མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་གི་རྐུབ་སྟེཊ་འཛིན་མཁན་ཚོར་ཁྲིམས་ཀྱི་གོ་རྟོཊ་མི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་འདི་གའི་གསར་འགོད་པས་ཀང་ར་ཁྲིམས་ཁང་གི་ཁྲིམས་རྩོད་པ་ཨ་ཤཱི་རམ་ལགས་དང་ཐུག་འཕྲད་བྱས་ཏེ། རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚོར་ཁྲིམས་ཐོག་ནས་ཐོབ་ཐང་གང་ཡོད་དང་། ཉེས་དོན་ཉེས་བསགས་རིགས་ལ་རྒྱ་གར་དང་བོད་པའི་བར་ཁྱད་པར་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་ཡོད།  

ཨ་ཤཱི་རམ་ལགས་ཀྱིས་ཐོག་མར་ཁྲིམས་རྩ་བའི་དབྱེ་བ་དང་བཅས་ངོ་སྤྲོད་གནང་མགོ་བརྩམས་བྱུང་། ཁྲིམས་ལ་དབྱེ་ན་དམངས་ཁྲིམས་(civil law)དང་། ཉེས་ཁྲིམས་(criminal law)ཞེས་གཉིས་ཡོད་པ་དང་། དམངས་ཁྲིམས་དེ་གཙོ་བོ་རྒྱལ་ཁོངས་མི་སེར་གྱི་ཐོབ་ཐང་སྲུང་སྐྱོབ་སྐོར་དང་། ཉེས་ཁྲིམས་ལ་མི་རིགས་དང་ཕོ་མོ། གྲལ་རིམ། རྒན་གཞོན་སོགས་ཀྱི་ཁྱད་པར་མེད་པར་གཅིག་མཚུངས་སུ་ཁྱབ་ཀྱི་ཡོད་འདུག ཁོང་གིས། “རྒྱ་གར་གྱི་རྩ་ཁྲིམས་ཡིག་ཆ་ཨང་ ༡༤ པའི་ནང་དུ་ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་(Equality before law)ཞེས་བཀོད་པའི་ཐོབ་ཐང་ནི་རྒྱ་གར་བ་དང་བོད་མི་སུ་ཡིན་རུང་གཅིག་མཚུངས་སུ་ཡོད་པ་རེད”ཅེས་བརྗོད་བྱུང་།

ཁོས་ཁྲིམས་མཐུན་ལག་འཁྱེར་སྐོར་ངོ་སྤྲོད་གནང་བ་ལྟར་ན། སྤྱིར་རྒྱ་གར་གཞུང་ངོས་ནས་བོད་མི་ཚོར་སྐྱབས་བཅོལ་བར་ངོས་ལན་མེད་པར། རྒྱ་གར་ནང་གནས་སྡོད་ཕྱི་རྒྱལ་བ་ཙམ་དང་གཅིག་མཚུངས་ཡིན་ཡང་དམིགས་བསལ་ཞིག་ཡོད་པ་ནི། བོད་མི་ཚོ་རྒྱ་གར་ནང་ཡོང་རྒྱུར་ཕྱི་སྐྱོད་ལག་འཁྱེར་དང་ཐོངས་མཆན་སོགས་ཞུ་མི་དགོས་པར། བལ་ཡུལ་རྒྱ་གར་གཞུང་ཚབ་ནས་ལག་དེབ་དཀར་པོ་(Special entry permit)ཞེས་པ་ཞིག་སྤྲོད་བཞིན་ཡོད་པ་དང་། དེ་སྔོན་ལག་དེབ་དེ་བརྒྱུད་ RC དང་ IC བཟོ་ཐུབ་ཀྱི་ཡོད་ཀྱང་། ད་ཆར་སྐྱབས་བཅོལ་ལག་དེབ་(RC)ཐད་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པའི་ཐད་ཁོས་བརྗོད་དོན། “བོད་མི་ཚོར་སྤྲོད་བཞིན་པའི་སྐྱབས་བཅོལ་ལག་དེབ་ (RC) ཐད་ཀྱི་ཁྲིམས་བརྟན་པོ་མེད་པར་གཞུང་འཛིན་སོ་སོར་བཟོ་བཅོས་བྱ་རྒྱུའི་དབང་ཆ་ཡོད་སྟབས། སྐབས་ཐོག་སོ་སོའི་གཞུང་གི་སྲིད་ཇུས་དང་བོད་མིའི་བྱ་སྤྱོད་ལ་བསྟུན་ནས་འགྱུར་བ་འགྲོ་བཞིན་ཡོད་པ་རེད ” ཟེར།  



གཞན་ཤེས་ཡོན་དང་འཚོ་ཐབས། སྨྲ་བརྗོད་རང་དབང་། འགྲོ་སྐྱོད་སོགས་གཞི་རིམ་གྱི་ཐོབ་ཐང་ཁག་རྒྱ་གར་བ་དང་བོད་མི་གཅིག་མཚུངས་ཡིན་ཞིང་། གལ་སྲིད་བོད་པའི་སློབ་ཕྲུག་ཅིག་རྒྱ་གར་གྱི་མཐོ་སློབ་གང་རུང་ཞིག་ཏུ་འཛུལ་རྒྱུར་བོད་རིགས་ཡིན་པའི་རྒྱུ་མཚན་གྱིས་སློབ་ཞུགས་གོ་སྐབས་མ་སྤྲད་ཚེ་ཁྲིམས་གཏུག་བྱ་ཆོག་ལ། དེ་བཞིན་ཚོང་ལས་རིགས་ལའང་རྒྱ་གར་བ་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད། རྒྱ་གར་བ་དང་བོད་མི་སུ་ཞིག་ཡིན་རུང་ཉེས་དོན་ཞིག་གི་ཐོག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཚེ་ཆུ་ཚོད་ ༢༤ ནང་ཚུན་ཁྲིམས་ཁང་དུ་བསྐྱལ་དགོས་ལ། ཆུ་ཚོད་ ༢༤ ལས་བརྒལ་ཏེ་ཉེན་རྟོག་པས་བཀག་འགོག་དང་ཉེས་རྡུང་སོགས་བཏང་བ་ཡིན་ན། ཁྲིམས་གཏུག་གི་ཐོབ་ཐང་ཡོད། གཞན་རྒྱ་གར་བ་ཞིག་གིས་བོད་རིགས་བུ་མོ་ཞིག་ལ་བཙན་གཡེམ་བྱེད་པ་དང་། བོད་མིར་ཉེས་རྡུང་བཏང་པའི་རིགས་ལའང་ཁྲིམས་ཐོག་ནས་གཅིག་མཚུངས་ཀྱི་སྲུང་སྐྱོབ་ཡོད་པ་མ་ཟད།  དཔལ་འབྱོར་གྱི་དཀའ་ངལ་ཡོད་རིགས་ཚོས་གླ་མེད་ཁྲིམས་རྩོད་པ་དང་སྐད་སྒྱུར་པ་དགོས་པའི་སྙན་ཞུ་འབུལ་རྒྱུའི་ཐོབ་ཐང་ཡང་འདྲ་མཚུངས་སུ་ཡོད།  

ཁྲིམས་རྩོད་པ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། “ངྷ་སའི་ཉེ་འཁོར་དུ་བོད་པས་རྒྱ་གར་གྱི་ཁང་པ་གླས་ནས་སྡོད་མཁན་ཧ་ཅང་མང་པོ་རེད། མཚམས་རེར་རྒྱ་གར་ཁང་བདག་དང་ཁང་པ་གླ་མཁན་གཉིས་བར་རྩོད་རྙོག་ཡོང་གི་ཡོད། དོན་རྐྱེན་འདི་རིགས་སྔོན་འགོག་ཆེད། ཁང་པ་གླ་མཁན་ཚོས་ཐོག་མར་ཁང་བདག་དང་མཉམ་དུ་གན་རྒྱའི་ཡི་གེ་(Rent Agreement)བཟོ་དགོས་ཤིང་། ཡི་གེ་དེའི་ནང་ཟླ་རེར་ཁང་གླ་ག་ཚོད་ཡིན་མིན་དང་། ཆུ་གློག་གི་རིན་འབབ་ཟུར་དུ་སྤྲོད་དགོས་མིན། དགོས་ཚེ་གྲངས་ཚད། ཁང་གླ་སྤར་མིན་དང་གལ་སྲིད་སྤར་གྱི་ཡོད་ན་ལོ་རེར་ག་ཚོད་སྤར་རྒྱུ། གཞན་ཁང་པའི་ནང་གཉེན་ཉེ་གྲོགས་པོ་སོགས་ཡོང་ཆོག་མིན་བཅས་ཁ་གསལ་བཀོད་དེ་མིང་རྟགས་འགོད་དགོས། རབ་བྱུང་ན་ཆོད་ཡིག་དེ་ཁྲིམས་རྩོད་པ་ཞིག་གི་ས་ནས་འཇོག་བཟོ་དགོས། ཆོད་ཡིག་ཡོད་བཞིན་དུ་ཁང་བདག་གིས་དོན་མེད་རྙོག་དྲ་བཟོ་བ་དང་། ཁང་པ་ནས་ཕྱིར་འཕུད་གཏོང་རིགས་བྱུང་ཚེ་ཁྲིམས་གཏུག་བྱ་དགོས་ཤིང་། དེ་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་ཆ་ཚང་ཡོད” ཅེས་བརྗོད་བྱུང་།  



ཨ་ཤཱི་རམ་ལགས་ཀྱིས་སྐྱེས་ཚེ་ཡིག་ཆ་(Birth certificate)ཞེས་པ་བཟོ་སྟངས་སྐོར་ངོ་སྤྲོད་གནང་བ་ལྟར་ན། ཕྲུ་གུ་སྐྱེས་ཏེ་ཉིན་ ༢༡ ནང་ཚུད་ཡིན་ན་སྐྱེས་ཚེ་ལག་འཁྱེར་ཧིན་སྒོར་ ༡༠ ལས་སྤྲོད་མི་དགོས་པར་ལེན་ཆོག་ཅིང་། སྐྱེས་ཚེ་ལག་འཁྱེར་ལེན་པར་ཕྲུ་གུ་དེ་ངེས་པར་དུ་སྨན་ཁང་ཆེན་པོ་ཞིག་ནས་སྐྱེས་དགོས་པའི་ངེས་པ་མེད་པར། སོ་སོའི་ནང་ནས་སྐྱེས་ཀྱང་སྐྱེས་ཚེ་ལག་འཁྱེར་རག་པ་དང་། ཉིན་ ༢༡ ལས་བརྒལ་ན་གཞུང་གི་སྨན་ཁང་ཞིག་རྒྱབ་གཉེར་དགོས་པ་དང་། ལོ་གཅིག་ལས་བརྒལ་ན་ཁྲིམས་ཁང་བརྒྱུད་སྐྱེས་ཚེ་ལག་འཁྱེར་བཟོ་དགོས། འདིའི་ཐད་ཁོ་རང་གིས་བརྗོད་དོན། “མི་ཆེ་ཆུང་སུ་འདྲ་ཞིག་ཡིན་རིང་སྐྱེས་ཚེ་ལག་འཁྱེར་བཟོ་ཆོག་ལ། མཐའ་ན་ལོ་ ༥༠ བརྒལ་བའི་རྒན་འཁོགས་ཤིག་ཡིན་རུང་སྐྱེས་ཚེ་ལག་འཁྱེར་ལེན་ཆོག་གི་རེད། འོན་ཀྱང་སྐྱེས་ས་བོད་ནང་ཡིན་ན་ཁྲིམས་མཐུན་ཐོག་སྐྱེས་ཚེ་ལག་འཁྱེར་སྤྲོད་པའི་ལམ་སྲོལ་མེད” ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཉིན་འདི་འགར་མེག་གྷན་སྲང་ལམ་གཡས་གཡོན་གྱི་བོད་མི་ཚོའི་ཁྲོམ་ས་ཕྱིར་བསྡུ་བྱེད་ཀྱི་ཡོད་པའི་ཐད་སྐད་ཆ་དྲིས་སྐབས་ཁོང་གིས། “ཕྱོགས་གཅིག་ནས་སྲང་ལམ་གཡས་གཡོན་དུ་ཁྲོམ་སྟོན་པ་ནི་ཁྲིམས་འགལ་ཆགས་ཡོད་ཀྱང་། ཚོང་པ་འདི་དག་ལ་ལམ་ཁ་གཞན་རྩ་པ་ནས་མེད་སོང་པའང་མ་རེད། དངོས་ནས་བྱས་ན་གནས་ཚུལ་འདིའི་ཐད་བོད་གཞུང་གིས་ཁྲིམས་ཐོག་ནས་ཞུ་གཏུག་ཅིག་ངེས་པར་དུ་བྱ་དགོས་རེད། འཚོ་གནས་ཀྱི་ཐོབ་ཐང་ཚང་མར་ཡོད་པ་དང་། ལས་ཀ་མ་བྱས་ན་ཟ་མ་གང་ནས་རག་དགོས་རེད། ཉེ་ཆར་ལྡི་ལི་ནང་སྲང་ལམ་གཡས་གཡོན་གྱི་ཁྲོམ་ས་ཕྱིར་བསྡུ་བྱས་པའི་གནས་ཚུལ་བྱུང་པ་རེད། དེ་ལ་ཁྲིམས་གཏུག་བྱས་ཏེ་ཚོང་པ་ཚོར་བསྐྱར་དུ་ལམ་ཁ་རག་པ་རེད། འོན་ཀྱང་བོད་མི་ཚོས་རྒྱ་གར་གཞུང་ལ་བཤད་རྒྱུར་འཚེར་སྣང་འདྲ་ཞིག་བྱས་ཏེ་དཀའ་ངལ་དངོས་གནས་དེ་ལབ་ཐུབ་ཀྱི་མི་འདུག དྲང་པོར་བཤད་ན་བོད་གཞུང་གི་རྐུབ་སྟེགས་སྟེང་སྡོད་མཁན་ཚོས་རྒྱ་གར་གྱི་ཁྲིམས་ལུགས་འགྲོ་སྟངས་ཧ་གོ་ཡི་མི་འདུག་ལ། ཧ་མི་གོ་བའི་སྟེང་ལ་དེ་ཤེས་རྟོགས་ཡོང་རྒྱུར་ཐབས་ཤེས་ཀྱང་བྱེད་ཀྱི་མི་འདུག” ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 5

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རྒྱ་གར་བའི་ཁྲིམས་རྩོད་པའི་སྐད་ཆ་ལ་བདེན་པ་འདུག ཁོ་བོས་ཀྱང་དེ་ལྟར་དྲན་བྱུང་། དཔེར་ན། ཉེ་ཆར་དྷ་སའི་ཁུལ་དུ་སྲང་ལམ་གཡས་གཡོན་གྱི་བོད་མིའི་ཁྲོམ་ས་ཕྱིར་བསྡུའི་སྐོར་ལ་རྒྱ་གར་གྱི་ལས་ཁུངས་ལ་སྐད་ཆ་ཞིག་བཤད་ཡོད་པ་རེད། ཡིན་ན་ཡང་། སྐད་ཅ་བཤད་མཁན་གྱི་ཁྲོད་དུ་གྲ་པའི་སྤྱི་མཐུས་གཉིས་ཙམ་ཡང་ཡོད་པ་ནི་དུས་བབས་ཀྱི་གསར་འགྱུར་པར་ནང་བཏོན་འདུག ཁོ་བོ་ལ་ལམ་སེང་རྣམ་རྟོག་ལ་འཆར་བ་ནི་གྲ་བ་འདི་གཉིས་ཀྱི་རྒྱ་གར་གྱི་ཁྲིམས་འགྲོ་སྟངས་ཤེས་ཀྱིན་ཨེ་ཡོད་ན། རྒྱ་གར་གྱི་ཁྲིམས་ཁང་དེ་ཨོར་སྡོམ་ཚད་ས་དང་ཁུ་ཚུར་འགྲེང་ས་བོད་གཞུང་གི་གྲོས་ཚོགས་ལྟ་བུ་མ་ཡིན། ཁྲིམས་དང་ལུགས་ཞིག་གི་ཐོག་ནས་འགྲོ་དགོས་པ་ཡིན།

    མཆན་འདེབས་པ་འགའ་ཞིག་གིས་བཀོད་པ་བཞིན། རྒྱ་གརལས་ཁུངས་ཁག་ལ་ཁྲིམས་དང་མི་མཐུན་པའི་ཞན་ཆ་དེ་འདྲ་ཡོད་ངེས་རེད། ཡིན་ན་ཡང་། རྒྱ་ནག་གི་ཁྲིམས་ཁང་དང་རྒྱ་གར་གྱི་ཁྲིམས་གཉིས་བསྡུར་ན་གནམ་ས་འགྱུར་ཡོདཔ་དེ་ཡང་ཤེས་དགོས་པ་ཡིན།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཁས་བཤད་པ་སྙན་པོ་ཞིག་བཤད་རྒྱུ་ཡོད་ན་ཡང་དོན་ངོ་མ་བོད་མི་སྐྱབས་བཅོལ་བའི་གནས་སྟང་ལ་ག་ཚོད་ཙམ་མཐོང་ཆེན་བྱེད་ཀྱི་ཡོད་མིན་ནི་ཕྱི་གསལ་ནང་གསལ་རེད། ཡིན་ན་ཡང་བཙན་བྱོལ་བའི་གནས་ཚང་གཡར་བ་འདི་ཡང་བཀའ་དྲིན་ཆེན་པོ་ཞིག་ལོས་ཡིན། རིལ་བུ་ཕར་སྤྲད། སྡོམ་བུ་ཚུར་ལེན། ལྟ་བུ་ཞིག་ཏུ་སྣང་གི་ཡོད།

    Reply
  3. ལྕགས་སྤྲེལ། says:
    ལོ་ 15 སྔོན།

    གསར་འགོད་པའི་མི་སྣ་འདི་འདྲའི་རིགས་ལ་དྲི་བ་གཏོང་བ་དངོས་གནས་ཐུགས་རྗེ་ཆེ་ཕན་ཐོག་ཆེན་པོ་འདུག། ཁོང་གི་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད་རང་གཞུང་གི་རྐུབ་སྟེགས་སྟེང་སྡོད་མཁན་ཚོས་རྒྱ་གར་གྱི་ཁྲིམས་ལུགས་འགྲོ་སྟངས་ཧ་གོ་ཡིན་མི་འདུག་གསུངས། ད་དུང་ཁོང་ཚོའི་ཤེས་རྟོགས་ཆེད་ཐབས་ཤེས་ཀྱང་བྱེད་ཀྱི་མི་འདུག་གསུངས་དེ་ནི་དངོས་གནས་ཁོང་ཚོའི་གོམ་གཤེས་ཞིག་ཡིན་པ་འདྲ། འདི་འདྲས་རིགས་གཞུང་གི་ལས་བྱེད་ནང་ན་མང་པོ་འདུག་མ་ཤེས་ཀྱང་ཤེས་མདོག་བྱས་ནས་སྡོད་འདུག་གི་རེད་ཡ་་་་་་་་་་

    Reply
  4. འཇམ་དབྱངས། says:
    ལོ་ 15 སྔོན།

    རྒྱ་གར་གྱི་ཡུལ་མི་དང་གཞུང་ཞབས་ལས་བྱེད་ཀྱི་ནང་དུ་ཡང་ཡ་རབས་ཀྱི་གཤིས་ཀ་ཡོད་མཁན་ཉུང་ཉུང་རེད། དཔེར་ན། ཁ་སང་ང་ལ་ལྷོ་ཕྱོགས་ནས་འོད་སྡེར་ཞིག་འབྱོར་བ་དང་། འོད་སྡེར་དེ་ ༢༠༠༧ ལོར་༧གོང་ས་མཆོག་གིས་སེར་སྨད་གྲྭ་ཚང་དུ་གནང་བའི་བཀའ་སློབ་ཅིག་ཡིན། འོད་སྡེར་དེ་ངའི་ལག་ཏུ་འབྱོར་སྐབས་དུམ་བུ་གསུམ་དུ་བཅགས་འདུག དེ་འཕྲལ་སྦྲགས་ཁང་ནང་ཕྱིན་ནས་གསལ་བྱེད་བྱས་ཀྱང་གཅིག་ཉེས་གཅིག་གཡོགས་ལས་གྲུབ་འབྲས་ཅི་ཡང་མ་ཐོན། གནས་ཚུལ་འདིའི་རིགས་ཁྲིམས་ཐོག་ནས་ཐག་གཅོད་བྱེད་སྟངས་ཅི་འདྲ་ཡིན་ནམ།

    Reply
  5. འཇམ་དབྱངས། says:
    ལོ་ 15 སྔོན།

    ཁྲིམས་རྩོད་པའི་སྐད་ཆ་དེར་གནད་འགག་མི་ཉུང་བ་ཞིག་འདུག བོད་གཞུང་གི་མཐོ་རིམ་ལས་བྱེད་མང་པོའི་གཤིས་ཀར་དེ་སྔའི་བོད་སྡེ་པ་གཞུང་གི་གྲལ་རིམ་དབང་སྒྱུར་དང་། བཀས་བཀོད་རྒྱུད་འཛིན་གྱི་གཤིས་ཀ་དེ་ལྡོག་མེད་དུ་བསྡད་འདུག་པར་མ་ཟད། ངོ་སོ་དང་རྒྱབ་རྩ་ལ་བརྟེན་ནས་ལས་ཀ་བྱེད་པ་ལས། དྲང་བདེན་དང་རྒྱུ་མཚན། ཁྲིམས་ལུགས་གཞིར་བཟུང་ལས་ཀ་བྱེད་མཁན་ཧ་ཅང་དཀོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese