མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་དུ་དྲག་པོའི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པ་དང་ཉི་མ་ལ་ཤིན་ཅང་གུ་ཧྲི་གྲོང་ཁྱེར་ནང་བསྟུད་མར་དྲག་པོའི་ངོ་རྒོལ་ཐེངས་གཉིས་བྱུང་སྟེ། མི་ ༡༢ རྐྱེན་འདས་དང་མི་ ༣༢ ལ་རྨས་སྐྱོན་བྱུང་འདུག

ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ ཙམ་ལ་ཤིན་ཅང་གུ་ཧྲི་གྲོང་ཁྱེར་ནང་རྒྱ་གཞུང་ལ་དྲག་པོའི་ངོ་རྒོལ་གྱི་དོན་རྐྱེན་བྱུང་སྟེ། མི་ ༧ རྐྱེན་འདས་དང་མི་ ༢༨ ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། ཚེས་ ༣༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པའི་ཐོག་ཡང་བསྐྱར་ངོ་རྒོལ་འགས་གཏོར་གྱི་དོན་རྐྱེན་བྱུང་སྟེ་མི་ ༤ རྐྱེན་འདས་དང་མི་ ༡༢ ལ་རྨས་སྐྱོན་ཕོག་ཡོད་འདུག  རྒྱ་གཞུང་དྲ་ལམ་ཁག་ཏུ་དྲག་པོའི་ངོ་རྒོལ་བ་མི་ ༡༤ ཡོད་པ་ལས་རྒྱ་གཞུང་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་ངོ་རྒོལ་བ་ ༥ དམར་གསོད་དང་། མི་ ༥ འཇུ་བཟུང་བྱས་ཡོད་སྐོར་བརྗོད་འདུག་པ་མ་ཟད།  ཟླ་ ༨ ཚེས་ ༡ ཉིན་རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་སྤེལ་ཏེ། ཐེངས་འདིར་གཏོར་རྒོལ་དོན་རྐྱེན་བཟོ་མཁན་གྲས་ལོ་ ༢༩ ཅན་གྱི་ཐིས་ལིས་ཝ་ཨེར་ཏིས་དང་། ལོ་ ༣༤ ཡིན་པའི་ཐའོ་སུང་ཨེ་ཧྲན་གཉིས་འཇུ་བཟུང་རྩིས་སྤྲོད་བྱེད་མཁན་ལ་རྒྱ་སྒོར་ཁྲི་ ༡༠ ཡི་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་འདུག


ཕྱི་ཚེས་ ༣༡ ཉིན་གྱི་ཕྱི་དྲོ་ནས་བཟུང་རྒྱ་གཞུང་གིས་ཤིན་ཅང་གུ་ཧྲི་གྲོང་ཁྱེར་ནང་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ། ཚོང་ར་དང་མགྲོན་ཁང་། ཟ་ཁང་སོགས་མི་ཚོགས་འདུས་སྡོད་ས་ཁུལ་ཁག་ཏུ་ཡུ་གུར་མི་རིགས་ཡིན་པ་ཚང་མར་དྲི་གཅོད་དང་བཀག་ཉར་བྱེད་མགོ་བརྩམས་ཡོད་པར་མ་ཟད། གྲོང་ཁྱེར་གྱི་ལམ་མདོ་ཁག་དང་གནམ་ཐང་སོགས་ལའང་བཀག་སྡོམ་ནན་མོ་བྱས་ཏེ་ཡུ་གུར་བ་མི་གཅིག་ཀྱང་གྲོང་ཁྱེར་གྱི་ཕྱི་ལོགས་སུ་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་འདུག   

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཐིས་ཀྱིས།  རྒྱ་གཞུང་གིས་ཡུ་གུར་མི་རིགས་ལ་ཞི་བའི་ལམ་ནས་ངོ་རྒོལ་བྱེད་པའི་གོ་སྐབས་སྤྲོད་དགོས་པ་དང་།  རྒྱ་དམར་གཞུང་གིས་ཐད་ཀར་ཡུ་གུར་མི་མང་དང་གྲོས་མོལ་གྱི་ལམ་ནས་གནད་དོན་སེལ་ཐབས་བྱ་དགོས་པ། དེ་བཞིན། ཤིན་ཅང་ནང་འཆར་གཞི་ལྡན་པའི་སྲིད་ཇུས་ཀྱི་ལམ་ནས་རྒྱ་རིགས་མང་པོ་གནས་སྤོར་གྱིས་ཡུ་གུར་མི་རིགས་ཀྱི་རིག་གནས་འཚོ་བར་ཉེན་ཁ་བཟོ་བཞིན་པ་དང་། སྒྲིག་གཞི་རང་བཞིན་གྱི་སྒོ་ནས་ཡུ་གུར་བ་རྣམས་ལ་དྲག་གནོན་བྱེད་རྒྱུ་མཚམས་འཇོགས་དགོས་པའི་འབོད་སྐུལ་གནང་ཡོད་པར་མ་ཟད། ཁོས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ “ཤིན་ཅང་ནང་བསྟུད་མར་དོན་རྐྱེན་བྱུང་པའི་རྒྱུ་རྐྱེན་གཙོ་བོ་ནི།  རྒྱ་གཞུང་གིས་སྒྲིག་གཞི་རང་བཞིན་ཅན་གྱི་དྲག་གནོན་སྲིད་ཇུས་སྤེལ་ཏེ། ཡུ་གུར་མི་མང་ལ་དུས་ནམ་ཡང་ཞི་བའི་ལམ་ནས་ངོ་རྒོལ་དང་རང་གི་བསམ་འདུན་སྟོན་པའི་གོ་སྐབས་མེད་སྟབས། རེ་ཆད་ཐབས་རྡུགས་ཀྱི་གནས་སྟངས་འོག་དྲག་པོའི་ངོ་རྒོལ་མི་བྱེད་མཐུ་མེད་དུ་གྱུར་བ་ཞིག་རེད། དེང་སྐབས་རྒྱ་གཞུང་གིས་དོན་རྐྱེན་དེ་དག་དྲག་སྤྱོད་པའི་ལས་འགུལ་གྱི་ངོ་བོར་སྒྱུར་ཐབས་བྱས་ཏེ། ཡུ་གུར་མི་རིགས་ལ་འཁོན་འཛིན་གྱི་འདུ་ཤེས་བཟུང་སྟེ། འགྲོ་བ་མིའི་སྤྱི་ཚོགས་ཁྲོད་སྤྱོད་མི་འོས་པའི་མི་རིགས་དམར་གསོད་ཀྱི་ཡ་ང་བའི་དྲག་སྤྱོད་སྣ་ཚོགས་སྤེལ་བཞིན་པ་འདིས། རྒྱ་དམར་གཞུང་ནི་དྲག་སྤྱོད་དབང་སྒྱུར་བའི་རྒྱལ་ཁབ་ཅིག་ཡིན་པའི་མཚོན་བྱེད་གསལ་ཤོས་དེ་རེད” ཅེས་བརྗོད་ཡོད་པ་རེད།

གཞན་ཡང་། ཧོང་ཀོང་སློབ་ཆེན་གྱི་ཆབ་སྲིད་སྡེ་ཁག་གི་དགེ་རྒན་ཆེན་མོ་ཁྲིན་ཡུས་ཀྱིས་ཀྱང་། རྒྱ་གཞུང་གིས་དྲག་གནོན་གྱི་བྱེད་ཐབས་དེར་འགྱུར་བ་མ་བཏང་བ་ཡིན་ན། ཤིན་ཅང་གི་གནད་དོན་སྔར་བས་ཛ་དྲག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་དང་། པེ་ཅིན་སྲིད་གཞུང་གིས་མུ་མཐུད་ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་དང་སྐད་ཡིག་སློབ་གསོར་བཀག་སྡོམ་བྱས་ཚེ།  དུས་ནམ་ཡང་གཞི་རྩའི་གནད་དོན་མཐའ་དག་སེལ་ཐབས་བྲལ་བར་མ་ཟད། དེང་སྐབས་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལམ་ལུགས་འོག་ཉིན་རེ་བཞིན་དབུལ་ཕྱུག་ཀྱི་ཧེ་བག་ཆེ་རུ་འགྲོ་བཞིན་པ་དང་། དཔལ་འབྱོར་ཁེ་ཕན་འཐབ་རྩོད་ཁྲོད་ཡུ་གུར་མི་རིགས་ཀྱི་སེམས་ལ་ཕོག་ཐུག་ཆེན་པོ་བཟོ་བཞིན་པ་འདིས། མི་རིགས་ཡར་ལངས་ཀྱི་འདུ་ཤེས་སྔར་བས་དྲག་ཏུ་འགྱུར་སྲིད་པ་བརྗོད་འདུག   

ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ཤིན་ཅང་ཧི་ཐེན་གྲོང་ཁྱེར་ནང་ཡུ་གུར་མི་མང་གི་ཞི་བའི་ངོ་རྒོལ་ཁྲོམ་སྐོར་སྐབས། རྒྱ་དམག་གིས་དྲག་གནོན་བྱས་ཏེ་མི་ ༢༠ དམར་གསོད་དང་།  ༡༠༠ ལྷག་འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་སྟེ་བདུན་ཕྲག་གཅིག་གི་རྗེས་སུ།  ཤིན་ཅང་ཧི་ཐེན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ ༥༠༠ ས་མཚམས་ན་ཡོད་པའི་ཤིན་ཅང་གུ་ཧྲི་གྲོང་ཁྱེར་ནང་དོན་རྐྱེན་འདི་བྱུང་ཡོད་པ་རེད། ཆབ་སྲིད་དཔྱད་བརྗོད་པ་དག་གིས་ཉེ་བའི་ཟླ་ཕྱེད་རིང་ཤིན་ཅང་ནང་བསྟུད་མར་བྱུང་བའི་དྲག་པོའི་ངོ་རྒོལ་དེ་དག་གིས། ཤིན་ཅང་ཡུར་གུར་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ལྟེ་གནས་ཝུ་རའོ་མུའུ་ཆི་གྲོང་ཁྱེར་ནང་། ཟླ་རྗེས་མའི་ཚེས་ ༡ ནས་ ༥ བར་ཚོགས་འཆར་ཡོད་པའི་རྒྱ་ནག་གི་ཐེངས་དང་པོའི་ཨེ་ཤ་ཡའི་དངོས་ཚོང་འགྲེམས་སྟོན་བྱ་འགུལ་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་བརྗོད་འདུག

ཕྱི་ལོ་ ༢༠༠༩ ལོར་ཤིན་ཅང་གུ་ཧྲི་གྲོང་ཁྱེར་ནང་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་ ༡༦ རྐྱེན་འདས་དང་མི་ ༡༦ ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེ་བཞིན་ཝུ་རའོ་མུའུ་ཆི་གྲོང་ཁྱེར་དུ་ ༧་༥ ཡར་ལངས་ངོ་རྒོལ་བྱུང་སྐབས་ཡུ་གུར་བ་ ༢༠༠ ལྷག་དམར་གསོད་བཏང་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༢༠ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 8

  1. དཔའ་རྒོད། says:
    ལོ་ 15 སྔོན།

    ཤིན་ཅིང་རྒྱལ་ཁབ་གྱི་མི་རིགས་རྣམས་ཀྱིས་ཚེ་སྲོག་ཤོར་བ་དང་ཆབ་གཅིག་ཏུ་བཙོན་པ་རྣམས་མྱུར་དུ་གློད་གྲོལ་ཡོངས་བའི་སྨོན་འདུན་ཞུ་བཞིན་ཡོད། ཚེ་འདས་རྣམས་ལ་མཎི་འུར་འདོན་གསུངས་བར་ཞུ། ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ

    Reply
  2. ཇ་མ་ says:
    ལོ་ 15 སྔོན།

    ད་རེའི་གྲོང་ཁྱེར་ཁ་ཧྲིའི་ནང་གཏོར་རྒོད་གཏོང་མཁན་ངོ་མ་ནི་ཨུ་གར་མི་རིགས་མིན་པར་རྒྱ་མི་གུང་ཁྲན་མངགས་གཏོང་བྱས་པའི་རྒྱ་མིའི་དྲག་ཆས་ཉེན་རྟོག་པ་འགའ་རེད་ཅེས་ས་ཁུལ་དེའི་ཡུལ་མི་ཚོས་བརྗོད་བཞིན་འདུག

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཁ་ཆེའི་དྲག་སྤྱོད་པ་དེ་ཚོས་དུས་རྒྱུན་རྒྱལ་ཁབ་གཞན་གྱི་སྐད་ཆ་འགའ་རེ་སྙད་དེ་ཁོ་ཚོ་ཁ་ཆེའི་མི་རིགས་ལ་ཞེན་ཁོག་ཡོད་མདོག་མདོག་གི་རྒྱལ་ཁབ་གཞན་ལ་དྲག་སྤྱོད་བསྟུད་མར་སྤེལ་གྱིན་ཡོད།
    ཡིན་ནའང་ད་རེས་དགྱ་དམར་གྱིས་ཁ་ཆེ་བར་ཚིག་སྨད་ཙམ་དུ་མ་ཟད་ཁ་ཆེ་བ་མང་པོ་འཆི་མའི་ལམ་དུ་བཏང་ཡང་ཁོང་ཚོས་ལག་མི་འགུལ་མི་བའི་རྒྱུ་མཚན་ཅི་ཡིན་ནམ།
    གུས་པས་བལྟས་ན་དགྱ་དམར་གུང་ཁྲན་དང་ཁ་ཆེ་དྲག་སྤྱོད་པ་ཚོ་ཏན་ཏན་འབྲེལ་བ་ཞིག་མེད་དམ་སྙམ།

    Reply
  4. མི་རབས་གསར་པ་ says:
    ལོ་ 15 སྔོན།

    རང་ཉིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བཏང་བའི་ཤིན་ཅང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྟོབས་སྔགས་འབྲེལ། ཁོང་རྣམས་བདེ་ཆེན་ཀྱི་ཞིང་ཁམས་དུ་སྐྱེ་བར་ཤོག།
    ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ

    Reply
  5. ཅང་མེད། says:
    ལོ་ 15 སྔོན།

    ཤིན་ཀྱང་པོ་ཚེ་འདས་རྣམས་ལ་བསྔོ་སྨོན་དང་ཆབ་སྲིད་བཙོན་རྣམས་མྱུར་དུ་གློད་གྲོལ་ཡོངས་བས་སྨོན་འདུན་གྲངས་མེད་ཞུ།་་་་་གསོན་པོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།
    ཤི་བོ་རྣམས་ལ་བསྔོ་སྨོན་དང་མཎི་འུར་འདོན་བྱེད་་་་་་་་་་ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ་་་་་་་ཤིན་ཀྱང་རྒྱལ་ཁབ་རྒྱལ་གྱུར་ཅིག

    Reply
  6. རྨ་ཀློང་གངས་ཕྲུག། says:
    ལོ་ 15 སྔོན།

    རྐྱེས་འདས་སོང་བ་དང་རྨས་སྐྱོན་བྱུང་བ་རྣམས་ཚེ་འདས་རྣམས་བར་དོའི་འཇིག་སྲེག་ལས་གྲོལ་དེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་རིན་པོ་ཆེ་ཐོབ་པ་དང་། ནད་སལ་གྲོལ་ཏེ། བསམས་དོན་ཆོས་བཞིན་དུ་འགྲུབ་པར་སྨོན།
    འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཐིས་ཀྱིས་རླབ་ཆེན་གསུངས་བཤད་དེ་ལ་ཡིན་རིང་ཡོད། གཞན་ཡང་། ཧོང་ཀོང་སློབ་ཆེན་གྱི་ཆབ་སྲིད་སྡེ་ཁག་གི་དགེ་རྒན་ཆེན་མོ་ཁྲིན་ཡུས་ཀྱིས་ཀྱང་། རྒྱ་གཞུང་གིས་དྲག་གནོན་གྱི་བྱེད་ཐབས་དེར་འགྱུར་བ་མ་བཏང་བ་ཡིན་ན། ཤིན་ཅང་གི་གནད་དོན་སྔར་བས་ཛ་དྲག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་དང་། པེ་ཅིན་སྲིད་གཞུང་གིས་མུ་མཐུད་ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་དང་སྐད་ཡིག་སློབ་གསོར་བཀག་སྡོམ་བྱས་ཚེ། དུས་ནམ་ཡང་གཞི་རྩའི་གནད་དོན་མཐའ་དག་སེལ་ཐབས་བྲལ་བར་མ་ཟད། དེང་སྐབས་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལམ་ལུགས་འོག་ཉིན་རེ་བཞིན་དབུལ་ཕྱུག་ཀྱི་ཧེ་བག་ཆེ་རུ་འགྲོ་བཞིན་པ་དང་། དཔལ་འབྱོར་ཁེ་ཕན་འཐབ་རྩོད་ཁྲོད་ཡུ་གུར་མི་རིགས་ཀྱི་སེམས་ལ་ཕོག་ཐུག་ཆེན་པོ་བཟོ་བཞིན་པ་འདིས། མི་རིགས་ཡར་ལངས་ཀྱི་འདུ་ཤེས་སྔར་བས་དྲག་ཏུ་འགྱུར་སྲིད་པ་བརྗོད་འདུག་པ་དེ་ཐུགས་ཆེ་ཞུ་བ་ཡིན།
    བོད་དང་ཡུ་གུར་མི་རིགས་གཉིས་ཀྱི་ཁ་ཕྱོགས་ཆིག་སྒྲུལ་བྱ་རྒྱུ་གལ་ཆེན་པོ་རེད།

    Reply
  7. ཤར་མདའ། says:
    ལོ་ 15 སྔོན།

    མི་རིགས་ཤིག་གི་བདེ་སྡུག་ཟེར་པ་འདི་འདྲ་ཞིག་ཡིན་པ་རེད།  ད་དུང་མུ་མཐུད་དུ་བཟོད་སྒོམ་བྱེད་བཞིན་དྲང་བདེན་དང་བཟོད་སྲན་ངང་རང་མི་རིགས་ཀྱི་ལ་ཞེན་དེ་ངེས་པར་རྩོད་དགོས་པ་གལ་ཆེན་ཡིན་པར་མ་ཟད་རྐྱེན་འདས་སུ་སོང་པ་རྣམས་ལ་མྱ་ངན་དང་ཡར་ལངས་ངོ་རྒོར་བྱེད་མཁན་རྣམས་ལ་ཡི་རིང་བཅས་རྒྱ་ནག་དམར་གཞུང་གིས་གྲགས་ཉུང་མི་རིགས་ཚོ་ལ་བཟོད་པར་དཀའ་བའི་དྲག་གནོན་བྱེད་བཞིན་པ་འདི་འཛམ་གླིང་མི་མང་དང་དྲང་བདེན་ལ་དགའ་བའི་མི་མང་རྣགས་པ་འདི་འདི་ལྟ་བུའི་དྲན་གནོན་ངང་ཡོད་པའི་མི་རིགས་བོད་དང་ཤིན་ཅང་སོགས་མྱུར་དུ་སྐྱོབས་རོགས་གནང་བོད་རྒྱ་ལོ་ཤིན་ཅང་མི་མང་རྒྱ་ལོ།

    Reply
  8. འཇམ་བཟང་། says:
    ལོ་ 15 སྔོན།

    རང་ཉིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བཏང་བའི་ཤིན་ཅང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྟོབས་སྔགས་འབྲེལ། ཁོང་རྣམས་བདེ་ཆེན་ཀྱི་ཞིང་ཁམས་དུ་སྐྱེ་བར་ཤོག།
    ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese