མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་པ་དང་སྲིད་གཞུང་ཐ་དད་བཟོ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་ཏ་ལེན་གྲོང་ཁྱེར་དུ་ཚོགས་པའི་སྐབས་ལྔ་པའི་ཌེ་བོ་སི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུའི་ཐོག  ཝུན་ཅ་པའོ་ཡིས་རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་དགོས་སྐོར་ནན་བརྗོད་བྱས་ཡོད་པ་རེད།

ཕྱི་ཟླ་ ༩ ཚེས་ ༡༤ ཉིན་རྒྱ་ནག་ཏ་ལེན་གྲོང་ཁྱེར་དུ་ཚོགས་པའི་སྐབས་ལྔ་པའི་ཌེ་བོ་སི་(Davos)རྒྱལ་སྤྱིའི་དཔལ་འབྱོར་དཔྱད་གླེང་ཚོགས་འདུའི་སྟེང་། རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་སྔ་ཕྱིར་ཐེངས་གཉིས་ལ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་དགོས་སྐོར་དང་། ད་ལྟའི་ཆར་དམར་ཤོག་པས་མཐའ་གཅིག་ཏུ་སྲིད་གཞུང་གི་འཐུས་ཚབ་བྱེད་པའི་རྣམ་པ་བསྒྱུར་ཏེ་ ༼དམཪ་ཤོག་དང་སྲིད་གཞུང་གཉིས་ཐ་དད༽བྱ་དགོས་པ་སོགས་རྒྱ་གཞུང་གི་ཆབ་སྲིད་བཅོས་བསྒྱུར་ཐད་དོན་ཚན་ ༥ ཡི་བསམ་ཚུལ་བཏོན་ཡོད་འདུག འོན་ཀྱང་ཆབ་སྲིད་བྱེད་བརྗོད་པ་རེ་འགས་དེ་ནི་ཝུན་ཅ་པའོ་ཡིས་མི་མང་ཁྲོད་རང་ཉིད་ལ་སྣང་བརྙན་ཡག་པོ་ཞིག་བསྐྲུན་ཆེད་ཀྱི་འཁྲབ་སྟོན་ཙམ་ཡིན་པ་ལས། ཁ་ཡོད་ལག་ཡོད་ཀྱིས་ཆབ་སྲིད་བཅོས་བསྒྱུར་བྱ་འདུན་མེད་སྐོར་བརྗོད་འདུག 

ཚོགས་འདུའི་མཛད་སྒོའི་གཏམ་བཤད་སྐབས་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་སྐོར་ལ།  དང་པོ། ཁྲིམས་ལུགས་ལྟར་རྒྱལ་ཁབ་བསྐྱངས་ཏེ་དམར་ཤོག་གིས་སྲིད་གཞུང་གི་འཐུས་ཚབ་བྱེད་པ་བཅོས་བསྒྱུར་དང་། དབང་ཤུགས་གཅིག་གཅོད་དང་ཚད་བརྒལ་གཅིག་སྡུད་ཀྱི་རྣམ་པ་ཤུགས་ཆེ་བའི་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ལམ་ལུགས་བཅོས་བསྒྱུར་བྱ་དགོས་པ། གཉིས་པ། སྤྱི་ཚོགས་འདྲ་མཉམས་དྲང་བདེན་ཡོང་བ་བྱ་དགོས་པ།  གསུམ་པ། སྲིད་ཁྲིམས་དྲང་བདེན་དང་རང་དབང་ལྡན་པ་ཡོང་དགོས་པ། བཞི་པ། མི་དམངས་ཀྱི་དམངས་གཙོའི་ཁེ་དབང་སྲུང་སྐྱོབ་དང་།  ལྷག་པར་དུ་འོས་འདེམས་ཀྱི་ཁེ་དབང་དང་། གནས་ཚུལ་ཤེས་རྟོགས་ཀྱི་ཁེ་དབང་། མང་ཚོགས་མཉམ་ཞུགས་ཀྱི་ཁེ་དབང་། མང་ཚོགས་ཀྱིས་གཞུང་ལ་སྟངས་འཛིན་གྱི་ཁེ་དབང་བཅས་སྲུང་སྐྱོབ་བྱ་དགོས་པ།  ལྔ་པ། རུལ་སུངས་བཀག་སྡོམ་བྱ་དགོས་པ་བཅས་དོན་ཚན་ལྔ་གསལ་འདོན་བྱས་ཡོད་པ་རེད།

འཛམ་གླིང་དཔལ་འབྱོར་དཔྱད་གླེང་ཚོགས་འདུའི་དྲུང་ཆེ་ཁེ་ལོ་སི་སི་ཁེ་ཝེབ་(Klaus Schwab)ཀྱིས།  བྱེད་ཐབས་ག་འདྲ་ཞིག་གི་འོག་ནས་རྒྱ་ནག་དེ་འཆམ་མཐུན་ཡར་རྒྱས་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ཡིན་སྐོར་དྲིས་སྐབས།    ཝུན་ཅ་པའོ་ཡིས། “ཉེ་བའི་ལོ་འགའི་རིང་ངས་ཆབ་སྲིད་བཅོས་བསྒྱུར་ཐད་གཏམ་གླེང་མང་པོ་བྱས་མྱོང་།  ཐེངས་འདིའི་ཚོགས་འདི་དེ་ཡང་། ད་ལྟ་ང་དང་ལྷན་དུ་ཡོད་པའི་མི་སྣ་དག་གིས་ཕན་ཚུན་སྐུལ་འདེད་གནང་བ་ཞིག་ཡིན་པར་མ་ཟད།  ངའི་ཀླད་པའི་ནང་འཁོར་བཞིན་པའི་བསམ་ཚུལ་མཐའ་དག་ནི་དོན་གྱིས་རྒྱལ་ཡོངས་མི་དམངས་ཀྱི་སྐུལ་འདེད་ཁོ་ན་ཡིན་སྟབས།  ང་རང་ལ་ལས་འགན་ཧ་ཅང་ལྕི་མོ་ཡོད་པའི་སེམས་ཚོར་འདུག དེར་བརྟེན། ངེས་པར་དུ་ཡང་དག་པ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་ཕྱོགས་མང་པོའི་གནད་དོན་ཐད་འཛིན་པའི་རང་གི་ལྟ་ཚུལ་དེ་གསལ་བོར་གླེང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།” ཅེས་དང་། ཁོང་གིས་སྲིད་ཁྲིམས་དྲང་བདེན་དང་སྤྱི་ཚོགས་འདྲ་མཉམ་སྲུང་སྐྱོང་བྱ་རྒྱུ་དེ་ནི། རྒྱ་ནག་རྒྱལ་ཡོངས་སྐབས་ ༡༡ པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གླེང་ཟིན་པ་ཞིག་ཡིན་པར་མ་ཟད། དམར་ཤོག་ཚོགས་པ་དང་སྲིད་གཞུང་ཐ་དད་བྱ་དགོས་པ་དེའང་།  ༡༩༨༠ ལོའི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་སྟེང་ཏིན་ཞའོ་ཕིན་གྱིས་༼དམར་ཤོག་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ལམ་ལུགས་བཅོས་བསྒྱུར༽ཞེས་པའི་གཏམ་བཤད་ནང་བསྒྲགས་ཡོད་པ་ཞིག་ཡིན་སྟབས།  ད་ཆར་ལག་ལེན་དུ་བསྟར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་སྐོར་བརྗོད་འདུག   

ཧུའུ་ཡའོ་པང་དང་ཀྲའོ་ཙི་ཡང་གིས་རྒྱ་གཞུང་གི་སྲིད་འགན་འཁུར་སྐབས། དམར་ཤོག་དང་སྲིད་གཞུང་ཐ་དད་བཅོས་བསྒྱུར་ལག་བསྟར་བྱ་རྩིས་བྱས་ཏེ། སྐབས་དེའི་གཞུང་གི་སྡེ་ཁག་རེ་འགའི་ནང་གི་དམར་ཤོག་རྩ་འཛུགས་མེད་པ་བཟོས་ཡོད་པ་དང་། ཕྱི་ལོ་ ༡༩༨༦ ནས་ ༡༩༨༧ ལོའི་བར་ཀྲའོ་ཙི་ཡང་གིས་མི་ལྔ་ལས་གྲུབ་པའི་རྒྱ་གཞུང་དབུས་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་དཔྱད་ཞིབ་ཚོགས་ཆུང་གི་འགན་ཁུར་སྐབས་ཀྱང་།  ཝུན་ཅ་པའོ་དཔྱད་ཞིབ་ཚོགས་ཆུང་དེའི་ལས་གཞིའི་ཁྲོད་ཞུགས་མྱོང་ཡོད་ལ། སྐབས་དེར་ཁོ་རང་གི་ལས་ཀ་གཙོ་བོ་༼དམར་ཤོག་དང་སྲིད་གཞུང་ཐ་དད༽ཀྱི་ལས་གཞིའི་འགན་འཁུར་ཏེ་མགོ་ཁྲིད་ཚོར་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པ་དང་།  རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་ཚོགས་འདུའི་ཐོག་ཀྲའོ་ཙི་ཡང་གི་སྙན་ཐོའི་ནང་དུ་༼དམར་ཤོག་དང་སྲིད་གཞུང་ཐ་དད༽སྐོར་གསལ་བོར་བཀོད་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༡༩༨༩ ལོར་དྲུག་བཞི་དོན་རྐྱེན་བྱུང་རྗེས། ཡང་བསྐྱར་ཕྱོགས་ཡོངས་ནས་དབང་ཆ་གཅིག་སྡུད་ལམ་ཕྱོགས་སུ་བསྐྱོད་དེ།  དམར་ཤོག་པས་སྲིད་གཞུང་གི་འཐུས་ཚབ་བྱ་རྒྱུ་མཁྲེགས་འཛིན་བྱས་སྟབས། སྐབས་ ༡༤ ནས་ ༡༧ བར་༼དམར་ཤོག་དང་སྲིད་གཞུང་ཐ་དད༽གྱི་བསམ་ཚུལ་དེ་གཞུང་གི་སྙན་ཐོའི་ནང་ཐེངས་གཅིག་ཀྱང་བཏོན་མྱོང་མེད།

ལོ་སྔོན་མའི་ཕྱི་ཟླ་ ༨ པར་ཧྲིན་ཁྲོན་དམིགས་བསལ་ས་ཁུལ་བཙུགས་ཏེ་ལོ་ ༣༠ འཁོར་བའི་དུས་དྲན་སྐབས། ཝུན་གྱིས་༼དམར་ཤོག་དང་སྲིད་གཞུང་ཐ་དད་༽དགོས་པའི་སྐོར་ཐོག་མར་གླེང་སློང་བྱས་ཡོད། ཡིན་ནའང་། ད་ལོ་ཕྱི་ཟླ་ ༣ པའི་ནང་རྒྱ་གཞུང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ཝུའུ་པང་ཀོ་ཡིས། ༼མི་སྒྲུབ་པ་ལྔ་༽ནན་བསྒྲགས་བྱས་ཏེ་ཁྲིམས་དང་སྒྲིག་གཞི་མཐའ་དག་གིས་དམར་ཤོག་པའི་མགོ་ཁྲིད་ལམ་ལུགས་ལ་ཤུགས་སྣོན་བྱ་དགོས་པ་བརྗོད་ཡོད། ཉེ་སྔོན་པེ་ཅིན་དུ་རྒྱ་ནག་གི་ཤེས་ལྡན་པ་ ༡༠༠ ལྷག་གིས་རྒྱ་ནག་དམར་གཞུང་གིས་རྒྱལ་ཁབ་བཙུགས་རྗེས་ཀྱི་ལོ་རྒྱུས་གནད་དོན་ཐད་ཀྱི་གྲོས་མོལ་སྐབས། བགྲོ་གླེང་པ་ཞིག་གིས་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གིས་དཔའ་འབྱོར་དྲིལ་བསྒྲགས་དང་།  རྒྱ་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆབ་སྲིད་བཅོས་བསྒྱུར་དྲིལ་བསྒྲགས་བྱེད་བཞིན་པ་དེ་ནི།  རྒྱ་གཞུང་གི་ཆབ་སྲིད་གནས་བབ་སྔར་ལས་རྙོག་འཛིང་དང་ཉེན་ཁར་འཕྲད་བཞིན་པའི་རྣམ་པ་ཞིག་རེད་ཅེས་བརྗོད་ཡོད།

རྒྱ་ནག་ཚན་རིག་གླིང་གི་ཆབ་སྲིད་ཞིབ་འཇུག་ཁང་གི་འགན་འཛིན་ཡཱན་ཅ་ཆིས་ཀྱིས། སྤྱིར་ཆབ་སྲིད་བཅོས་བསྒྱུར་བྱེད་པ་ལ་ལག་ལེན་དངོས་ཀྱི་ཐོག་འགྱུར་བ་གཏོང་དགོས་པ་ལས། སྐད་ཆ་ཚིག་འགའ་བརྗོད་པ་ཙམ་གྱིས་འགྱུར་བ་ཐེབས་མི་སྲིད་པས། ཝུན་ཅ་པའོ་ཡི་གཏམ་གླེང་དེ་དག་ནི་ད་ལྟ་ཁོ་རང་སྲིད་བློན་ལས་འཕོ་འགྱུར་འགྲོ་ལ་ཉེ་སྟབས།  མང་ཚོགས་ཁྲོད་རང་ཉིད་ལ་ཤུགས་རྐྱེན་ཡག་པོ་ཞིག་འཇོག་བསམ་པ་ཡིན་སྐོར་དང་། དེ་བཞིན། རྒྱ་ནག་མི་དམངས་སློབ་ཆེན་གྱི་ཆབ་སྲིད་སྡེ་ཁག་གི་སློབ་དཔོན་ཀྲང་ཝུ་ཡིས་ཀྱིས་ཀྱང་།  ད་ལྟའི་རྒྱ་གཞུང་གི་དཔོན་རིགས་ཚོ་ནི་རྣམ་པ་འཁྲབ་སྟོན་གྱི་རིག་གནས་ཤིག་ཏུ་གྱུར་ཡོད་སྟབས། ཝུན་ཅ་པའོ་ཡི་དམིགས་ཡུལ་དེ་ཡང་བཤད་ཐུབ་ན་བཤད་རྐྱང་བྱེད་པའི་རྣམ་པ་ཙམ་ཡིན་སྐོར་བརྗོད་ཡོད།

གཞན་ཡང་། པེ་ཅིན་ཀྱི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་གཙོ་སྒྲིག་པ་ཧུའུ་ཕེན་གྱིས། ཝུན་ཅ་པའོ་ཡིས་ཆབ་སྲིད་བཅོས་བསྒྱུར་སྐོར་གླེང་སློང་དང་མཉམ་དུ།  རྒྱ་གཞུང་གིས་སྔར་ལས་ལྷག་པར་ཁྲིམས་མེད་ལུགས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཁྲིམས་རྩོད་པ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ། དམངས་གཙོ་དོན་གཉེར་བ་མང་པོ་གང་འདོད་འཇུ་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པའི་གནས་སྟངས་འདིས།  རྒྱ་ནག་གི་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་ཆབ་སྲིད་བཅོས་བསྒྱུར་ཐད་འགལ་བ་ཤུགས་ཆེན་པོ་ཡོད་པ་མངོན་ཡོད་ཚུལ་དང་། ཆབ་སྲིད་དཔྱད་བརྗོད་པ་ཁྲིན་པའོ་ཁུང་གིས་༼ཁའེ་ཧྥང་༽དུས་དེབ་སྟེང་དཔྱད་རྩོམ་སྤེལ་ཏེ། རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོས་ཝུན་ཅ་པའོ་སྲིད་སྟེགས་སྟེང་ཁེར་རྐྱང་ལ་ཕུད་ཡོད་པ་དང་། ཅང་ཙེ་མེན་ཤོག་ཁག་གི་སྒེར་གཅོད་དབང་འཛིན་པ་བཞི་ཡོད་པའི་གྲས་ཀྱི་ཝུ་པང་ཀོ་ཡིས་རྒྱ་ནག་མི་དམངས་འཐུས་མིར་སྟངས་འཛིན་དང་། ལིས་ཁྲང་ཁྲོན་གྱིས་རྒྱ་གཞུང་དྲིལ་བསྒྲགས་ཁྱབ་ཁོངས་ལ་སྟངས་འཛིན། ཀྲུག་ཡུང་ཁང་གིས་རྒྱ་གཞུང་གི་ཁྲིམས་སྲིད་ལ་སྟངས་འཛིན།  ཅ་ཆིན་ལིན་གྱིས་ཆབ་སྲིད་ལྷན་ཁང་ལ་སྟངས་འཛིན་བྱས་ཏེ། མི་བཞི་ཚོགས་ཁག་གསར་འཛུགས་ཀྱིས་དམར་ཤོག་སྒེར་གཅོད་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པས། ཁོ་ཚོ་བཞི་ནི་རྒྱ་ནག་ཆབ་སྲིད་བཅོས་བསྒྱུར་ཐད་འགག་རྡོ་ཆེན་པོ་བཞི་ཆགས་ཡོད་སྐོར་བརྗོད་འདུག 

ཐེངས་འདིའི་ཝུན་ཅ་པའོ་ཡི་ཆབ་སྲིད་བཅོས་བསྒྱུར་སྐོར་གྱི་གཏམ་བཤད་དེ་རྒྱ་གཞུང་གསར་ལམ་ཁག་ཏུ་སྤེལ་མེད་ཀྱང་། གནས་འཕྲིན་དྲ་རྒྱ་དང་ཕྱི་རྒྱལ་གསར་ལམ་ཁག་བརྒྱུད་རྒྱ་ནག་མང་ཚོགས་ཁྲོད་གླེང་ཕྱོགས་ཤིག་བཟོས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 10

  1. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    སྲིད་བློན་ཝུན་གྱིས་དེ་ལྟར་བཤད་པའི་དམིགས་ཡུལ་གང་ཡིན་ཡང་རུང། དེ་ལྟར་བཤད་པ་ཙམ་ཡང་ཡག་པོ་རེད། གཏམ་བཟང་རང་རེད། སྐད་ཆ་དེས་རྒྱ་ནག་མི་མང་ཁྲོད་གཏན་ནས་མི་འཇགས་པའི་ཡོ་འཁྱོམ་ཞིག་ཡོང་སྲིད། འདི་ནི་རྒྱ་ནང་ནང་མང་གཙོ་དང་རང་དབང་ཇེ་ཆེར་འགྲོ་རྒྱུའི་རྟགས་མཚན་ཞིག་ཀྱང་མ་རེད་དམ།

    Reply
  2. ཕྱུགས་རྫི says:
    ལོ་ 15 སྔོན།

    འཁྲབ་སྟོན་ཡིན་ནའང་འདྲ་སྐད་ཆ་དེ་ལ་ནུས་པ་ཅུང་ཟད་རེ་ཡོད་པ་སེམས།

    Reply
  3. དམག་ལོག་ says:
    ལོ་ 15 སྔོན།

    རྒྱ་ནག་གིས་ལུག་ཤ་བཤམས་ནས་ཁྱི་ཤ་བཙོང་གི་ཡོད་པ་རེད། རྒྱ་ནག་དམར་ཤོག་ལ་འགྱུར་བ་འགྲོ་མི་སྲིད་པ་ཡིན། རྒྱ་རྒན་ཝིན་གྱིས་ལོ་སྔོན་མར་ཡང་དེ་ལྟར་བཤད་མྱོང་ཡོད། འདི་ཚང་མ་ཆབ་སྲིད་ཁྲབ་སྟངས་རེད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱ་དམར་ཕྱོགས་པས་ཀླ་ཀློ་དང་རྗེས་ལུས་ཞེས་འབོད་བསྡད་སའི་བཙན་བྱོལ་བོད་གཞུང་འདི་ནི་མི་རིགས་ལྔ་ཅུ་ལྔ་དྲུག་ནང་གི་མང་གཙོ་སྔོན་ཐོན་པ་དང་མི་རིགས་ལྔ་ཅུ་ལྔ་དྲུག་གིས་མིག་དཔེར་བལྟ་འོང་པ་ཞིག་ཆགས་ཡོད།
    བཙན་བྱོལ་བོད་གཞུང་གི་ཆོས་སྲིད་གང་གི་ལྟ་བའི་ཆ་ནས་ཀྱང་འགྲོ་བ་མིའི་རང་དབང་ལ་གུས་བཀུར་དང་རོགས་སྐྱོང་བྱས་པར་མ་གཏོགས་བརྩིས་མེད་རྡོག་རོལ་ནམ་བཏང་མྱངས་མེད་པ་རེད། བོད་གངས་ཅན་པའི་ཕ་མེས་ཀྱི་ཁྱད་ནོར་རེད། སྤོབས་པ་བྱས་འོས་པ་ཞིག་ཡོད།

    བཙན་བྱོལ་བོད་གཞུང་གི་གྲོས་འཚོགས་སུ་སློབ་སྦྱོང་བྱ་ཐུབ་ན་ཡག་པོ་རེད། རྒྱ་ནག་ནང་མང་གཙོ་གཞུག་ནས་སླེབས་ཀྱི་རེད། བཙན་བྱོལ་བོད་གཞུང་མང་གཙོ་ལག་ལེན་བལྟས་ནས་ལོ་མང་ཉམས་མྱོང་ཡོད་རེད། རྗེས་ལུས་་་་སུ་རེད་འདུག་གམ།།།།།།།།།།།།།།་་་་་་་་་་་་་་་་་་་རྒྱ་ཀླ་ཀློ་འདི་ཚོ་་་་་་་་་་་་་་་་་ཧཧཧཧཧཧ

    Reply
  5. རྒྱང་མིག says:
    ལོ་ 15 སྔོན།

    ཝུན་ཅ་པོ་དང་ཝང་ལི་ཤུང་ལ་སོགས་པ་འདི་ཚོས་སྐད་ཆ་བཅོས་མ་རེ་བཤད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རང་ཉིད་ཀྱི་སྣང་བརྙན་ཡག་པོ་ཞིག་བསྐྲུན་ནས་རྒྱ་ནག་གི་དྲིལ་གསྒྲགས་འཁྲབ་སྟོན་པ་ནུས་ཅན་ཞིག་བཟོ་བསམ་པ་རེད། མཐར་གཏུག་ན་འདི་ཡང་དམར་པོའི་སྲིད་གཞུང་གི་གཡོ་ཐབས་བསྐོས་སྟངས་ཤིག་རེད།

    Reply
  6. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །་ཝེན་ཅང་པའོའི་གཏམ་བཤད་དེ་ཆུའི་ནང་གི་རྟུག་བྲི་རེད་ནུས་པ་གང་ཡང་ཡོད་མ་རེད། གཏམ་བཤད་འདི་ལྟ་བུ་དེ་སྔོན་ཡང་ཚར་རེ་གཉིས་བཤད་ཚར་ཀྱང་རྒྱ་ནག་དབུས་གཞུང་གིས་ནང་གསུབ་བཏང་སྟེ་གང་ཡང་བྱུང་ཡོད་པ་མ་རེད། ཁོ་རང་རྒན་ཡོལ་ལ་འགྲོ་ལ་ཉེ་བས་སྐད་ཆ་འཛིག་མདོག་ཁ་པོ་ཞིག་བཤད་པ་རེད་མ་གཏོགས་གནམ་སྔོན་པོའི་འབྲུག་སྐད་ལ་ཆར་པ་བབས་མི་སྲིད།

    Reply
  7. ཟུངས་ཁྲག says:
    ལོ་ 15 སྔོན།

    འདིར་གཟིགས་དང་སྤྱི་འཐུས་ཚོ་སོ་སོའི་ལས་འགན་སྒྲུབ་དང་སྤྱི་འཐུས་ཚོ་ཁྱེད་ཚོའི་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ལ་སློབ་སྦྱོང་བྱེད་དགོས

    Reply
  8. ཟུངས་ཁྲག says:
    ལོ་ 15 སྔོན།

    འུ་ཚང་གི་བཀུར་འོས་བའི་སྤྱི་འཐུས་ཚོས་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ལ་སློབ་སྦྱོང་བྱེདདགོས།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    གལ་སྲིད་དེ་ལྟར་ལག་བསྟར་བྱེད་ཐུབ་ན་རྒྱ་ནག་དམངས་གཙོ་ཡང་དག་གི་ལམ་དུ་བསྐྱོད་འགོ་བཛུགས་པར་སྣང་།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཨོ་ཡ་་་ད་ཡིན་ན་རྒྱ་ནག་དམར་ཕྱོགས་ཀྱི་ལྟ་བ་ཅུང་ཙམ་འགྱུར་གྱི་འདུག་པའི་རྣམ་པ་གསལ་བོ་བསྟན་འདུག འདི་ལྟར་བལྟས་ན་ང་ཚོར་རེ་བ་ཅུང་ཙམ་མེད་འགྲོ་བསམ་གྱི་འདུག་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese