས་ཟང་ཟིང་བཟོས་པར་དགོངས་སེལ་ཞུ་དགོས། ད་དུང་དོན་འགྲུབ་བདུད་དར་ཟེར་བས་རྡ་ས་ནས་མ་འཁོལ་གོང་ནས་ལུད་པའི་ཉེས་པ་བསགས་སྟབས་ཁོས་ཀྱང་དེ་མཚུངས་དགོངས་སེལ་ཞུ་དགོས།

    Reply
  19. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    ༼བཙན་བྱོལ་བོད་གཞུང་༽ཞེས་པའི་མིང་འདི་ཆབ་སྲིད་ཤུགས་ཆེན་པོ་འདུག་ཅེས་པ་དེའི་དོན་ཅི་ཡིན་ནམ། ང་ལ་མཚོན་ན་དངོས་གནས་གོ་བ་ལེན་ཤེས་ཀྱི་མི་འདུག སྐལ་ལྡན་བློ་གྲོས་ལྟར་ན། ཏཱ་ལའི་བླ་མ་ཞེས་པའི་ལོ་རྒྱུས་རིང་བཞིན་གྱི་མཚན་ཐོབ་འདི་ཡང་ཆབ་སྲིད་ཀྱི་ངོ་བོར་འགྱུར་དགོས་པ་ཨེ་རེད། དེ་བཞིན། བཙན་པོ་རྒྱལ་རབས་ཞེ་གཉིས་ཀྱི་མཚན་ཀྱང་ཆབ་སྲིད་ཤུགས་ཆེན་པོ་ཡོད་པར་ཁ་བསྒྱུར་ཏེ་འདོར་དགོས་པ་མ་ཡིན་ནམ། དེ་ལྟར་གནང་དགོས་ཚེ། གངས་རིའི་ལྗོངས་ཀྱི་སྣོད་བཅུད་རིག་གནས་ཡོངས་ཀྱི་ལོ་རྒྱུས་བདག་དབང་མཚོན་པའི་༼བོད༽ཅེས་པའི་ཐ་སྙད་གསོན་པོ་འདིའང་བསུབ་དགོས་པ་རེད་དམ།
    རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་སྐེ་ལ་རལ་གྲི་འཇོག་མཁན་གྱི་སྐྱ་མིན་སེར་མིན་རྣམས་ཏེ། བཙན་པོའི་གསེར་གྱི་གདུང་ཤིང་གཅོགས་མཁན་གྱི་སྡོམ་ཤོར་མི་གསོད་ལག་དམར་མཁན་ལྷ་ལུང་དཔལ་རྡོར་དང་། གངས་ལྗོངས་དམངས་གཙོའི་བདག་དབང་གི་དཔྱིད་མགོའི་མྱུ་གུ་འབལ་མཁན་སྨྱོ་འཆམ་པ་ཁྲི་སྔོན་ནོར་བུ་དབང་རྒྱལ། ལོ་ངོ་དྲུག་ཅུའི་རང་དབང་འཐབ་རྩོད་ཀྱི་མིང་བྱང་ལ་ཁ་ལུད་འབེབས་མཁན་གྱི་གྲ་ལོག་སྐལ་ལྡན་བློ་གྲོས་བཅས་ནི། མ་འོངས་པར་བོད་ཀྱི་ལོ་རྒྱུས་དེབ་ཐར་གྱི་ངོས་སུ་ཉེས་ཅན་ནག་ཅན་དུ་ག་ལེར་སྣང་ངེས་ཡིན།
    དེ་སྔའི་ལྷ་སའི་ཁྲོམ་སྐྱུར་གཞས་ཚིག་ཏུ། མཐོ་དུས་མཐོ་ཚད་མ་ཟིན། ། མི་རྗེ་ས་དབང་ཆེན་མོ། །ཤམ་ཐབ་དཀར་པོ་བཞེས་ནས། །སྨྱོ་འཆམ་བརྒྱབ་ནས་གང་ཡོང་། ། ཞེས་པ་དང་། དོམ་གྱི་མཁྲིས་པ་བཏོན་སོང་། ། ཁྱུང་གི་སྡེར་མོ་བཅག་སོང་། ། ཡུལ་ལྷའི་རྟེན་མཁར་བཤིག་སོང་། ། ཀླུ་རྒྱལ་གཟབ་གཟབ་གནང་ཤོག ། ཅེས་པ་ལྟར་རོ། །

    Reply
  20. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    འཛམ་གླིང་རིལ་མོ་འདིའི་སྒང་རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་དབུ་ཁྲིད་མཁན་ལྟ་བུར་ཆ་འཇོག་གནང་སའི་ཨ་རི་རྒྱལ་ས་ཝ་ཤིན་ཊོན་དུ། ལོ་ངོ་ལྔ་བཅུའི་རིང་བོད་མི་བཙན་བྱོལ་བའི་ངོ་གདོང་ལྟ་བུར་འཕྱར་ཏེ་འོང་པའི་༼བཙན་བྱོལ་བོད་གཞུང་༽ཞེས་པའི་མིང་དེ་ནག་ཅན་ཉེས་ཅན་དུ་བསྒྱུར་སོང་། བསྒྱུར་མཁན་དེའང་ལོ་ངོ་དྲུག་ཅུའི་རིང་བོད་ས་བཙན་བཟུང་དང་བོད་མི་དམར་གསོད་གཏོང་མཁན་གྱི་དགྲ་བོ་རྒྱ་དམར་བའི་སྒེར་གཅོད་དཔོན་རིགས་དག་མ་ཡིན་པར། ཤ་དར་ཁྲག་དར་གྱི་བོད་མི་རྣལ་མ་ཞིག་དང་། ལྷག་པར་དུ་དྲང་བདེན་དང་སྨྲ་བརྗོད་རང་དབང་གི་མགྲིན་ཚབ་པར་བསྔགས་བཞིན་པའི་གསར་འགོད་ལས་རིགས་པ་ཞིག་ཡིན་པ་འདི་ནི་དངོས་གནས་བློ་ཕམ་གྱི་གནས་ཤིག་ཅི་ལ་མིན་འང་། བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་གཏན་འབེབས་ལྟར་ནའང་ཕྱི་ཟླ་ ༧ པའི་ཟླ་སྨད་བར་གཞུང་གི་ཐམ་ཀ་དང་ཡིག་ཆ་ཚང་མའི་ནང་༼བཙན་བྱོལ་བོད་གཞུང༽ཞེས་པའི་མིང་འདི་སྔར་རྒྱུན་ལྟར་ད་དུང་བཀོད་ཆོག་ཡོད་པར་སྣང་། སྐལ་ལྡན་བློ་གྲོས་དང་བོད་གཞུང་དྲ་རྒྱ་གཉིས་ཀྱིས་སྔ་བ་ནས་སྔོན་མ་བྱས་ཏེ། སྲིད་ན་རྙེད་པར་དཀའ་བའི་ནོར་བུ་ཅི་ཞིག་ཐོབ་སོང་བ་ལྟར། བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མཚོན་བྱེད་ཀྱི་མིང་བྱང་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྱིར་ཕུད་གཏོང་རྒྱུར་རྔམ་དོན་ཅི་ཡིན་ནམ། ད་ནི། ང་ཚོ་གཞན་གྱིས་གསོད་མ་དགོས་པར་རང་ཉིད་རང་ཤི་རྒྱག་པར་དགའ་འགུ་བྱེད་མཁན་གྱི་མི་རིགས་ཡ་མ་བླ་ཞིག་ཏུ་གྱུར་སོང་ཡིན་ནམ། ང་ཚོས་ལོ་རྒྱུས་ཀྱི་མེ་ལོང་བཟུང་སྟེ་ཁ་ལུད་སྣབས་ལུད་ཀྱིས་ཁེངས་པའི་ད་ལྟའི་རང་གི་ངོ་གདོང་འདིར་གསལ་བོ་ཞིག་བལྟ་དགོས་པར་སྣང་།

    Reply
  21. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    གཞོན་ལྷན་གྱིས་དངུལ་བཟོ་ས་དང་། ལས་འགུལ་སྤེལ་ས་ནོར་བ་ཡིན་ནམ། བསམ་བཞིན་དུ་བྱས་པ་རེད། དཔྱད་དགོས་འདུག

    Reply
  22. སྟོང་སྐོར་ཐུབ་བསྟན། says:
    ལོ་ 12 སྔོན།

    དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ངོས་ནས་བོད་གཞུང་མཚན་བེད་སྤྱོད་མི་ཆོག་ལབ་པ་དང་། དེ་བཞིན་བདེ་སྲུང་ཉེན་རྟོག་པ་སྐད་གཏོང་གི་ཡིན་ལབ་པ་སོགས་ནི་ཡག་པོ་མ་རེད་། གཞོན་ནུའི་ལྷན་ཚོགས་ནི་ཆོལ་གསུམ་བོད་མི་ཡོངས་ཀྱི་རེ་བ་བཅོལ་ས་དང་། མ་འོངས་བོད་མིའི་སོན་རྩ་ཡིན །ངས་ནམ་ཡང་དོན་གྲུབ་ལྷ་དར་དང་གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་ཡོད

    Reply
  23. ཤིང་རྟ། says:
    ལོ་ 12 སྔོན།

    སྐལ་ལྡན་བློ་གྲོས་ཞེས་པ་དེ་མི་བྱབས་ཆུང་ཞིག་རེད་འདུག
    བོད་གཞུང་ཞེས་མིང་བྱང་འདི་བེད་སྤྱོད་གཏོང་ནས་ལོ་གྲངས་ག་ཚད་ཕྱིན་ཡོད་ཤེས་བཞིན། གཞོན་ནུའི་ཚོང་ཟོག་ཐོག་ཏུ་བཙན་བྱོལ་བོད་གཞུང་ཞེས་བཀོད་ཡོད་པ་དེར་དམིགས་གསལ་དགག་པ་དེ་འདྲ་རྒྱག་དགོས་དོན་མ་མཐོང་།

    Reply
  24. གྱད་ལྷ་དགའ། says:
    ལོ་ 12 སྔོན།

    ༼ བཙན་བྱོལ་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱེད་མ་བཅུག་པ་དེ་དང་། བལ་ཡུལ་ཉེས་རྟོག་པས་(བོད་མིའི་རང་དབང་)ཞེས་པའི་སྟོད་གོས་ཕུད་བཅུག་པ་དེ་གཉིས་གཅིག་མཚུངས་སུ་གྱུར་འདུག

    Reply
  25. གྱད་ལྷ་དགའ། says:
    ལོ་ 12 སྔོན།

    སྐལ་ལྡན་བློ་གྲོས་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྡོག་རོལ་བཏང་འདུག བཙན་བྱོལ་བོད་མིས་དམངས་གཙོ་དང་རང་དབང་ལ་ལོངས་སྤྱོད་བཞིན་ཡོད་ཅེས་པ་དེ་དང་རྒྱབ་འགལ་དུ་ཕྱིན་འདུག མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལ་གཏོར་གཤིག་བྱས་འདུག

    Reply
  26. བློ་བཟང་དབང་ཕྱུག says:
    ལོ་ 12 སྔོན།

    དམར་ཁ་ཚ་རྨོག་རུ་བསྟན་པ་ལགས། ཁྱེད་ཀྱིས་གསུང་པ་ལ་རྒྱུ་མཚན་འདུག་ ང་ཚོའི་སྤྱི་ཚོགས་ན་ཚད་མེད་ཞི་བ་དེ་དགྲ་ལ་མ་གཏོགས་གཉེན་ལ་བེད་སྤྱོད་གཏང་ཆོག་གི་མེད་པ་འདྲ་པོ་འདུག གནད་དོན་མང་པོ་ཞིག་ཐོག་དེ་འདྲ་རེད་འདུག ངས་བལྟས་ན་གནད་དོན་འདི་ཞེ་དྲག་ཆེན་པོ་མ་རེད། ད་དུས་དབང་ཚོགས་ཆུང་གིས་གཞོན་ལྷན་གྱིས་བཏོན་པའི་དྲི་བ་ཁག་ལ་ལན་ཁ་གསལ་ཞིག་རྒྱག་ན་གྱོད་ཞི་འགྲིག་བྱུང་པ་རེད། མ་གཏོགས་དྲ་འབུ་ཚོས་སྐད་ཆ་ཆེན་པོ་བཟོ་ན་ཡག་པོ་མི་འདུག

    Reply
  27. འདྲེ་རིག་ལྡན། says:
    ལོ་ 12 སྔོན།

    ཨོ་་་་་ད་དེ་ལྟར་གསུང་ན་དེ་ཡང་བདེན་འདུག ཁ་སང་གཞོན་ལྷན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་པ་ཡིན། དེ་རིང་དུས་དབང་གོ་སྒྲིག་པ་ཚོར་ཡང་རྒྱུ་མཚན་འདུག་ཞུས་དགོས་ཆགས་སོང་།

    ད་གང་ལྟར། ང་ཚོ་ཚང་མ་མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཆོས་སྲིད་གཉིས་ཀྱི་ལས་དོན་མཐའ་དག་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་དགོས་རྒྱུ་གལ་ཆེན་པོ་རེད།

    བོད་རྒྱལ་ལོ།

    Reply
  28. གནས་ཚང་། says:
    ལོ་ 12 སྔོན།

    བྱབས་ཆུང་རང་རེད། བཙན་བྱོལ་བོད་གཞུང་བྲིས་ཡོད་པའི་སྟོད་ལོའང་བཙོང་མི་ཆོག་ན་ད་ག་རེ་བཙོང་ཆོག་གམ།

    Reply
  29. དམར་ཁ་ཚ། says:
    ལོ་ 12 སྔོན།

    གཞོན་ནུའི་འུར་སྒྲ་ཆེ་གྲགས་ཀྱིན་འདུག
    དུས་དབང་ཚོགས་ཆུང་ལ་སོ་སོར་སྒྲིག་འཛུགས་དང་།འགན་དབང་རེ་ཡོད་ངེས་ཅན་ཡིན་པས་རང་ཉིད་ཆེན་པོ་ཡིན་མདོག་གིས་བར་འཚངས་བྱས་ན་ཡག་པོ་མ་རེད།
    ཚོགས་གཞོན་དོན་འགྲུབ་ལྷ་དར་གྱིས་ལམ་སེང་གསར་འགོད་གསལ་བསྒྲགས་བྱས་པ་དེའང་ཡག་པོ་མ་རེད།བོད་པ་ནང་ཁུལ་དུ་གནས་ཚུལ་ཙག་ཙིག་བྱུང་བ་དེ་དེ་ཙམ་གྱིས་གནད་འགག་ཆེན་པོ་མ་རེད།མི་མང་འུར་ལ་བསྐུར་བ་འདིས་ཚོགས་གཞོན་གྱི་དམིགས་ཡུལ་ཞིག་མཚོན་ནུས་པའམ་གང་ལྟར་ཡག་རྟགས་ཤིག་མ་རེད།
    ད་དུང་གཞོན་ནུ་ཚོགས་པས་རྒྱ་གུང་ཁྲན་ལ་བཤད་སྐབས་འཚེ་མེད་ཞི་བ་ཡིན་པར་སྒྲོགས་ཀྱིན་ཡོད།སྐལ་ལྡན་བློ་གྲོས་སོགས་ལ་ཕྱི་ཚེས་༡༥བར་དུ་དགོངས་སེལ་མ་བྱས་ན་བྱེད་རྒྱུ་ཡོད་མདོག་མདོག་སྟོན་གྱིན་འདུག་གཱ
    ཡར་ལུང་རི་ནས་སྡོད་ན་ཡར་ལུང་མཁན་པོར་བསྟུན་དགོས་པ་འདི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མ་བརྗེད་པ་གནང་རོགས།
    དྲན་སྐུལ་ཙམ་ཡིན།བོད་པ་ནང་ཁུལ་ཆིག་བསྒྲིལ་ཡོང་བར་ཤོག

    Reply
  30. samten says:
    ལོ་ 12 སྔོན།

    མི་དང་ཚོགས་པ་འདིའི་རིགས་ཀྱིས་ག་དུས་ཡིན་ཡང་བྱ་བ་གང་རུང་ཞིག་ལ་ཁ་གཡར་ནས་བོད་ཀྱི་ལས་འགུལ་བ་བར་ཆད་བྱེད་ཀྱིན་འདུག། བོད་མི་ཞིག་ལ་མཚོན་ན་ཆབ་སྲིད་དང་ཁ་འབྲལ་ཐབས་གཏན་ནས་མེད། གང་སོང་ཡང་གང་ལས་ཡང་དེ་ན་བོད་དོན་ཁྱབ་བསྒྲགས་དང་ལས་འགུལ་ཡོད།
    ཁྱོད་ཚོས་རྒྱ་མིས་གང་བཤད་ཀྱི་ཁ་ལ་ཉན་ནས་བྱ་བ་ཞིག་གང་ནས་ཡང་བསྒྲུབས་ཐབས་མེད། ཉིན་མ་ཞིག་ལ་ཁོང་ཚོས་ཁྱོད་ཀྱིས་ཁྱོད་ཀྱི་མཆོད་ཁང་ནས་ཆོས་བྱེད་མི་ཆོད་ཟེར།
    ཁྱོད་ཚོ་ཨ་རི་ལ་བསྡད་ནས་ཡིན་འདོད་མ་བྱེད།

    Reply
  31. རླུང་པུ says:
    ལོ་ 12 སྔོན།

    ངས་ནམ་ཡང་དོན་གྲུབ་ལྷ་དར་དང་གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་ཡོད། ཁོ་ཚོས་དུས་ནམ་ཡང་མངོན་སུམ་འཛེམ་མེད་ཀྱི་སྒོ་ནས་རྒྱ་དམར་གཞུང་ལ་ཁ་དད་ཅོག་ནས་བོད་རང་བཙན་ཤར་སྐྱོད་བྱེད་མཁན་གྱི་དཔའ་བོ་ངོ་མ་དེ་ཡིན། ཡང་ཅིག་བཤད་ཚེ། free tibet ལ་གོ་དོན་འདྲ་མིན་ཞིག་ལེན་བཞིན་ཡོད། ད་ལྟའི་བོད་གཞུང་ངམ་བོད་ཀྱི་སྒྲིག་འཛུགས་ཀྱིས་ཀྱང་དོར་ཐུབ་མེད་པའི་མིང་ཚིག་ཞིག་ཡིན། ང་ཚོར་གང་དུ་གོ་སྐབས་ཡོད་པ་དེ་རུ་བརྩོན་ལེན་བྱེད་དགོས་པ་ཀུན་གྱིས་ཤེས་གསལ་རེད། དེ་ལས་ཟློག་ཏེ་རང་གི་ལས་འགུལ་ལ་རང་གིས་ཁ་དད་བཅག་པ་ཡིན་ན་ཧ་ཅང་འགྱོད་པའི་གནས་སུ་འགྱུར།

    Reply
  32. ཅོ་རི་ཉི་མ། says:
    ལོ་ 12 སྔོན།

    དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ངོས་ནས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདིར་སྡང་ཟུག་བྱས་ནས་དུས་དབང་སྐབས་སུ་ཆབ་སྲིད་ཀྱི་རྣམ་པ་མི་མངོན་པས་ཆེད་དུ་ཁྲོམ་ར་ནས་གཞོན་ནུའི་ཚོགས་གཙོ་མཆོག་ཕྱིར་འབུད་བྱས་འདུག་པར་ཡག་པོ་མ་རེད། དུས་དབང་གནང་མཁན་༧གོང་ས་མཆོག་གིས་ཨ་རི་རྒྱལ་ས་ཝ་ཤན་ཁྲོམ་དུ་ཆོས་སྲིད་གཉིས་ཀའི་མཛད་པ་སྐྱོང་བཞིན་ཡོད་པ་ལས་ཆོས་ཕྱོགས་ཁོ་ནའི་ཕྱག་ལས་གནང་གི་མེད་པར་འཛམ་བུ་གླིང་གི་མིག་མདུན་དུ་ཡོད།

    གཞོན་ནུའི་ཚོང་ཟོག་ཐོག་ཏུ་བཙན་བྱོལ་བོད་གཞུང་ཞེས་བཀོད་ཡོད་པ་དེར་གཅིག་པོ་མ་གཏོགས་ཆབ་སྲིད་ཀྱི་ལས་འགུལ་མེད་པ་རེད་དམ། གོ་སྒྲིག་ཚོགས་ཆུང་དང་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས།

    བོད་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ནས་གནད་དོན་འདིར་ལས་སླ་པོ་བཞག་གི་མ་རེད། ཨ་རིའི་བདེ་སྲུང་མི་སྣ་སྐད་གཏོང་གི་ཡིན་ཞེས་ལབ་ཡོད་རེད། གཏོང་ཤོག་དང་ཐག་གཅོད་ག་རེ་ཡོང་མིན་བལྟ་ཆོག་གི་རེད། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་མིན་ཤེས་ཡོང་གི་རེད།

    ཨ་རིའི་གྲོས་ཚོགས་དང་ཕོ་བྲང་དཀར་པོའི་འགན་འཛིན་ཚོས་རྒྱལ་ཙོང་བ་ཁྱེད་ལྟ་བུ་ཞིག་གིས་རྒྱབ་སྐྱོར་བྱེད་ནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བཙོན་དུ་བཅུག་དང་མི་བཅུག་ཤེས་ཡོང་གི་རེད། སྙིང་རྗེ་་་་ཁྱེད་ལྟ་བུའི་རྒྱལ་ཚོང་བ་ཚོ།
    མ་འོང་བོད་མི་རིགས་ཀྱི་མིག་མདུན་དུ་འགྲོ་སར་མེད་པ་ཞིག་ཆགས་ངེས་ཡིན་ནོ།།

    Reply
  33. ཧེ་ར་བཀྲ་ཤིས། says:
    ལོ་ 12 སྔོན།

    ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་ཡར་ངོ་ལྟར་རྒྱས་བཞིན་པའི་སྐབས་འདིར་བོད་རིགས་ཚོས་མཐུན་འགྱུར་གང་མཆིས་སྒྲུབ་དགོས་པ་ལས་དགོས་མེད་ཀྱི་གཏམ་གླེང་རིགས་མ་སྤེལ་ན་ལེགས་ཚོགས་ཆེ་བས་གུས་བཀུར་འོས་པའི་བོད་ཀྱི་གཞོན་ལྷན་གྱི་བསམ་ཤེས་གནང་རོགས་གནང་།

    Reply
  34. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ལྷན་གྱིས་ལས་འགུལ་སྤེལ་ནའང་ཡིན་ཅིག་དུས་འཁོར་གྱི་མཛད་འཕྲིན་ལ་བར་ཆད་དགོས་དོན་མེད་པར་མཐོང་།

    Reply
  35. གྲགས་བསོད་ says:
    ལོ་ 12 སྔོན།

    འགྲིག་བྱ་གཞོན་ལྷན་གྱིས་ལས་འགུལ་གང་སྤེལ་ཡང་སྒོ་འགོག་མཁན་མང་པོ་ཡོད་པ་དེའི་ལས་འགུལ་རྒྱུ་ཁོག་ཡོད་པ་མཚན་གྱི་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist