མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བལ་ཡུལ་བློན་ཆེན ༡༣ བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་བལ་ཡུལ་སྲིད་བློན་གསར་པས་གཞུང་གི་ལྷན་ཁང་ཁག་ལ་བློན་ཆེན་ ༡༣ བསྐོ་བཞག་དང་། བློན་ཆེན་ཚོས་ཉིན་དེར་དམ་འབུལ་གྱིས་སོ་སོའི་ལས་སྣེར་ཞུགས་ཡོད་འདུག

མའོ་ཚོགས་པའི་ཚོགས་གཞོན་དང་བློ་འདོན་ཟུར་པ་སྐུ་ཞབས་བྷ་ཊ་རའེ་(Bhattarai) མཆོག་བལ་ཡུལ་སྲིད་བློན་དུ་འདེམས་ཐོན་བྱུང་ནས་བདུན་ཕྲག་གཅིག་གི་རྗེས་ཏེ། ཁ་སང་ཕྱི་ཚེས་ ༤ ཉིན་ཁོང་གིས་ལྷན་ཁང་ཁག་གི་བློན་ཆེན་རྣམས་བསྐོ་བཞག་བྱས་ཡོད་ཅིང་། བློན་ཆེན་ ༧ མའོ་ཚོགས་པའི་མི་ཡིན་པ་དང་། བློན་ཆེན་གཞན་བརྒྱད་བྷ་ཊ་རའེ་སྲིད་བློན་དུ་འོས་འདེམས་བྱས་སྐབས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཤོག་གཏོགས་ཆབ་སྲིད་ཚོགས་པ་ཁག་ནས་ཡིན་འདུག

བལ་ཡུལ་རྒྱལ་བོའི་ལམ་ལུགས་མགོ་རྟིང་སློག་རྗེས་ཀྱི་འདས་པའི་ལོ་གསུམ་ཙམ་རིང་བལ་ཡུལ་རྒྱལ་ཁབ་ནི་དམངས་གཙོའི་ལམ་ལུགས་ཐོག་བསྐྱོད་མགོ་བརྩམས་ཡོད་ཀྱང་། ཆབ་སྲིད་ཚོགས་པ་ཕན་ཚུན་བར་དང་དེ་བཞིན་ཚོགས་པ་སོ་སོའི་ནང་ཁུལ་ཆིག་སྒྲིལ་མ་བྱུང་སྟབས། གཞུང་བརྟན་པོ་ཆགས་ཐུབ་མེད་པ་མ་ཟད། ད་སྔ་གཞུང་གི་རྩ་ཁྲིམས་གཏན་འབེབས་ཀྱང་བྱས་མ་ཐུབ་པར་ལྷག་ཡོད་ལ། སྲིད་བློན་གཙོས་པའི་གཞུང་གི་དཔོན་རིགས་ཀྱང་དུས་ཡུན་མ་ཚང་པར་ཐེངས་མང་པོར་འཕོ་འགྱུར་འགྲོ་དགོས་བྱུང་ཡོད་པ་རེད།

ཆབ་སྲིད་དཔྱད་བརྗོད་པ་ཚོས། སྲིད་བློན་གསར་པས་བློན་ཆེན་རྣམས་སོ་སོའི་ཚོགས་པའི་ཤོག་གཏོགས་རྐྱང་བསྐོ་བཞག་བྱས་ཡོད་པ་དེ་དྲང་བདེན་དང་དམངས་གཙོའི་ལམ་སྲོལ་དང་མཐུན་མིན་གང་ལྟར་ཡང་། བལ་ཡུལ་གཞུང་གི་རྩ་ཁྲིམས་གཏན་འབེབས་བྱ་རྒྱུར་སྔོན་ཆད་དང་མ་འདྲ་པའི་ནུས་པ་འདོན་ཐུབ་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

འདས་པའི་ལོ་ངོ་བཅུ་ཕྲག་རིང་བལ་ཡུལ་ནང་སྲིད་དབང་བརྟན་པོ་མེད་པར། མའོ་ཚོགས་པ་དང་གཞུང་འཛིན་ཚོགས་པའི་བར་ཟིང་འཁྲུག་ཟིང་འཁྲུག་བསྟུད་མར་བྱུང་སྟེ། ལོ་བཅུ་ལྷག་གི་རིང་མི་ ༡༦༠༠༠ ཙམ་ཟིང་འཁྲུག་ཁྲོད་དམར་གསོད་ཐེབས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

མཆན། 1

  1. sangkye says:
    ལོ་ 11 སྔོན།

    ད་ཡང་བ་ཡུལ་རྒྱལ་ཁབ་གི་ཡང་རྒྱ་ནག་ལ་ཞབས་ཞུ་བ་ཁྱི་ལྟ་བུ་སྲིད་བློན་གསར་བ་བཅུ་གསུམ་འདེམས་སོང་། ཨ་མ་ཨ་མ། ངའི་ལས་དབང་། ཡང་བ་ཡུལ་རྒྱལ་ཁབ་ལ་ཡོད་པའི་བོད་པ་ཚོས་དམྱལ་བའི་ལས་བསགས་རན་སོང། བླ་མ་དཀོན་མཆོག་མཁྱེན་„„„། ད་ག་འདྲ་རེ་བྱེད་དཀོན་མཆོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist