མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་འོས་མིར་དཔྱད་དོན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་དབང་རྒྱལ་གྱིས་བརྩམས། ནོར་བསམ་གྱིས་བསྒྱུར།

ད་ལྟ་བཀའ་བློན་འོས་འདེམས་དང་། དམ་བཅའ་ཕུལ་ཟིན་པས་ཏན་ཏན་བཙན་བྱོལ་ནང་གི་བོད་མི་མང་པོ་ཞིག་གིས་དངངས་ཚབས་ངང་ཅིའི་ཕྱིར་ཁོ་དང་མོ་འོས་འདེམས་བྱས་པ་དང་། ཁོ་དང་མོ་འོས་འདེམས་མ་བྱས་པ་རེད་དམ་ཟེར་ནས་བགྲོ་གླེང་བྱེད་ཀྱི་ཡོད་ངེས། དེ་ནི་རྩེད་མོ་རྩེད་ཚར་རྗེས་སློབ་སྟོན་པ་དང་། རྩེད་མཁན། ལྟད་མོར་ལྟ་མཁན་བཅས་ཀྱིས་བསམ་འཆར་བཤད་པ་ལྟ་བུ་ལས་མ་འདས། གལ་ཏེ་ཁྱེད་ལ་ད་དུང་འགྲེལ་བརྗོད་དགོས་ཚེ་ངས་བཀའ་བློན་ཁྲི་པས་འདོན་སྤེལ་གནང་བའི་བཀའ་བློན་འོས་མི་ཚོའི་རྒྱབ་ཕྱོགས་སུ་ལངས་ནས་འགྲེལ་བརྗོད་ཞུ་རྒྱུ་ཡིན། ཐོག་མར་བཀའ་བློན་གསར་པ་དྲུག་གི་མཚན་ཐོ་རོབ་ཙམ་ཞུས་ན། འབྲོང་ཆུང་དངོས་གྲུབ།  པདྨ་ཆོས་འབྱོར། རྒྱ་རི་སྒྲོལ་མ། ཚེ་རིང་དོན་གྲུབ། བདེ་སྐྱིད་ཆོས་དབྱངས། ཚེ་རིང་དབང་ཕྱུག་བཅས་རེད།

ཐོག་མར་སྲིད་སྐྱོང་༼བཀའ་ཁྲི་༽མཁས་དབང་བློ་བཟང་སེང་གེས་འོས་བསྡུའི་ལས་འགུལ་སྤེལ་སྐབས་བཞག་གནང་བའི་དམ་བཅའ་དང་། བགྲོ་གླེང་སྐབས་སུ་ད་ལྟ་ཐག་གཅོད་གནང་བའི་འོས་མིའི་སྐོར་ལ་གོ་བརྡ་སྤྲད་གནང་བ་བཅས་ལ་བསྐྱར་ཞིབ་བྱ་དགོས། ཚང་མས་དྲན་གསལ་ལྟར་ཁོང་གིས་གལ་ཏེ་ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ་བཀའ་བློན་རྒན་གྲས་ཁོངས་སུ་འབྲོང་ཆུང་དངོས་གྲུབ་བསྐོ་རྒྱུ་ཡིན་པའི་དཔེ་བཞག་གནང་བ་དེས་ཁོང་ལ་དབུས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བའི་ཉམས་མྱོང་མེད་པའི་སྐྱོན་བརྗོད་བཀག་པ་རེད། གཉིས་པ། དངོས་གྲུབ་ལགས་ཀྱིས་གཞུང་ནང་ལོ་མང་ཕྱག་ལས་གནང་བའི་ཉམས་མྱོང་ཡོད་པ་ཙམ་དུ་མ་ཟད་མང་ཚོགས་ཀྱི་ངོས་ནས་གུས་བརྩི་བྱ་ཡུལ་གཅིག་ཡིན་པས་ཚང་མས་སྔོན་དཔག་བྱེད་རྒྱུ་ལས་སླ་པོ་ཆགས་ཡོད།

དེ་བཞིན་དུ་ང་ཚོ་འདྲ་བའི་འཛིན་སྐྱོང་ཆུང་ཁག་ཚང་མའི་ནང་ལ་འོས་ཤིང་མཚམས་པའི་དཔལ་འབྱོར་གྱི་འོས་མི་འདོན་རྒྱུ་ལས་སླ་པོ་ཞིག་མ་རེད། ཚེ་རིང་དོན་གྲུབ་ལགས་ལྟ་བུ་རྒྱུན་རིང་འཛིན་སྐྱོང་ནང་ཕྱག་ལས་གནང་བས་ཉམས་མྱོང་ལྡན་ལ་རྩིས་ཁྲ་ཉར་ཕྱོགས་ཐད་དམིགས་བསལ་མཁས་པ་ཡིན་མཁན་མི་མང་པོ་མེད་པས། མཁས་དབང་བློ་བཟང་སེང་གེའི་རྣམ་དཔྱོད་ལ་བརྟེན་ནས་བསྐྱར་དུ་འདེམས་ཐོན་བྱས་པར་ཧང་སངས་དགོས་དོན་མེད།

རྒྱ་རི་སྒྲོལ་མ་ལགས་ནི་ལྷག་བསམ་དང་། སེམས་ཚོར་དྲག་པོ་ཡོད་མཁན་གྱི་མགོ་ཁྲིད་གཅིག་ཡིན་པས་ངའི་བསམ་པར་མཁས་དབང་བློ་བཟང་སེང་གེས་ཁོང་གི་སྟེང་ལ་ཁྱད་ཆོས་མི་འདྲ་བ་ཁ་ཤས་གཟིགས་ཡོད་ངེས། དང་པོ། ཁོང་ལ་འཛིན་སྐྱོང་གི་ཉམས་མྱོང་ཡོད་པ་དང་། ཁོང་ལ་ཁྲིམས་ལུགས་ཤེས་ཡོན་གི་རྒྱབ་ལྗོངས་ཡོད་པས་ཁོང་ནི་རྒྱ་གར་ས་གནས་ཀྱི་དབུ་ཁྲིད་ཚོ་དང་། ས་གནས་དང་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་ཀྱི་གནད་དོན་སེལ་རྒྱུར་ནུས་ཤུགས་ལྡན་ཡོད། ལྷག་པར་དུ་ཁོང་ནི་བུད་མེད་གཅིག་དང་ཆོལ་ཁ་ཁམས་ནས་ཡིན་པས་མཁས་དབང་བློ་བཟང་སེང་གེའི་ཆོལ་ཁ་དང་ཕོ་མོ་འདྲ་མཉམ་གྱི་སྡེ་ཁག་ཅིག་བསྒྲུབ་རྒྱུའི་འཆར་གཞིར་ཕན་ཐོགས་བྱུང་ཡོད།

སྐུ་ཞབས་པདྨ་ཆོས་འབྱོར་ལགས་ནི་ཁོང་གི་བཀའ་ཤག་ནང་རྒན་གཞོན་འདྲ་མཉམ་ཡོང་རྒྱུར་གལ་ཆེའི་འོས་མི་གཅིག་ཆགས་ཡོད། མཁས་དབང་བློ་བཟང་སེང་གེ་མཆོག་གིས་མི་སྣ་རྒན་གྲས་ཤིག་དང་། བཙན་བྱོལ་གྱི་འཛིན་སྐྱོང་ནང་ཉམས་མྱོང་མང་པོ་ཡོད་མཁན་ཞིག་ཡོང་རྒྱུར་འབད་བརྩོན་གནང་བ་རེད། ངའི་གོ་ཐོས་ལ་སྐུ་ཞབས་པདྨ་ཆོས་འབྱོར་ལགས་ནི་རྙིང་ཞེན་རིང་ལུགས་ཀྱི་མགོ་ཁྲིད་རྒན་གྲས་ལྟར་མ་ཡིན་པར་དེང་རབས་ཀྱི་བསམ་བློ་ཡོད་མཁན་ཞིག་ཡིན་པས་མཉམ་དུ་ལས་ཀ་བྱེད་བདེ་པོ་ཡོད་འདུག ཁོང་གིས་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་མཁྱེན་རྒྱ་ཟབ་པས་གནད་དོན་འགའ་ཞིག་ཐད་དགོས་ངེས་ཀྱི་ཞབས་འདེགས་ཞུ་ཐུབ་ངེས་རེད།

བདེ་སྐྱིད་ཆོས་དབྱངས་ལགས་ནི་ཆེས་ཧང་སངས་དགོས་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན་ཁོང་བཙན་བྱོལ་གྱི་ཆབ་སྲིད་ནང་ཉེ་ཆར་ཕེབས་པ་ཞིག་དང་དོན་དངོས་ཐོག་ཁོང་བྱང་ཨ་རིའི་སྤྱི་འཐུས་འོས་ཐོན་བྱུང་བར་མི་མང་པོ་ཞིག་ཧོན་འཐོར་བ་བྱུང་ཡོད། ཁོང་འོས་གཞིར་དམིགས་འཛུགས་བྱས་པར་བཙན་བྱོལ་ནང་ཕྱག་ལས་གནང་མཁན་རྒན་གྲས་ཕོ་མོ་མང་པོ་ཞིག་གིས་སྐད་ཅོར་བརྒྱབ་ཡོད་ངེས། བདེ་སྐྱིད་ལགས་ལ་དབུས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བའི་ཉམས་མྱོང་མེད་པ་ཕུད་འོས་ཞིང་འཚམ་པའི་འོས་མི་ཞིག་ཆགས་ཡོད། ཁོང་གི་ཤེས་ཡོན་རྒྱབ་ལྗོངས་དང་ནུབ་ཕྱོགས་ཀྱི་ཚོར་ཤེས་དེས་ཏན་ཏན་བཀའ་ཤག་ལ་འགྱུར་བ་འགྲོ་ངེས་རེད། ཁོང་གིས་རྒྱ་ནག་པེ་ཅིན་གྱི་སྤྱི་སྐད་ཚུད་པའི་སྐད་ཡིག་མང་པོ་མཁྱེན་གྱི་ཡོད་པས་རྒྱ་ནག་ཕྱོགས་ཁག་དང་གྲོས་མོལ་བྱ་རྒྱུར་ལག་ཆ་གལ་ཆེན་ཆགས་ཡོད། ཁོང་གིས་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ནུས་པ་ལྡན་པའི་བཀའ་མོལ་གནང་ཐུབ་ངེས་ལ། རྒྱ་རི་སྒྲོལ་མ་དང་འདྲ་བར་ཁོང་ནི་བུད་མེད་ཅིག་དང་ཆོལ་ཁ་ཨ་མདོ་ནས་རེད།

མཐའ་མ་དགུང་ན་གཞོན་པའི་ཕྱི་ལུགས་སྨན་པ་ཚེ་རིང་དབང་ཕྱུག་ལགས་ནི་ལོ་ན་ཆུང་ཆུང་དེ་འདྲའི་སྐབས་ནས་བཀའ་བློན་ཆགས་ཐུབ་པ་སུ་གཅིག་གི་རྨི་ལམ་དུ་ཡང་འཁོར་མི་སྲིད་པ་ཞིག་རེད། དབང་ཕྱུག་ལགས་འོས་མིར་འཛུགས་པ་དེས་བོད་པའི་སྤྱི་ཚོགས་ནང་དངོས་གནས་ཧོན་འཐོར་དུ་བཅུག་ཡོད། གང་ཡིན་ཟེར་ན། མི་ཕལ་ཆེ་བས་ཁོང་འོས་འདེམས་བྱ་རྒྱུར་སྔོན་དཔག་བྱས་མེད། སླར་ཡང་དེ་ནི་འདྲ་མཉམ་བཟོས་པ་གཅིག་པོ་མ་ཡིན་པར་མཁས་དབང་བློ་བཟང་སེང་གེས་ཁོང་གི་བཀའ་ཤག་ནང་ནས་ཁོང་ཉིད་ལོ་ན་ཆུང་ཤོས་ནས་ཕྱིར་ཐོན་པ་རེད།

ད་ལྟ་སླར་ཡང་ཁོང་གི་འོས་མི་དག་ལ་ཕྱིར་ལྟ་ཞིག་བྱས་ན། བཀའ་ཤག་གསར་པའི་ནང་ཕོ་མོ་གཉིས་ཀ་དང་ཆོལ་ཁ་གསུམ་གྱི་སྐུ་ཚབ་ཡོད་ཚེ། མཁས་དབང་བློ་བཟང་སེང་གེས་འདྲ་མཉམ་གྱི་སྤུས་ཚད་ཇེ་ལེགས་སུ་བཏང་ཡོད་དམ། ༌༌༌༌༌༌༌ངའི་བསམ་ཚུལ་ལ་ཇེ་ལེགས་སུ་བཏང་མི་འདུག༌༌༌༌༌༌༌

༢༠༡༡།༩།༢༢ ཞོགས་པ་འགྱུར།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།
Mobile App

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Sikyong Penpa Tsering met with former U.S. Special Coordinators for Tibetan Issues. Photo Credit: Sikyong Penpa Tsering's FB Page.
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོར་ཐུག་འཕྲད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

༢༠༢༥/༡༠/༣༡
Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༥/༡༠/༣༡
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

༢༠༢༥/༡༠/༣༠

མཆན། 9

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྙིང་རྗེ། འགྱུར་མེད་ཅིས་པ་འདིས་མི་མང་ནི་ནམ་ཡང་སྟོབས་ཤུགས་འགྲན་ཟླ་དང་བྲལ་བ་ཡིན་པའི་ཆབ་སྲིད་པ་དག་གི་གཏིང་གི་དོག་སྣང་བྱ་ཡུལ་དེ་མཁྱེན་མི་འདུག རང་ཉིད་གང་ལས་ཀྱང་རྣམ་པར་རྒྱལ་དགོས་ན་ནམ་ཡང་མི་མང་གི་སྟོབས་ཤུགས་རང་ལག་ཏུ་ལྡན་དགོས་སོ། །དེ་ལྟར་མིན་ཆུས་ཁྱེར་བའི་རྩྭ་ཕུང་དྲུང་ཕྱུང་ལ་འཇུ་བ་དང་འདྲའོ། །སྙིང་རྗེ་དེང་སང་ཆབ་སྲིད་ཀྱི་གནད་དང་ཆོས་ཀྱི་འགག་རྩ་དེ་མི་ཤེས་པར་ཆབ་སྲིད་དང་ཆོས་ལ་ཇུས་ཏོག་བྱེད་མཁན་མང་པོ་དག་སྤྱི་ཚོགས་ཀྱི་ན་ཚ་ཞིག་གོ །

    Reply
  2. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་འདེམས་སྟངས་ཐད་གུས་པས་གཞིག་ན་འགྲིག་འདུག་འདོད་བྱུང་། མ་གཞི་བཀའ་ཁྲི་ཁོང་དུས་རབས་ཀྱི་འགྲོས་དང་བསྟུན་མཁས་ཀྱི་མཁས་དབང་ཞིག་ཡིོན་པས། ཁོང་གི་ཕྱག་རོགས་ཀྱང་དུས་རབས་གསར་བའི་ཤེས་འཇོན་ཡོད་པ་ཞིག་ལས། ཀླད་རྙིང་མཁྲེགས་འཛིན་ཆོལ་ཁའི་ཞེན་ཁོག་ཅན་ཞིག་འདེམས་པ་ཡིན་ན་མཁས་དབང་ཁོང་ལ་འཇོན་ཐང་ག་ཚོད་ཡོད་ཀྱང་ཕྱིར་མངོན་པའི་སྐལ་བ་མེད་པས།

    Reply
  3. བསྟན་པ། says:
    ལོ་ 14 སྔོན།

    དེ་རིང་ཁ་སང་སྤྱི་ཚོགས་ནང་དུ་བཀའ་བློན་སྟེང་ལ་གླེང་སློང་ཧ་ཅང་ཆེ་བས་དྲ་རྒྱ་སོགས་ཀྱི་གནས་སྐབས་སྒོ་ཡང་རྒྱག་དགོས་པའི་གནས་ཚུལ་ཡང་འབྱུང་གི་འདུག འདི་ནི་བློ་སེང་གི་ཁ་གཡང་གི་གྲུབ་འབྲས་ཞིག་ཀྱང་ཅི་ལ་མིན། བོད་མི་ཚོས་གཡབ་རྒྱུག་དང་རེ་བ་བྱེད་རྒྱུ་འདི་གོམས་གཤིས་ཤིག་ཆགས་བསྡད་འདུག ང་ནི་བོད་པའི་མིའི་སྐད་ཆ་ལ་ཐང་ཆད་ནས་རེ་བ་གཞན་ལ་བཅོལ་རྒྱུ་མིན་པ་རང་ཉིད་ཀྱི་རང་ཉིད་ལ་རེ་བ་བྱེད་བཞིན་རྒྱུ་ཡིན།

    རྨོངས་དད་ཀྱི་འཁོར་ཡུག་འདི་ནས་ངའི་ཁ་དབུགས་ཡོད་ཚད་ཉི་མ་དེ་རིང་ནས་བརླག་སོང་ནུབ་སོང་ཚར་སོང་། ང་རང་ཉིད་ཀྱི་བསམ་གཞིག་ཡོད་ཚད་འགྲིགས་སོང་འཁྱོངས་སོང་མཐུན་སོང་། ལ་ལ་ལས་ཀྱི་འཁོར་སོང་། ལ་ལ་ཆུ་ལ་བསྐུར་སོང་། ལ་ལ་གཉིད་ནས་སད་སོང་། ལ་ལ་སྨྱོན་པ་ཆགས་སོང་། ལ་ལས་རྨི་ལམ་བཏང་སོང་། ལ་ལས་བཤད་རྒྱུ་ཆགས་སོང་། ལ་ལས་བསྟོད་རྒྱུ་བོར་སོང་། ལ་ལས་རེ་བ་ཆགས་སོང་། འདི་ཐམས་ཅད་ནི་སྟོང་སང་ཡིན།

    བློ་སེང་གི་ལོ་ལྔའི་འཆར་གཞི་ཚང་མ་རྨི་ལམ་ནང་བཞིན་ཆགས་སོང་བའི་ཉི་མ་དེ་རིང་ནས་ངས་བཙན་བྱོལ་བའི་སྐུ་དྲག་ང་དྲག་ཚང་མ་རིམ་པ་བཞིན་དུ་ངོ་ཤུབ་བཤུས་རྒྱུ་ཡིན། གནས་ལུགས་དང་མང་གཙོའི་གར་ལ་རོལ་ཏེ་ང་ཉིན་དེ་རིང་ནས་ལམ་ཁ་གཞན་ཞིག་ནས་དུ་བསྐྱོད་དགོས་རྒྱུ་བྱུང་སོང་བས་དྲ་གྲོགས་ཚོས་བསམ་ཚུལ་ཡོད་ན་བདག་པོ་རྒྱག་རྒྱུ་ཡིན།

    Reply
  4. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    སྨན་པ་བཀའ་བློན་ལ་བསྐོས་པར་ཉམས་མྱོང་ཡོད་མེད་དང་བློ་སེང་བཀའ་ཁྲི་ལ་བསྐོས་པའི་ཉམས་མྱོང་ཡོད་མེད་གཉིས་བཟང་ན་བཟང་མཉམ་དང་ངན་ན་ངན་མཉམ་རེད། སྨན་པ་འདིས་ད་བར་དུ་མི་དམངས་ལ་ཕན་པའི་བྱ་བ་བསྒྲུབས་ཡོད་པས་འཕྲོད་བསྟེན་བཀའ་བློན་ལ་བསྐོས་ན་ཡག་པོ་རེད། བཀའ་ཁྲི་ལ་ཆབ་སྲིད་ཀྱི་རྐུབ་སྟེགས་རིམ་བརྒྱུད་མི་དགོས་ས་ནས་བཀའ་བློན་ལ་དགོས་དོན་དེ་ཙམ་མེད། གཙོ་བོ་མི་དམངས་ལ་ཞབས་ཞུ་ཞུས་པའི་རྒྱབ་ལྗོངས་ཡོད་མེད་དེ་རེད།
    ང་ཆུང་ཆུང་ཡིན་དུས་ངའི་ཕ་ཡུལ་དུ་ཚེ་ཐར་འབུམ་ཞེས་པའི་གློག་བརྙན་སྟོན་མཁན་ཞིག་ཡོད། ཁོས་རིག་གནས་སྐབས་ནས་རིག་གསར་མཇུག་མ་རྫོགས་བར་དུ་ཁ་ཆར་གྲང་རླུང་གང་ཞིག་གི་ནང་དུ་ཡིན་ཡང་མང་ཚོགས་ལ་གསར་བརྗེའི་ནང་དོན་ལྡན་པའི་གློག་བརྙན་སྣ་ཚོགས་སྟོན་རྒྱུར་དཀའ་ངལ་ལ་གཏན་ནས་འཛེམས་མ་མྱོང་ཞིང་། ནམ་རྒྱུན་ཤིང་རྟ་ཞིག་གི་ནང་དུ་གློག་བརྙན་སྟོན་ཆས་བཞག་སྟེ་དབྱར་ས་དང་དགུན་ས་གང་ཞིག་ཡིན་ཡང་ཐོན་ཡོང་ལ། ལྷག་པར་དུ་ང་ཚོའི་སློབ་གྲྭའི་ནང་དུ་ཡོང་ཐེངས་རེ་རེ་ནི་ང་དང་ང་ལྟ་བུའི་གློག་བརྙན་ལ་དགའ་བའི་བྱིས་པ་ཚོར་ཡེ་ཤུའི་སྤོ་བོ་བྱིས་པར་བྱི་རིལ་སྤྲོད་མཁན་དེ་དང་འདྲ་བོ་ཡོད། ཁོས་གློག་འདོན་འཕྲུལ་ཆས་དེའི་ཁ་ཕྱེས་ནས་ཅིག་སྔོག་སྐབས་ཀྱི་རྡོ་སྣུམ་གྱི་དྲི་མ་དེ་དུས་དེ་རིང་ཡང་ངའི་སྣ་ལམ་དུ་འཐུལ་བཞིན་པའི་སྣང་བ་ཞིག་སྟེར།
    གང་ལྟར་ལོ་རབས་བརྒྱད་ཅུ་པའི་ནང་གི་ཉིན་ཞིག་ཆབ་ཆའི་དཔོན་པོ་དོན་གྲུབ་རྒྱལ་གྱིས་བཀའ་བབས་ཐེངས་གཅིག་གིས་གློག་བརྙན་སྟོན་མཁན་ཚེ་ཐར་འབུམ་ང་ཚོའི་ཡུལ་ཚོའི་དཔོན་པོར་གྱུར་སོང་བས། མི་རྣམས་ཧང་སངས་ཏེ་དང་པོར་བདེན་པ་མིན་ལུགས་བརྗོད་ཅིང་། རྗེས་སུ་བདེན་པ་ཡིན་དུས་གུས་གུས་ཞུམ་ཞུམ་གྱིས་ཁོའི་རྩར་བཅར་ཏེ་བཀྲ་ཤིས་བདེ་ལེགས་ཞུས་འདུག

    Reply
  5. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    སྔོན་དུ་བཀའ་ཤག་དང་སྤྱི་འཐུན་གཞན་དྲུང་ཆེ་འདྲ་བ་གཞུང་གི་ལས་ཀ་བྱས་མེད་ལ་། འཇོན་ཐང་ཡོད་པའི་མིང་སྣེ་གཅིག་མེད་པའི་རང་གི་ཉེ་འབྲེལ་ཚེ་རིང་དབང་ཕྱུག་བཀའ་ཤག་ལ་གདམ་པ་དེ་དྲང་ལྡན་སྐད་ཆ་བཤད་ས་ལྷག་མེད་། ཡིན་ཡང་ཆབ་སྲིད་པ་ནི་དྲང་པོ་མདའ་ནང་བཞིན་ཡོད་དགོས་པ་ངའི་སེམས་ལ་མེད་། གཞན་ལ་མགོ་སྐོར་། རྣག་པོ་བྱེད་། སེམས་འཛིན་བྱེད་རྒྱུ་ནི་ཆབ་སྲིད་པའི་ཆབ་སྲིད་རེད་

    Reply
  6. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བདེ་སྐྱེད་ཆོས་དབྱངས་དང་ཚེ་རིང་དབང་ཕྱུག་གཉིས་ནི་མ་འོས་པའི་བཀའ་ཤག་རེད་།
    ལྷག་པར་ཚེ་རིང་དབང་ཕྱུག་ནི་བཀའ་ཁྲི་མཆོག་གི་ཉེ་འབྲེལ་ཡིན་དུས་དེ་བས་དྲང་པོ་ཞིག་ག་ནས་ཡིན་།
    བོད་དོན་སྐོར་ལ་རྒྱུས་མངའ་མེད་པའི་བདེ་སྐྱིད་ཀྱིས་རྒྱལ་སྤྱིའི་ནང་ག་རེ་བཤད་དགོས་རེད་། སྤྱིར་ནི་བདེ་སྐྱེད་ལགས་ཆབ་སྲིད་པ་ཡང་མིན་པས་། ཕྱི་འབྲིལ་ཐད་ཚམ་མ་ཆབ་སྲིད་ལས་ཀ་ཡིན་ཕྱིར་མ་འོས་པའི་རྒྱུ་མཚན་དེ་རེད་

    Reply
  7. འཇིག་རྟེན་ says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་བ་མཆོག་གིས་ཐོག་མར་་གསུང་དོན་་ལ་ངས་བཀའ་བློན་ལ་ངེས་པར་དུ་མ་མཐའ་ཡང་གསར་འབྱོར་ཞིག་དང་དབུ་མེད་གསུམ་འཇོག་གི་ཡིན་ཞེས་གསུངས་སོང་ལ་ད་སྔ་དེ་་འདྲ་རེད་མི་འདུག་ཟླ་བ་གཉིས་གསུམ་ཞིག་མ་འགྲོ་འདུག་

    Reply
  8. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    ༑འགྱུར་བསྟན་ལག་སྐུ་སྒེར་ཡིག་ཚང་དང་བླ་་ཆེན་མི་ཆེན་དག་གི་བཟུང་པའི་དབང་ཆ་དེ་ག་རི་རེད།།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་ཆེན་སྐུ་དྲག་ཚོ་སྟག་སེང་ཁ་འཐབ་པའི་བར་ནས་བཀའ་ཁྲི་དང་བཀའ་བློན་སྤྱི་འཐུས་ཚོ་ལ་ས་འབུ་གྲོག་མའི་ནུས་ཤུགས་ཙམ་ལས་མེད་པ་ཤེས་དགོས།བཀའ་ཁྲི་དང་བཀའ་བློན་ཚོས་གནམ་ས་མགོ་སྟེང་བསྒྱུར་བའི་རེ་བ་བྱས་ན་རེ་སྟོང་རང་རེད།གནད་འགག་འདི་མ་ཤེས་ན་ཁྱོད་ཀྱིས་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་ལམ་ཁ་ངོ་མ་དེ་མ་ཤེས་པ་རེད།འོན་ཀྱང་ང་ཚོས་གཞུང་འཛིན་མི་སྣ་ཚོ་ལ་རྒྱལ་སྐྱོར་བྱ་རྒྱུ་གལ་ཆེ་པོ་རེད།དགག་སྒྲུབ་བྱ་ཐུབ་ན་བྱས་རྗེས་ལ་འཛིན་པ་དེ་ནོར་ན་རང་རེད།གནས་ཚུལ་འདི་དྲ་གྲོགས་ཚོས་ཁ་གསལ་པོ་བྱ་ནས་མཁྱེན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese