མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ཁ་རུ་ཁྱེར་ཏེ་སྒེར་དོན་མ་བསྒྲུབ་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp


རེས་གཟའ་ཉི་མར་ངྷ་ས་ཡོངས་གླང་སློབ་གྲྭ་རུ་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་གནང་ཏེ། སྐུ་མགྲོན་གཙོ་བོ་བཀའ་ཟུར་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་ད་ལྟའི་༧གོང་ས་མཆོག་གི་མཚན་སྙན་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་སོགས་དབུ་མའི་ལམ་ལ་བརྟེན་ཏེ་བྱུང་སྐོར་གསུངས་སོང་།  

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བཞུགས་སྒར་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག རེ་གཟའ་ཉི་མའི་ཞོགས་པར་ངྷ་ས་ཡོངས་གླང་སློབ་གྲྭའི་ཚོགས་ཁང་དུ་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ ༡༩༩༧ ལོའི་ཟླ་༩ ཚེས་༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་གཏན་འབེབས་བྱུང་པའི་ཉིན་མོ་སྲུང་གཙིའི་མཛད་སྒོ་ཞིག་ཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་ཟུར་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་ཕེབས་འདུག

མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ལས་འགུལ་ཁང་དེའི་ལས་བསྡོམས་སྙན་སྒྲོན་ཞུས་པ་ལྟར་ན། ད་སྔ་ས་གནས་ ༢༧ ནང་དབུ་མའི་ལམ་ལས་འགུལ་ཁང་གི་ཡན་ལག་བཙུགས་ཡོད་པ་དང་། མི་མང་ནང་དབུ་མའི་ལམ་གྱི་ཟབ་སྦྱོང་སྤྲོད་པ་དང་དྲ་རྒྱ་གསར་བཟོ་སོགས་བྱས་ཏེ། བོད་མི་དང་། རྒྱ་རིགས། ཕྱི་རྒྱལ་ཡུལ་མི་མང་པོར་དབུ་མའི་ལམ་ངོ་སྤྲོད་བྱེད་བཞིན་ཡོད་འདུག  

ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་སྦྲགས་ཏེ། དབུ་མའི་ལམ་ནི་བོད་རྒྱ་གཉིས་ཕན་གྱི་སྲིད་བྱུས་ཤིག་ཡིན་པ་དང་། ༧གོང་ས་མཆོག་བཙན་བྱོལ་དུ་མ་ཕེབས་གོང་ནས་དབུ་མའི་ལམ་གྱི་དགོངས་བཞེད་ཡོད་ལ། ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་ནི། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ས་གནས་མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག བོད་རྒྱ་གཉིས་མཉམ་གནས་བྱ་རྒྱུ་དང་། དོན་དུ་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གསལ་ལྟར། བོད་མི་ཚོར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆ་ཚང་སྤྲོད་དགོས་པ་དེ་ཡིན་ཚུལ་བརྗོད་བྱུང་། 

སྒུ་མགྲོན་གཙོ་བོ་བཀའ་ཟུར་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་༧གོང་ས་མཆོག་འཛམ་གླིང་སྟེང་འདི་འདྲའི་མཚན་སྙན་རྒྱས་པ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་པ་ཞིག་དང་། གལ་སྲིད་རང་བཙན་ནམ་སྲིད་བྱུས་གཞན་ཞིག་བཟུང་ཡོད་ཚེ་འཛམ་གླིང་ཐོག་བོད་མི་ཚོར་ད་ལྟའི་རྒྱབ་སྐྱོར་འདི་འདྲ་ཞིག་བྱུང་མེད་པ། དེ་བཞིན་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་འདི་སྔོན་མ་ནས་ཡོད་པ་ཞིག་དང་། ༧གོང་ས་བཅུ་བཞི་བ་ཆེན་པོར་འཛམ་གླིང་སྟེང་འདི་འདྲའི་མཚན་སྙན་རྒྱས་ཐུབ་པ་དེ་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཀྱིས་ཐོབ་པ་ཞིག་མིན་པར། ཁོང་གི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་པ་དང་། ད་ལྟ་དང་མ་འོངས་པར་འཛམ་གླིང་ཞི་བདེ་ནི་བོད་པ་མ་གཏོགས་བསྐྲུན་ཐུབ་མཁན་མེད་སྐོར་གསུངས་སོང་།

སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་མུ་མཐུད་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ལས་དོན་གྱི་བྲེལ་འཚུབ་ཆེན་པོ་ཡོད་སྟབས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྟར་ལས་འགུལ་དང་སྲིད་བྱུས་དྲིལ་བསྒྲགས་བྱ་ཐུབ་ཀྱི་མེད་པར་བརྟེན། དབུ་མའི་ལམ་མི་མང་ལས་འགུལ་ཁང་འདིས་དབུས་བོད་མིའི་སྒྲིག་འཛུགས་ལ་གཞོགས་འདེགས་ཆེན་པོ་སྒྲུབ་ཀྱི་ཡོད་པ་དང་། ལས་འགུལ་དང་དྲིལ་བསྒྲགས་བྱེད་སྐབས། ལས་འགུལ་གྱི་ཐོག་མའི་དམིགས་ཡུལ་གཞིར་བཞག་སྟེང་ཁ་ཞེ་གཉིས་མེད་བྱ་རྒྱུ་ལས། ལས་དོན་ཁ་རུ་ཁྱེར་ཏེ་སྒེར་དོན་བསྒྲུབ་ཐབས་ཤིག་ཏུ་མ་སོང་པ་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་སོང་།

མཇུག་ཏུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་དང་བཅས། གཞུང་དང་ཚོགས་སྡེ་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཡང་གཙོ་བོ་མི་མང་གི་རྒྱབ་སྐྱོར་དགོས་པ་དང་། མི་མང་གི་རྒྱབ་སྐྱོར་ཡོད་པའི་རྣམ་པ་དེ་སྒྲིག་འཛུགས་གང་དེ་སྲ་བརྟན་རྒྱུན་གནས་དང་ལས་དོན་ཚགས་ཚུད་ཡོང་རྒྱུའི་སྲོག་ཤིང་ལྟ་བུ་ཡིན་པ། བོད་མིའི་སྒྲིག་འཛུགས་འདི་ཡང་བོད་མིའི་དང་བླངས་དཔྱ་ཁྲལ་གྱི་ཡོང་བབ་ལ་རྟེན་ནས་འཚོ་ཐུབ་ཡོད་པ་རེད། ཕྱིའི་རོགས་དངུལ་ནི་དེ་རིང་ཡོད་ན་སང་ཉིན་ཆད་འགྲོ་བ་དང་། སང་ཉིན་ཡོད་ན་གནངས་ཉིན་ཆད་འགྲོ་བའི་གནས་སྟངས་ཡིན་སྟབས། མང་ཉུང་ལ་མ་སྟོས་པར་དབུ་མའི་ལམ་མི་མང་ལས་འགུལ་ཁང་ལ་རྒྱབ་སྐྱོར་མཚོན་ཕྱིར་རང་བློས་གང་ཡོང་གིས་ཞལ་འདེབས་གནང་རྒྱུའི་རེ་སྐུལ་ཡང་ཞུས་སོང་།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

ཆུ་ཚོད་ ༨ སྔོན་ལ།
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese