མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མེ་འཁོར་གདོང་ཐུག་ཁྲོད་ཀྱི་ཤི་རྨས་ཚབས་ཆེན།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་རྒྱ་ནག་གི་མེ་འཁོར་གཉིས་གདོང་ཐུག་བརྒྱབ་སྟེ་དོན་རྐྱེན་ཆེན་པོ་ཞིག་བྱུང་ཡོད་ཀྱང་། མྱུར་སྐྱོབ་ཀྱི་ལས་དོན་དུས་ཐོག་ཏུ་བསྒྲུབ་ཐུབ་མེད་པ་མ་ཟད། མི་ཤི་རྨས་ཀྱི་གྲངས་འབོར་ཡང་གཅིག་གྱུར་ཐོག་ཕྱིར་བསྒྲགས་བྱས་མེད།  

ཕྱི་ཚེས་ ༢༣ ཉིན་གྱི་དགོང་མོའི་ཆུ་ཚོད་ ༢༠ དང་སྐར་ ༣༨ སྟེང་། པེ་ཅིན་ལྷོ་ཁུལ་ནས་ཧྥུ་ཀྲིག་ཏུ་བསྐྱོད་བཞིན་པའི་ D301 རྟགས་ཅན་གྱི་མེ་འཁོར་དང་།  ཧང་ཀྲིག་ནས་ཧྥུ་ཀྲིག་ཏུ་སྐྱོད་བཞིན་པའི་ D3115 རྟགས་ཅན་གྱི་མེ་འཁོར་གཉིས་ཀྲུག་ཅང་ཞིང་ཆེན་ཝུན་ཀྲིག་གྲོང་ཁྱེར་མངའ་ཁུལ་གྱི་ཨོ་ཅཱང་ཟམ་ཆེན་སྟེང་གདོང་ཐུག་བརྒྱབ་སྟེ། ཉུང་མཐར་ཡང་མི་ ༣༩  རྐྱེན་འདས་སུ་སོང་ཡོད་པ་དང་། གཞན་མི་ ༡༩༢ ལ་རྨས་སྐྱོན་ཕོག་འདུག སྐབས་དེར་ D301 རྟགས་ཅན་གྱི་མེ་འཁོར་ནང་མི་ ༥༥༨ དང་། D3115 རྟགས་ཅན་གྱི་མེ་འཁོར་ནང་མི་ ༡༠༧༢ ཡོད་ཅིང་། གདོང་ཐུག་བྱུང་མ་ཐག་མེ་འཁོར་ D301 རྟགས་ཅན་གྱི་འཁོར་སྒམ་ ༡ ནས་ ༤ བར་དང་།  D3115 རྟགས་ཅན་གྱི་འཁོར་སྒམ་ ༡༣ ནས་ ༡༦ བར་ལྕགས་ལམ་ལས་ཁ་ཤོར་ཏེ་ཟམ་འོག་ཏུ་ལྷུང་ཡོད་ཅིང་། འཁོར་སྒམ་དེ་དག་ནང་མི་ ༦༠༠ ལྷག་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་རྒྱ་ནག་ལྕགས་ལམ་བཟོ་སྐྲུན་སྡེ་ཁག་གི་མགྲིན་ཚབ་པ་ཝང་ཡུང་ཕེན་གྱིས་བརྗོད་པ་ལྟར་ན། དོན་རྐྱེན་ཁྲོད་མི་ ༣༥ ལས་རྐྱེན་འདས་སུ་སོང་མེད་ཚུལ་བརྗོད་ཡོད་ཀྱང་། གསར་ལམ་གཞན་མང་པོ་ཞིག་གིས་མི་ ༣༩ རྐྱེན་འདས་སུ་ཕྱིན་ཡོད་ཚུལ་བཀོད་འདུག་ལ། ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་མི་ ༤༠ རྐྱེན་འདས་སུ་སོང་ཡོད་པ་དང་། དེ་དག་ཁྲོད་བུད་མེད་ ༡༠ དང་ཕྱི་རྒྱལ་བ་ ༢ ། གཞན་མི་ ༡༩༢ ལ་རྨས་སྐྱོན་ཕོག་ཡོད་སྐོར་བཀོད་འདུག ཧྲང་ཧེ་ཏུང་ཧྥང་བརྙན་འཕྲིན་གསར་ཁང་གིས་ས་གནས་གནས་ཚུལ་གཏོང་སྐབས་མི་ ༦༣ རྐྱེན་འདས་སུ་གྱུར་ཡོད་ཚུལ་བསྒྲགས་འདུག གཞན། དང་བླངས་སྨན་ཞབས་ཞིག་གིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན།  ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོའི་བར་མི་ ༡༧༩ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཝུན་ཀྲིག་མི་དམངས་སྨན་ཁང་གསུམ་པའི་ཐོག་ཁང་བཅུ་དྲུག་པའི་ནང་ད་དུང་སྲོག་ཉེན་ཅན་གྱི་རྨས་མས་ཁེངས་ཡོད་སྐོར་བརྗོད་འདུག 

གནས་ཚུལ་དེ་བྱུང་མ་ཐག་རྒྱ་ནག་དབུས་གཞུང་གིས་ཐད་ཀར་བཀའ་རྒྱ་བཏང་སྟེ། དོན་རྐྱེན་བྱུང་ཡུལ་མཐའ་འཁོར་དམག་མིས་སྐོར་ཏེ་མི་མང་དང་གསར་འགོད་པ་ས་གནས་སུ་འགྲོ་སྐྱོད་བཀག་སྡོམ་བྱས་ཤིང་། ལྕགས་ལམ་ཟམ་པའི་སྟེང་འོག་གི་འཁོར་སྒམ་ཆག་རོ་རྣམས་གཙང་འཕྱག་བྱས་ཏེ།  ཕྱི་ཚེས་ ༢༦ ཉིན་དོན་རྐྱེན་བྱུང་ཡུལ་གྱི་ལྕགས་ལམ་སྟེང་བསྐྱར་ཏུ་མེ་འཁོར་ཤར་བསྐྱོད་ཐུབ་པ་བཟོས་ཡོད་འདུག དོན་རྐྱེན་དེའི་ཁྲོད་ནང་མི་ལྔ་རྐྱེན་འདས་སུ་གྱུར་ཟིན་པའི་ཊེ་ཅང་ས་ཁུལ་གྱི་ཡུལ་མི་ཡཱང་ཧྥུན་གྱིས་བརྗོད་པ་ལྟར་ན། གནས་ཚུལ་དེ་ཐོས་མ་ཐག་ཆུ་ཚོད་ ༤ ལམ་ཐག་ལ་རླངས་འཁོར་ཤར་གཏོང་བྱས་ཏེ་ཕྱི་ཉིན་ཞོགས་པར་དོན་རྐྱེན་བྱུང་ཡུལ་དུ་འབྱོར་སྐབས། དམག་མི་མང་པོས་མཐའ་བསྐོར་ཏེ་མི་མང་རྣམས་དོན་རྐྱེན་བྱུང་ཡུལ་དུ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་མ་ཟད། དོན་རྐྱེན་བྱུང་ཡུལ་གྱི་མེ་སྐྱོབ་རུ་ཁག་གིས་རྨས་མ་རྣམས་སྐྱོབ་རྒྱུ་བཞག་སྟེ་གཞུང་གི་བཀའ་མངགས་ལ་སྒུག་ཡོད་པ་དང་། ལྕགས་ལམ་ལས་བཟོ་སྡེ་ཁག་བསླེབས་མ་ཐག་མེ་སྐྱོབ་རུ་ཁག་རྣམས་དེ་མ་ཐག་ཕྱིར་འཐེན་བྱས་ཤིང་། དམག་མི་ཚོས་གོང་རིམ་བཀའ་མངགས་ལྟར་ལྕགས་ལམ་བསྐྱར་བཟོ་བྱ་རྒྱུ་གལ་ཆེན་དུ་འཛིན་བཞིན་པ་ལས། རྨས་མ་རྣམས་བསྐྱབ་རྒྱུར་སྣང་ཆུང་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག གསར་འགོད་པའི་དྲི་བའི་ལན་དུ་ཡཱང་ཧྥུན་གྱིས” རྒྱ་གཞུང་ལྕགས་ལམ་སྡེ་ཁག་གིས་མྱུར་སྐྱོབ་ལས་གཞི་མཇུག་བསྒྲིལ་ཟིན་པ་ཕྱིར་བསྒྲགས་བྱས་ཏེ། ཆུ་ཚོད་ ༢༠ རྗེས་ལ་ཆག་རལ་དུ་གྱུར་བའི་འཁོར་སྒམ་ནང་ནས་ངས་ཨ་མ་དང་ཚ་བོ་གཉིས་ཀྱི་བེམ་པོ་རྙེད་སོང་ལ། གཞན་གསོན་པོར་གནས་ཡོད་པའི་ལོ་ ༢ ཅན་གྱི་ཕྲུ་གུ་ཆུང་ཆུང་ཞིག་ཀྱང་རྙེད་སོང་། ད་དུང་འཁོར་སྒམ་གཞན་དག་ཏུ་རྐང་ལག་མེད་པའི་བེམ་པོ་མང་པོ་འདུག་ཀྱང་། ཁོ་ཚོས་མིའི་བེམ་པོ་དེ་དག་ལ་བདག་པོ་མ་བརྒྱབ་པར། འཁོར་སྒམ་རྣམས་ཟམ་ཐོག་ནས་མར་གཡུགས་ཏེ་གད་སྙིགས་ཁྲོད་བསྡུ་རུབ་བྱས་སོང་། ” ཞེས་བརྗོད་འདུག

ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གིས་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་མི་རེར་རྒྱ་སྒོར་ཁྲི་ ༥༠ གུན་གསབ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དང་།  ཕྱི་ཚེས་ ༢༦ ཉིན་རྐྱེན་འདས་སུ་གྱུར་བའི་མི་ ༡༧ གྱི་མིང་ཐོ་ཕྱིར་བསྒྲགས་དང་། ཚེས་ ༢༧ ཉིན་མི་ ༧ གྱི་མིང་ཐོ་བཅས་ཕྱིར་བསྒྲགས་བྱས་པའི་ནང་ཁྱོན་བསྡོམས་བུད་མེད་ ༡༤ ཡོད་པ་དང་། དེའི་ནང་མིང་ལ་ཨ་སིན་ཋ (Liguori Assunta) ཟེར་བའི་ཨི་ཊ་ལི་ཡི་བུད་མེད་གཅིག་ཡོད་འདུག  དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བ་ཚོའི་ནང་མི་རྣམས་ས་གནས་སྲིད་གཞུང་དུ་སོང་སྟེ། རྒྱ་ནག་དབུས་ལྕགས་ལམ་སྡེ་ཁག་གིས་དོན་རྐྱེན་འདིའི་གནས་ཚུལ་ཡོངས་རྫོགས་གསལ་བོ་བཟོ་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་འདུག

འབྲེལ་ཡོད་ཉམས་ཞིབ་པ་དག་གིས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། D3115 རྟགས་ཅན་གྱི་མེ་འཁོར་དེ་ཆུ་ཚོད་ ༨ ། ༡༤ སྟེང་ཡོན་ཅཱ་འབབ་ཚིགས་ནས་བསྐྱོད་མགོ་བརྩམས་ཡོད་པ་དང་། ལམ་བར་དུ་དབུས་སྤྱི་ཁྱབ་སྟངས་འཛིན་སྡེ་ཁག་གིས་གློག་དམར་ཉེན་བརྡ་འབྱོར་བ་ལྟར་མྱུར་ཚད་སྤྱི་ལེ་ ༢༠ བར་ཇེ་དལ་དུ་བཏང་ཡོད་འདུག  ཆུ་ཚོད་༨།༢༤ སྟེང་ D301 རྟགས་ཅན་གྱི མེ་འཁོར་དེ་གཞི་ནས་ཡོན་ཅཱ་འབབ་ཚིགས་ནས་ཆས་མགོ་བརྩམས་ཏེ། མྱུར་ཚད་སྤྱི་ལེ་ ༡༠༠ ཐོག་ཆུ་ཚོད་སྐར་མ་ ༡༤  བསྐྱོད་མཐར་སྔོན་དུ་བསྐྱོད་བཞིན་པའི་ D3115 རྟགས་ཅན་གྱི་མེ་འཁོར་གྱི་རྗེས་ཆོད་དེ་གདོང་ཐུག་བརྒྱབ་ཡོད་འདུག  གནད་དོན་དབྱེ་ཞིབ་པ་དག་གིས་ཐེངས་འདིའི་མེ་འཁོར་དོན་རྐྱེན་ནི་གློ་བུར་ཐོལ་བྱུང་བ་ཞིག་མ་ཡིན་པར། དབུས་སྤྱི་ཁྱབ་སྟངས་འཛིན་སྡེ་ཁག་གི་ནོར་འཁྲུལ་ཡིན་པ་བརྗོད་འདུག 

ཚེས་ ༢༤ ཉིན་རྒྱ་གཞུང་གི་སྲིད་བློན་གཞོན་པ་ཀྲང་ཏིག་ཅཱང་གིས་དོན་རྐྱེན་འདིའི་ཐད་རྒྱ་ནག་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་ཀར་ཚན་ཆུང་བཙུགས་ཏེ་ཞིབ་བཤེར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཧྲང་ཧེ་ལྕགས་ལམ་སྡེ་ཁག་གི་དམར་ཤོག་དྲུང་ཆེ་ལིས་ཅཱ་དང་མགོ་གཙོ་ལུང་ཅིན།  གློག་དང་ལས་བཟོ་དོ་དམ་སྡེ་ཁག་གི་མགོ་གཙོ་གཞོན་པ་ཧི་ཧྲིན་ལི་བཅས་གནས་དབྱུང་བཏང་ཡོད་འདུག ཕྱི་ཚེས་ ༢༧ ཉིན་ཧྲང་ཧེ་ལྕགས་ལམ་སྡེ་ཁག་གི་མགོ་ཁྲིད་ཅིག་གིས་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་གཞུང་གིས་གནད་དོན་དངོས་ལ་ཞིབ་བཤེར་མ་བྱས་པར།  དྲང་བདེན་མ་ཡིན་པའི་ཐོག་ནས་ཐད་ཀར་ཧྲང་ཧེ་ལྕགས་ལམ་སྡེ་ཁག་གི་མགོ་བ་རྣམས་ཀྱི་གོ་གནས་བླངས་ཡོད་པ་དང་། ལྕགས་ལམ་སྡེ་ཁག་གི་གསལ་བཤད་དེ་དག་ལྕགས་ལམ་སྡེ་ཁག་རང་གི་གསལ་བཤད་མ་ཡིན་པར་རྒྱ་ནག་དབུས་གཞུང་གི་བཀོལ་བྱུས་ཁོ་ན་ཡིན་སྐོར་བརྗོད་ཡོད་འདུག  ཆབ་སྲིད་དཔྱད་བརྗོད་པ་རེ་འགས་ཐེངས་འདིའི་མེ་འཁོར་དོན་རྐྱེན་གྱི་རྒྱབ་ལྗོངས་སུ་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་བར་གྱི་སྲིད་དབང་འཐབ་རྩོད་ཀྱི་གནད་དོན་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་འདུག   

ལོ་སྔོན་མའི་ཟླ་ ༨ ཚེས་ ༡༢ ཉིན་རྒྱ་གཞུང་ལྕགས་ལམ་སྡེ་ཁག་གིས་ད་ལྟ་རྒྱ་ནག་ནི། འཛམ་གླིང་ཐོག་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་གཞི་རྒྱ་ཆེ་བ་དང་ལམ་ཐག་རིང་བ། ལག་རྩལ་འཐུས་ཚང་གི་རྒྱལ་ཁབ་ཅིག་ཡིན་ཚུལ་འུད་བརྗོད་བྱས་ཡོད།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 5

  1. ཇ་མ་ says:
    ལོ་ 15 སྔོན།

    དོན་རྐྱེན་རྗེས་སུ་བྱུང་བའི་ཧངསང་དགོས་པའི་གནས་ཚུལ་ནི་རྒྱ་ནག་ལྕགས་ལམ་ལས་ཁུང་ནང་ཤི་ཐོ་རྒྱག་རྒྱུ་དེ་རེད། ཤི་གྲངས་སུམ་བརྒྱ་དྲུག་བཅུ་ལྷག་ཡོད་པ་ལས་ད་སྔ་ཤི་ཐོ་བརྒྱད་ཅུ་གྱ་གཉིས་ལས་རྒྱབ་མེད་པ་དང་། ད་རྗེས་ནས་མི་ཤི་བོ་ཤི་ཐོ་ནང་བཅུག་དགོས་ན་རྒྱ་སྒོར་ཁྲི་བརྒྱ་ཐམ་པ་སྤྲོད་ན་མི་སུ་ཤི་ན་ཤོ་ཐོ་ནང་བཀོད་ཆོག་ཅེས་རྒྱ་ནག་ལྕགས་ལམ་ལས་ཁུང་ནས་བརྗོད་ཡོད།

    Reply
  2. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

    ཨཽ་་་་་་་གང་ལྟ་ཀྱང་ཏན་ཏན་འགྲིག་མི་འདུག
    ད་དེ་ཚོ་ལ་མ་ནི་འདྲ་འདོན་ན་ཕར་ཆས་ཕེན་འདོག་ཁ་པོ་རེད་

    Reply
  3. ཤར་མདའ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་ཕྱོགས་ཚང་གི་དོན་དམ་ཁོང་ཚོས་བསམ་བཞིན་དེ་འདྲ་རེད་བྱེད་ཀྱི་ཡོད་ལས་ཆེ་མ་ཟད་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་ན་འང་མི་ཆོག་པ་མེད་པ་རེད།  ཁོང་ཚོས་བསམ་དོན་འགྲུབ་ཡོད་ལས་ཆེ།   ཚེ་འདས་རྣམས་སྙིང་རྗེ།

    Reply
  4. དྲག་རླུངས། says:
    ལོ་ 15 སྔོན།

    མེ་འཁོར་ནང་ནས་འདས་གྲོངས་སོང་བ་དང་ནད་པ་རྣམས་ཀྱི་ཆེད་དུ་དྲ་གྲོགས་ཡོངས་བསྔོ་བ་སྨོན་ལམ་ཞབས་བསྟན་གསུང་རོགས་ཞུ།

    Reply
  5. གཤོང་ཀ་ says:
    ལོ་ 15 སྔོན།

    མེ་འཁོར་ལྩགས་ལམ་སྟངས་འཛིན་གྱི་ནོར་བ་དང་ཡང་ན་སྲིད་དབང་འཐབ་རྩོད་ཡིན་རུང་་གང་ལྟར་རྒྱ་དཀར་ནག་གཉིས་ཀྱི་མེ་འཁོར་ལ་ཕེབས་དུས་མ་ནི་མང་ཙམ་འདོན་ན་ལེགས།་
    དེ་བས་དོན་རྐྱེན་ནང་ལྷུང་བའི་མི་རྣམས་ཀྱི་ཆེད་མ་ནི་ གུན་གསབ་སྤྲོད་རྒྱུ་རེད་ཅེས་གསལ་འདུག་ན་ང་ཚོས་ཡང་མ་ནི་རེ་འདོན་ན་ མི་ལེགས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese