མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མྱ་ངན་གོམ་བགྲོད་པ་ ༡༡ བཞུགས་སྒར་དུ་འབྱོར་བ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་ ༡༡ གིས་ཕྱི་ཟླ་ ༨ ཚེས་ ༡༦ ནས་བཟུང་༼མྱ་ངན་གོམ་བགྲོད་༽ཞེས་པའི་ལས་འགུལ་མགོ་འཛུགས་ཀྱིས་རྒྱ་གར་མངའ་སྡེ་མང་པོའི་ནང་གོམ་བགྲོད་གནང་མཐར། དེ་རིང་སྔ་དྲོར་མི་མང་གི་ཕེབས་བསུའི་ཁྲོད་ངྷ་རམ་ས་ལར་འབྱོར་སོང་།  

རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་༼ མྱ་ངན་གོམ་བགྲོད་༽ལས་འགུལ་སྤེལ་མཁན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་རྣམས། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༢ སྟེང་བཞུགས་སྒར་དྷ་རམ་ས་ལར་འབྱོར་ཏེ་གཙུག་ལག་ཁང་ནང་མཇལ་སྐོར་གནང་རྗེས། དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་ཐང་དུ་སྐྱ་སེར་མི་མང་བརྒྱ་ཕྲག་བརྒལ་བ་ཞིག་གི་ཕེབས་བསུའི་འོག གོམ་བགྲོད་གནང་མཁན་དགེ་འདུན་པ་ ༡༡ ལྷན་འཛོམས་ཐོག  ལས་འགུལ་སྤེལ་དེའི་དམིགས་ཡུལ་དང་ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་ཐད་གསར་འགོད་གསལ་བསྒྲགས་སྤེལ་སོང་། སྐབས་དེར་དྷ་ས་ས་གནས་མགོ་འཛིན་དང་རང་བདེན་ཚོགས་ཆུང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མགོ་གཙོ་བཅས་ནས་མཇལ་དར་བསྒྲོན་ཏེ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་སོང་ལ། ས་གནས་སེར་སྐྱ་མི་མང་རྣམས་ཀྱིས་ཀྱང་གོམ་བགྲོད་པ་རྣམས་ལ་མཇལ་དར་བསྒྲོན་པ་དང་།  ༼ བོད་རྒྱལ་ལོ ༽ཞེས་འབོད་ཚིག་བསྒྲགས་ཏེ་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་སོང་། གོམ་བགྲོད་གནང་མཁན་དགེ་འདུན་པ་དེ་དག་གིས་སང་ཉིན་ནས་བཟུང་ཉིན་གསུམ་རིང་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་འདུག  

 

གྲྭ་བློ་བཟང་བྱམས་པ་ལགས་ཀྱིས་༼མྱ་ངན་གོམ་བགྲོད་༽དེ་སྤེལ་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་དོན།  “ ང་ཚོས་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དང་པོ།   གཞིས་བཞུགས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ད་ལྟའི་བོད་ནང་གི་དཀའ་སྡུག་གི་གནས་སྟངས་མཐའ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཁྱེན་རྟོག་ཡོང་སླད་ཡིན། གཉིས་པ། རང་ཉིད་བོད་པ་ཞིག་ཡིན་ཕྱིན་བོད་རང་དབང་མ་ཐོབ་བར་དུ་ལས་འགུལ་སྤེལ་དགོས་པ་དེ་སོ་སོའི་འོས་འགན་ཆགས་ཡོད་པས་ཡིན།  ང་ཚོས་སྤྱང་པོ་ག་ཚོད་འཁྲབ་ཏེ་མི་ཚེ་འདི་ལ་སྐྱིད་པོ་ཙམ་བྱུང་བ་ཡིན་ནའང་། འཆི་དུས་ག་འདྲ་འབྱུང་མིན་ལའང་བསམ་བློ་གཏོང་དགོས་པ་རེད།” ཅེས་གསུང་སྟེ།  ཁོང་ཚོ་དགེ་འདུན་པ་ ༡༡ ཀྱིས་ངོས་ནས་གཞིས་བཞུགས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། ཕྱི་ཟླ་ ༨ ཚེས་ ༡༦ མ་སྐུལ་དང་བླངས་ཀྱི་ཐོག་ད་ལྟའི་བར་རྒྱ་གར་མངའ་སྡེ་ནང་གོམ་བགྲོད་གནང་སྟེ་བོད་དོན་ཡིག་ཆ་འགྲེམས་སྤེལ་དང་། རྒྱ་གར་ས་གནས་གསར་ལམ་ཁག་ ༣༧ ལྷག་ལ་བོད་ནང་གི་གནས་ཚུལ་འགྲེལ་བརྗོད་བཅས་གནང་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་གསར་འགོད་པས་ཁོང་ཅག་ལ་གོམ་བགྲོད་སྐབས་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་དང་། ས་གནས་ཁག་གི་མི་མང་ཚོས་རྒྱབ་སྐྱོར་གང་འདྲ་ཡོད་མེད་དྲིས་པར། གྲྭ་བློ་བཟང་ལགས་ཀྱིས་ས་གནས་ཁག་གི་མི་མང་ཚོས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད་པར་ཐུགས་རྗེ་ཞུས་པ་དང་སྦྲགས།  གོམ་བགྲོད་སྐབས་ཀྱི་དཀའ་ངལ་གཙོ་བོ་དག་ནི། རྒྱ་གར་དང་དབྱིན་ཇིའི་སྐད་ཡག་པོ་མཁྱེན་མཁན་མེད་སྟབས་ལམ་ཁ་མ་ཤེས་པ་དང་། གསར་འགོད་པར་གནས་ཚུལ་འགྲེལ་བརྗོད་སྐབས་སྐད་བརྡ་མ་འཕྲོད་པ། རྒྱ་གར་ཉེན་རྟོག་པས་གནས་ཚུལ་འདྲི་བརྩད་སྐབས་གནས་ལུགས་རྒྱུ་མཚན་འགྲེལ་བཤད་གསལ་བོ་བསྐྱོན་མ་ཤེས་པ་བཅས་ཀྱི་དཀའ་ངལ་འཕྲད་སྐོར་བརྗོད་བྱུང་ལ། བཞུགས་སྒར་དུ་འབྱོར་སྐབས་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་ཕྱིན་ཏེ་དགུང་ཞག་ཞེ་དགུ་མ་ཕྱིན་གོང་། ཡང་བསྐྱར་རྒྱ་གཞུང་གི་བཙན་དྲག་འོག་བོད་ནང་རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་བྱུང་བའི་གནས་ཚུལ་ཐོས་སྐབས་སེམས་པ་སྐྱོ་བོ་བྱུང་ཚུལ། བོད་ནང་གི་བོད་མི་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་སྐུ་སྲོག་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཏོང་གི་ཡོད་སྐབས། འདི་ནས་ཕན་ཚུན་ལ་ཁ་བཏགས་གཡོགས་ཏེ། མི་མང་གི་མདུན་དུ་སྐད་ཆ་བཤད་རྒྱུར་ཧ་ཅང་འཚེར་བོ་དང་། ལས་འགུལ་ལེགས་འགྲུབ་བྱུང་སོང་སྙམ་པའི་དགའ་ཚོར་གང་ཡང་མེད་སྐོར་བརྗོད་བྱུང་། མཇུག་ཏུ་ཁོང་གིས་ནན་བརྗོད་གནང་དོན། “ སང་ཉིན་ནས་བཟུང་ངེད་ཅག་གིས་ཉིན་གསུམ་རིང་འདིར་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན། སྐབས་དེར་མི་མང་ག་ཚོད་མང་མང་མཉམ་ཞུགས་གནང་རོགས། མི་མང་ཅི་ཙམ་མང་ན་དེ་ཙམ་གྱིས་ལས་འགུལ་ལ་ནུས་པ་འཐོན་པ་རེད། ཐུགས་རྗེ་གཟིགས་ཡིན་གཅིག་མིན་གཅིག་མི་མང་གང་མང་མཉམ་ཞུགས་གནང་རོགས་ཞུ ” ཞེས་བརྗོད་སོང་།  

ཐེངས་འདིའི་གོམ་བགྲོད་དབུ་འཛུགས་སྐབས་དགེ་འདུན་པ་ ༡༢ མཉམ་ཞུགས་གནང་ཡོད་པའི་ཁྲོད་ནས། ལམ་བར་ནས་གཟུགས་གཞི་བདེ་མིན་གྱི་དབང་གིས་ཕྱིར་འཐེན་གནང་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བོད་མི་རིགས་ཡོངས་ཀྱི་ཆེད་དུ་མྱ་ངན་གོམ་བགོད་དང་ཟས་བཅད་ངོ་རྒོལ་གནང་ཐུབ་པ་ཀུན་ལ་སྙིང་ནས་རྗེས་སུ་ཡི་རང་ཡོད། དཔའ་བོ་ཚོ།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    རྗེས་སུ་ཡི་རངས་ཞུ།

    Reply
  3. བསེ་རུ། says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་གངས་རིའི་ལྗོངས་སུ་ཐོར།།
    རྣམ་ཤེས་ཁྲི་འབུམ་ཁ་བའི་ལྗོངས་སུ་རྒྱུ།།
    རང་དབང་ཞི་བདེར་ལུས་སྲོག་ལོངས་སྤྱོད་བརྗེས།།
    ཕ་ས་ཕ་ཡུལ་མྱ་ངན་གླིང་དུ་གྱུར།།

    མྱ་ངན་གོམ་བགྲོད་གདུང་སེམས་མཉམ་བསྐྱེད་ཆེད།།
    སྣ་མང་ལས་འགུལ་བོད་དོན་དྲིལ་བསྒྲགས་ཆེད།།
    གཞིས་བྱེས་བོད་འབངས་རང་དབང་ཞི་བདེའི་ཆེད།།
    ཚེ་སྲོག་ཁྲི་འབུམ་བདེ་སྐྱིད་འཚོལ་ཕྱིར་བསྙེགས།།

    Reply
  4. ཚང་མ། says:
    ལོ་ 15 སྔོན།

    དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་ ༡༡ གིས་མྱ་ངན་གོམ་བགྲོད་གནང་བ་ཐུགས་རྗེ་ཆེ་ཞུ།

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    བོད་དོན་ལས་འགུལ་བ་རྣམས་བདེ་འཚམས་ངང་བཞུགས་སྒར་ཁུལ་དུ་ཞབས་སོར་བདེ་འཁོད་ཐུབ་པར་གུས་བརྩིའི་འཚམས་འདྲི་ཞུ་རྒྱུ་དང་། ལྷན་རྒྱས་ཚོའི་ཐུགས་སྨོན་ལེགས་འགྲུབ་དང་། དཀའ་སྤྱད་འབད་བརྩོན་གྱི་སེམས་སྟོབས་ནམ་ཡང་མི་ལྷོད་པའི་གཞེན་སྐུལ་གྱིས་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese