མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་གཙང་སྤྱི་འཐུས་གཉིས་ཀྱི་ལས་འཁུར་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། དབུས་གཙང་སྤྱི་འཐུས་འོས་བསྡུ་འཕར་མའི་སྟེང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་སྤྱི་འཐུས་གསར་པ་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་རྣམ་གཉིས་ཀྱིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་དུ་སྐབས་ ༡༥ པའི་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུམ་ཞུས་སོང་།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྟར་ན། སྤྱི་འཐུས་ལས་འཁུར་དམ་འབུལ་གྱི་ཚིག་འབྲུའི་ནང་། “ བདག་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི། མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན” ཞེས་བཀོད་འདུག

སྤྱི་འཐུས་དམ་འབུལ་གྱི་མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་པའི་རྒྱུན་ལས་རྣམས་ཀྱིས་ཁོང་གཉིས་ལ་རྟེན་འབྲེལ་གྱི་མཇལ་དར་སྒྲོན་འབུལ་དང་འབྲས་སིལ་འདེགས་འབུལ་ཞུས་སོང་།

 

མཇུག་ཏུ་གསར་འགོད་པས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ། ༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་འགན་དབང་མཚམས་འཇོག་གནང་རྗེས་བོད་མི་མང་སྤྱི་འཐུས་ལ་ལས་འགན་ལྕི་རུ་སོང་ཡོད་སྟབས། སྐུ་ཉིད་ཀྱིས་སྤྱི་འཐུས་ཤིག་ལ་འཁྲི་བའི་ལས་འགན་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་དམ་ཞེས་དྲིས་པར། “ དུས་རྒྱུན་སྤྱི་ཚོགས་ནང་འགན་འཁུར་མཁན་ཞིག་ཡིན་ན། དམིགས་བསལ་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། དེ་འདྲ་མིན་པར་ད་བར་༧གོང་ས་མཆོག་སྐུ་རྐྱང་ལ་བསྙེས་ཏེ་སྡོད་མཁན་ཞིག་ཡིན་ན། ད་ལྟ་དེ་ལྟར་སྡོད་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། གྲོས་ཚོགས་ནི་གནས་ཚུལ་ཡག་སྡུག་ཚང་མ་བཤད་ས་ཞིག་ཆགས་ཡོད་སྟབས། སོ་སོའི་བསམ་ཚུལ་དེ་གཞན་གྱིས་བཀོད་བྱུས་འོག་མི་འགྲོ་བར་སྤྱི་ལ་ཕན་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད ”   

ཡང་གསར་འགོད་ཁོང་ལ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲངས་འབོར་ཕྱེད་ཀ་སྤྱི་འཐུས་གསར་པ་ཆགས་ཡོད་པ་དེར་གཟིགས་ཚུལ་ཅི་ཡོད་དྲིས་སྐབས། “ དེ་ལ་ཁྱད་པར་ཆེན་པོ་འགྲོ་ཡི་མ་རེད། སྒྲིག་འཛུགས་དེ་ཧ་ཅང་གལ་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་དང་། ལས་ཀ་གང་ཡིན་རུང་ཚང་མ་སྒྲིག་གཞི་ལྟར་བསྒྲུབ་དགོས་ཀྱི་ཡོད་དུས་ཁྱད་པར་དེ་ཙམ་ཡོད་པ་མ་རེད། གཙོ་ཆེ་ཤོས་སྤྱི་འཐུས་ཚང་མས་དྲང་པོ་དང་ལྷག་བསམ་རྣམ་དག ཁ་ཁོག་གཉིས་མེད་བྱ་དགོས་པ་ལས། ངས་འདི་བཤད་ན་བཀའ་བློན་ལ་ཕོག་གི་རེད། དེ་བཤད་ན་སྤྱི་འཐུས་ལ་ཕོག་གི་རེད་བསམ་ན། ང་ཚོའི་སྤྱི་བའི་ལས་ཀར་འཐུས་ཤོར་འགྲོ་བ་རེད ”  ཅེས་བརྗོད་སོང་།

 

སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་སུ། ཁྱེད་རང་འཛིན་སྐྱོང་གི་ཕྱག་ལས་ལོ་མང་རིང་གནང་མཁན་ཞིག་གི་ངོས་ནས། བོད་མི་མང་སྤྱི་འཐུས་ནང་ངེས་པར་གནང་དགོས་པའི་ལས་དོན་དེ་གང་ལ་ངོས་འཛིན་གནང་གི་ཡོད་དམ་ཞེས་དྲིས་པར། “ སྤྱི་འཐུས་ལྷན་ཚོགས་ནང་ལས་ཀ་ག་རེ་ཡིན་ནའང་སྤྱི་མོས་དང་མང་མོས་ཐོག་འགྲོ་དགོས་པ་རེད། ང་ལ་མཚོན་ལ་གཞིས་ཆགས་ཁག་ལ་ཉམས་མྱོང་གང་འཚམ་ཡོད་སྟབས། གཞིས་ཆགས་ཁག་གི་གནས་སྟངས་ཡར་རྒྱས་ཐོག་ནུས་པ་འདོན་ཐུབ་ཀྱི་རེད་བསམ་གྱི་ཡོད། དེ་བཞིན་གཞུང་གི་སྔོན་རྩིས་སྟངས་འཛིན་བྱེད་ཕྱོགས་ཐོག་ལའང་ཕན་ཐོགས་ཐུབ་ཀྱི་བསམ་གྱི་འདུག ”  ཅེས་དང་།  

ཡང་ཁོང་ལ། སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་བསླེབས་སྟངས་ཐད་གཟིགས་ཚུལ་ག་རེ་ཡོད་མེད་དྲིས་སྐབས། “ ད་ལོའི་སྤྱི་འཐུས་བདམས་སྟངས་དེ་ཡག་པོ་མཐོང་སོང་། སྤྱི་འཐུས་གསར་པ་རྐྱང་བདམས་པ་ཡིན་ན། ཁོང་ཚོར་ཉམས་མྱོང་གི་འདང་གི་མ་རེད་ལ། རྒན་པ་རྐྱང་ཡིན་ནའང་གསར་གཏོད་དང་ཡར་རྒྱས་ཐོག་མ་འདང་བའི་ཆ་ཡོང་སྲིད་ཀྱི་རེད། སྤྱི་འཐུས་གསར་རྙིང་གཉིས་ཀྱིས་གཅིག་རྗེས་གཅིག་གིས་མཐུད་ན་ཡག་པོ་ཡོང་གི་རེད། ༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་མར་རྩིས་སྤྲོད་གནང་བ་དེས། ཁྲིམས་བཟོ་མཁན་སྤྱི་འཐུས་ལ་དམིོགས་བསལ་གྱི་འགན་ཞིག་ཆགས་ཡོད་ལ། འགན་ཆེན་པོ་ཞིག་ཡོད་པ་ངོ་ཤེས་པའི་ཐོག་ནས། སྤྱི་འཐུས་ཚོས་ཁ་ཙམ་མིན་པར་དོན་དམ་ཐོག་ཆིག་སྒྲིལ་གནང་རྒྱུ་ཧ་ཅང་གལ་ཆེན་ཆགས། བརྗོད་ཡོད།

 

སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ། སང་ཉིན་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་གངས་སྐྱིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་དབུ་འཛུགས་གནང་རྒྱུ་ཡིན་པ་དང་། ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམས་ཀྱང་བསྐོ་བཞག་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༢༠ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 9

  1. བདེན་གཏམ། says:
    ལོ་ 15 སྔོན།

    ཐོག་མར་སྤྱི་འཐུས་གཉིས་ལ་མཚམས་འདྲིའི་བཀྲིས་བདེ་ལེགས་དང་ཁྱེད་གཉིས་འདེམས་ཐོན་བཞིན་འགན་ཁུར་ལེགས་པོ་གནང་བའི་རེ་བ་ཞུ། དེས་ནས་དྲ་གྲོགས་ཆོས་བཟང་ལགས་ལ་ཞུས་རྒྱུ་ཞིག་ལ་ད་རེན་དབུས་གཙང་མི་མང་གིས་སླར་ཡང་ཞབས་འདྲེན་ཞུས་འདུག་ད་བར་གསར་སྦྱོར་གཅིག་ཀྱང་སྤྱི་འཐུས་ནང་མ་སླེབས་པ་དེ་ཧ་ལམ་གོ་སྟངས་བྱེད་ན་དབུས་གཙང་གི་ཞབས་འདྲེན་རེད་འདྲ་པོ་གསུངས་འདུག་དེ་ནི་བདེན་པ་རྩ་བ་ཉིད་ནས་མིན་གང་ལགས་ཟེར་ན་གསར་སྦྱོར་སྤྱི་འཐུས་ནང་མ་སླེབས་པ་འདི་དབུས་གཙང་གི་ཞབས་འདྲེན་ཞིག་མ་རེད་བསམ་འགྱི་འདུག་འདི་ནི་གསར་སྦྱོར་རང་ཉིད་ལ་འགན་ཡོད་པ་ལས་དབུས་གཙང་དང་འབྲེལ་བ་གང་ནས་ཀྱང་མི་མཐོང་། ཇི་སྐད་དུ། ཨ་མའི་བུ་ལ་ཡོན་གཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་བཅས་ཟེར་རོ།

    Reply
  2. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    མདོ་སྡོད་སྨད་ཀྱིས་སྐད་ཆ་མ་བཤད་རོགས ཟླ་བ་ཕུན་སྐྱིད་མགོ་བདེ་དྲན་འཕྲུལ་ཞིག་རེད་་་་བཤད་ཀྱི་ཅང་མི་འདུག་ཡིན་ན་ཡང་ད་དེ་རིགས་མ་གསུངས་རོགས།

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཆོས་བཟང་གི་སྐད་ཆ་ནི་ཁུངས་ལུང་མེད་པ་རང་རེད། མ་གཞི་ནས་སྒེར་གྱི་ཁོན་འཛིན་དེ་སྤྱི་པའི་སྟེང་དུ་གཡུག་རྒྱུ་མིན་འདུག གལ་སྲིད་དེ་གཡུག་ན་སྤྱི་པའི་ལས་དོན་འཐུས་ཤོར་འགྲོ་རྒྱུ་ཉག་གཅིག་རེད། ཟླ་བ་ཕུན་སྐྱིད་ཁོང་ཡུན་རིང་བོད་གཞུང་གི་སྨན་རྩིས་ཁང་ལ་ཞབས་ཕྱི་ཞུས་པ་ཡིན་ཙང་། སྨན་ཁང་ནི་བོད་མི་མང་དང་རྒྱུན་དུ་འབྲེལ་བ་ཡོད་པའི་ཆ་ནས་གཞན་བློ་ཁ་མ་ཁེངས་པ་ཏན་ཏན་ཡོང་སྲིད་ཀྱི་རེད། འོན་ཀྱང་སྤྱི་ཡོངས་ཀྱི་བྱ་གཞག་ལ་སྡོམ་རྒྱག་ནས་ཞུ་དགོས་པ་ལས་ང་ལ་དེ་འདྲ་བྱེད་སོང་ཁོང་ལ་དེ་འདྲ་བྱུང་འདུག་ཟེར་བ་སོགས་ནི་རྒྱུ་མཚན་ཡང་དག་གི་གཏམ་མ་རེད་སྙམ། བྱས་ཙང་ཁོང་ལྟ་བུ་མུ་མཐུད་ནས་སྤྱི་ཚོགས་ནང་ལས་ཀ་བྱེད་པ་དེ་ཡག་པོ་རེད། དེང་སང་སློབ་སྦྱོང་ཡོད་པ་ཡོངས་རྫོགས་ཕྱི་རྒྱལ་ལ་ཤོར་ནས་འཛུབ་མོ་བཙུགས་ས་མེད་པར་གྱུར་གིན་འདུག་ག

    གསར་དུ་འདེམས་ཐོན་བྱུང་བའི་སྤྱི་མཐུས་གཉིས་ལ་མཚམས་འདྲི་ཞུ།

    Reply
  4. ཡུལ་གྱར་གྱི་མཚེར་ས says:
    ལོ་ 15 སྔོན།

    ཆོས་བཟང་ཟེར་བའི་མི་འདིས་བཤད་སྟངས་ལ་གཞིགས་ན་རང་ངོར་གཡག་རྒྱུག་པ་མི་མཐོང་ཞིང་གཞན་ངོར་ཤིག་རྒྱུག་པ་མཐོང་བའི་མི་ཞིག་རེད། སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ཕྱོགས་སུ་མ་ལྷུང་བའི་གཏམ་སྨྲ་མཁན་རེ་ཟུང་བྱུང་བ་ནས་ཟླ་བ་ཕུན་སྐྱིད་ཁོང་གཅིག་མ་ཡིན་ནམ། ཁྱོད་ལྟ་བུར་དགོས་པ་དེ་མཇུ་ཆེན་དཀོན་མཆོག་དང་ཟླ་བ་ཚེ་རིང་ལྟ་བུ་ཡིན་པ་འདྲ། སྐད་ཆ་གང་བཤད་སྤྱི་ཚོགས་ལ་བརྡབ་གསིག་མི་འགྲོ་བར་བཤད་ན་ཡག་པོ་རེད།་བཀྲིས་བདེ་ལེགས

    Reply
  5. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་དམ་འབུལ་གནང་ཟིན་པ་རེད་དམ། གསར་འགོད་པ་ལགས།

    Reply
  6. ཆོས་བཟང་། says:
    ལོ་ 15 སྔོན།

    བཞེས་ཤིག་བཞེས་ཤིག་ད་ནི་ཁྱེད་རྣམས་བཞེས། །
    མ་རྒྱག་མ་རྒྱག་ནང་འཁྲུགས་མ་རྒྱག་ཨང་། །
    མ་ཞུ་མ་ཞུ་ཞབས་འདྲེན་མ་ཞུས་ཤིག །
    ལྟོས་ཤིག་ལྟོས་ཤིག་དམངས་ཀྱི་བདེ་རྩལ་ལྟོས། །
    སོམས་ཤིག་སོམས་ཤིག་བོད་མིའི་རྩ་དོན་སོམས། །

    Reply
  7. ཆོས་བཟང་། says:
    ལོ་ 15 སྔོན།

    སྤྱི་འཐུས་གསར་བ་འཇིགས་མེད་འབྱུང་གནས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ལ་རེ་བ་ཆེན་པོ་ཡོད།
    གཞན་ད་ཡང་མ་བྱུང། དབུས་གཙང་མི་མང་གིས་སླར་ཡང་ཞབས་འདྲེན་ཞུས་འདུག ད་བར་གསར་འབྱོར་གཅིག་ཀྱང་སྤྱི་འཐུས་ནང་མ་སླེབས་པ་དེ་ཞབས་འདྲེན་རེད། དེ་བཞིན་བདེ་ལེགས་སྨན་ཁང་གི་དབུ་འཛིན་ཟླ་བ་ཕུན་སྐྱིད་ཟེར་བའི་མགོ་གཉིས་མ་དེ་སླར་ཡང་སླེབས་བྱུང་བས་མ་བྱུང་རེད། སྤྱི་འཐུས་སྐབས་༡༤བའི་ནང་མདོ་སྟོད་སྤྱི་འཐུས་སྨྲ་ཁམས་བསོད་ནམས་སྟོབས་རྒྱལ་གྱི་ལམ་གྲོན་ཆེད་རྙོགས་དྲ་བྱུང་སྐབས་ཟླ་བ་ཕུན་སྐྱིད་ཀྱིས་མདོ་སྟོད་སྤྱི་འཐུས་ཚོར་ཁྱེད་ཚོ་ཕྱི་ལ་ཐོན་པར་ཐུགས་ཁག་རྒྱུད་ནས་མི་འདུག ཁྱེད་ཅག་གི་རྗེས་ལ་ང་ཡང་ཐོན་གྲབས་བྱས་ཀྱང་། སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་ཤོག་ལ་གནོད་མི་ཡོང་བསམ་བློ་འཁོར་ནས་ཡོང་ཐུབ་མ་སོང་། ཞེས་བཤད།
    དེ་བཞིན་དབུས་གཙང་དང་། མདོ་སྨད་སྤྱི་འཐུས་ཚོར་མདོ་སྟོད་སྤྱི་འཐུས་དེ་ཚོ་ལྐུག་པ་ལྐུག་ནག་རེད། དུད་འགྲོ་དང་གཅིག་པ་རེད། དེ་ཚོར་ག་ཚོད་བཤད་ཀྱང་གོ་བརྡ་མི་འཕྲོད་པ་ང་ཚོས་ཤེས་ཤེས་པ་རེད། ཅེས་བཤད་ཡོད་རེད། ཞབས་འདྲེན་དེ།

    Reply
  8. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    སྐབས་ ༡༥ པའི་ནང་གླེང་སློང་དང་་་རྙོག་གླེང་མི་འབྱུང་བའི་སྨོན་ཞུ་

    Reply
  9. གངས་ཅན། says:
    ལོ་ 15 སྔོན།

    སྤྱི་འཐུས་རྣམ་པ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང། མ་འོངས་པའི་ལས་དོན་ཐོག་ནུས་ཤུགས་གང་ཡོད་འདོན་པ་དང། སྤྱི་དོན་ཐོག་དྲང་བཞག་བྱེད་པའི་འབོད་སྐུལ་བྱེད་ཀྱི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese