མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོར་གུས་འདུད་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ པའི་སྟེང་། བྱང་ཨ་རིའི་ཁེལི་ཧྥོར་ནྱིའི་གྲོང་ཁྱེར་སན་ཧྥིརན་སྶིཀོ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཉེ་ཆར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་བསྐལ་བཟང་ལགས་དང་། གྲྭ་བློ་བཟང་དཀོན་མཆོག་ལགས་རྣམ་གཉིས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་སྡེ་བཞི་ཕུན་ཚོགས་གླིང་དུ་སྨོན་ལམ་གསོལ་འདེབས་དང་མར་མེ་མཆོད་འབུལ་གྱི་ལས་འགུལ་ཞིག་སྤེལ་ཏེ་ས་གནས་བོད་རིགས་ ༡༠༠ ལྷག་འདུ་འཛོམས་བྱུང་འདུག

ལས་འགུལ་གོ་སྒྲིག་ཞུ་མཁན་ཚོའི་དམིགས་ཡུལ་ཐད། རྒྱ་གཞུང་གིས་བོད་ལ་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟའི་བར་བོད་རིགས་འབུམ་བཅུ་གཉིས་ལྷག་གི་ཚེ་སྲོག་འཕྲོག་པ་དང་། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་གི་བསྟི་གནས་དགོན་སྡེ་དང་། བསྟན་འཛིན་བླ་སྤྲུལ་མང་པོ་འཛིན་བཟུང་གསོད་རྡུང་བྱས་པ་མ་ཟད། དུས་རབས་ཉེར་གཅིག་པའི་མཚམས་འདིར་ཡང་གཏིང་ནག་པའི་སྲིད་བྱུས་དེ་ལ་འགྱུར་བ་མེད་པར་བོད་པའི་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་གཏོང་ཐབས་དང་། སྐྱ་སེར་རྒན་གཞོན་མེད་པར་མནར་གཅོད་གཏོང་བཞིན་ཡོད་པ་འདི་དང་།

རྒྱ་གཞུང་གིས་བོད་རིགས་ཁྲི་ཚོ་མང་པོར་བྲན་གཡོག་ལམ་ལུགས་འོག་ནས་རང་དབང་སྤྲད་ཡོད་རབ་དང་། བོད་མི་ཚོས་ཆོས་དད་རང་དབང་དང་། ཆབ་སྲིད་ཀྱི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་ལུགས་ཀྱི་འཁྱོགས་བཤད་བྱས་ཏེ། རྒྱ་ནག་མི་མང་གཙོས་པའི་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་བཞིན་པའི་སྐབས་འདིར། བོད་ས་ཡོངས་སུ་རྒྱ་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་བྱས་ཏེ། ཉེ་བའི་ཆར་ཨ་མདོ་རྔ་བ་དང་ཁམས་རྟའུ་ཁུལ་སོ་སོ་ནས་དགེ་འདུན་པས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་སྐད་འབོད་བྱས་པ་སོགས། བོད་མི་བོད་ཡུལ་ནས་གྲངས་ཉུང་མི་རིགས་སུ་གྱུར་དང་འགྱུར་བཞིན་པའི་གནས་སྟངས་རྒྱལ་སྤྱིའི་ཁྱོན་དུ་བསྒྲག་རྒྱུ་དང་། དྲང་བདེན་དང་ཞི་བདེ་ལ་དགའ་མཁན་ཚོས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ཟེར།

 

སྨོན་ལམ་འདུ་འཛོམས་དབུ་འཛུགས་ཐོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་གཞོན་བསོད་ནམས་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་མི་མང་ལ་ངོ་སྤྲོད་དང་འབྲེལ་ཚོགས་བཅར་བ་ཚོས་ལས་བྲེལ་ལ་མ་འཛེམས་པར་ཕེབས་པར་ཐུགས་རྗེ་ཆེ་ཞུས་སོང་། དེར་མཐུད་དེ་ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་ཐེ་པོ་སྤྲུལ་སྐུ་ལགས་ཀྱིས་ “ ད་ལྟའི་ཆར་བོད་ནང་དུ་རང་སྲོག་བློས་གཏོང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་ཆགས་ཀྱིན་འདུག་པ་འདིས། རྒྱ་ནག་སྲིད་གཞུང་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། ང་ཚོས་བོད་ཕྱི་ལོགས་སུ་ཡོད་མཁན་ཚོར་ཡང་བརྡ་ལན་ཞིག་སྤྲོད་ཀྱི་པ་ཡིད་ལ་ངེས་དགོས ” ཞེས་བརྗོད་བྱུང་།  

ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཚེ་གྲུབ་ལགས་ཀྱིས་གསར་འགོད་པར་བརྗོད་པར།  “ བོད་རིགས་ཚོགས་པའི་ངོས་ནས་ལས་འགུལ་དང་དུས་དྲན་སོགས་གང་ཞིག་བྱས་ཀྱང་གཟའ་མཇུག་ཏུ་གོ་སྒྲིག་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིར་ཛ་དྲག་གི་ཐོག་ནས་རེས་གཟའ་མིག་དམར་ལ་ལས་འགུལ་འདི་གོ་སྒྲིག་ཞུ་དགོས་བྱུང་སོང་། སློབ་གྲྭ་བ་དང་མཚན་མོར་ལས་ཀར་ཕེབས་མཁན་མང་ཡང་མི་གང་འཚམས་འཛོམས་ཐུབ་སོང ” ཞེས་བརྗོད་བྱུང་།  

 

བྱང་ཁེ་ལི་ཧྥོར་ནྱི་བོད་རིགས་སྤྱི་མཐུན་ཚོགས་པ་ནི་ ༡༩༩༠ ལོར་དབུ་བརྙེས་པ་དང་། ད་ལྟའི་ཆར་ཚོགས་མིའམ་ས་གནས་འདི་གར་གཏན་སྡོད་བྱེད་ཀྱིན་པའི་བོད་རིགས་མི་གྲངས་ ༡༥༠༠ ནས་ ༢༠༠༠ ཙམ་ཡོད་འདུག ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་ཐེ་པོ་སྤྲུལ་སྐུ་ལགས་ཀྱིས་བརྗོད་ན། ཚོགས་ཁོངས་སུ་མི་ ༢༠༠༠ ལྷག་ཡོད་ཀྱང་། ཁ་ཤས་གནས་སྐབས་རིང་བསྡད་རྗེས་ས་གནས་གཞན་ལ་གནས་སྤར་གྱི་ཡོད་ཡོད་སྟབས། གཏན་འཇགས་ཀྱི་ཚོགས་མི་ ༡༥༠༠ ཙམ་ལས་མེད་པ་དང་། དེ་དག་ཕལ་ཆེ་བས་རང་བཙན་ལག་དེབ་ཀྱི་དངུལ་འབབ་སོགས་དུས་ཐོག་ཏུ་འབུལ་བཞིན་ཡོད་ཟེར།  

ཚོགས་མི་ ༡༥༠༠ ལྷག་གིས་གྲུབ་པའི་ཚོགས་པ་འདིར་དམངས་གཙོའི་ལམ་ནས་འོས་བསྡུ་བྱས་པའི་ཚོགས་གཙོ་ཚོགས་གཞོན་དང་དྲུང་ཆེ་སོགས་ཀྱིས་མཚོན་པའི་རྒྱུན་ལས་ ༡༤ ཡོད་འདུག་པ་དང་། རྒྱུན་ལས་དག་ལ་གསོལ་ཕོགས་སོགས་གང་ཡང་མེད་པར་སོ་སོའི་ལས་ཞོར་གྱི་དུས་ཚོད་སྟོང་པ་སྤྱད་དེ་སྤྱི་མཐུན་ཚོགས་པར་མ་དངུལ་མཁོ་སྒྲུབ་དང་། ས་གནས་བོད་རིགས་ཚོར་རོགས་ཕན་སྒྲུབ་བཞིན་ཡོད་འདུག  

སྤྱི་མཐུན་ཚོགས་པའི་དྲུང་ཆེ་བསྟན་འཛིན་དཔལ་འཛོམས་ལགས་ཀྱིས་བརྗོད་ན། རྒྱུན་ལས་ཚོའི་ངོས་ནས་༼ སུམ་བརྒྱ་དྲུག་ཅུའི་ལས་འགུལ ༽སྟེ།  ས་གནས་བོད་མི་རེ་རེས་ཉིན་རེའི་ཡོང་འབབ་ལས་ཨ་སྒོར་གཅིག་རེ་ཚོགས་པར་གནང་ རྒྱུར་འབོད་ཞུས་ཏེ་ཚོགས་པར་མ་དངུལ་མཁོ་སྒྲུབ་བྱེད་བཞིན་ཡོད་པ་དང་། ས་གནས་དེར་བོད་རང་གི་སྤྱི་ཚོགས་ཆེན་པོ་ཞིག་གྲུབ་སྟེ། ཁོང་ཚོའི་བྱིས་པ་ཚོར་བོད་ཡིག་བོད་སྐད་སྦྱང་སའི་སློབ་གྲྭ་དང་དགེ་རྒན་ཡོད་ལ། དེར་སློབ་ཕྲུག་གྲངས་ ༡༥༠ ཙམ་ཡོད་སྐོར་ངོ་སྤྲོད་གནང་བྱུང་།

ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

སྐར་མ ༥༦ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧

མཆན། 4

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    བོད་ཕྱི་ནང་གཉིས་ཀྱི་དཔའ་བོའི་མཛད་རྗེས་ལ་བསྟོད་པ།

    རང་བྱུང་ཡིད་དགའ་དྲི་བསུང་འཐུལ་བའི་ཡུལ། །
    དྭངས་གཙང་བཞུར་རྒྱུན་རྒྱུ་བའི་སྒྲ་དང་འགྲོགས། །
    དཀར་གཙང་གངས་རིས་བསྐོར་བའི་ཡུལ་ལྗོངས་དེ། །
    ཤར་ཕྱོགས་སྤྲིན་ནག་གིས་ནི་ཡོངས་སུ་གཏུམས། །

    ཡུལ་ལུང་གཅིག་ཀྱང་ཡུལ་མི་ཁག་གཉིས་སུ། །
    བྲལ་ནས་ལོ་ངོ་ལྔ་བཅུ་འདས་མོད་ཀྱི། །
    ཕྱི་ནང་གཉིས་ནས་འབོད་སྒྲ་གཅིག་སྒྲོགས་འོག །
    གངས་ལྗོངས་གནད་དོན་འཛམ་གླིང་ཀུན་ལ་ཁྱབ། །

    གཞིས་ཀྱི་ཆོད་སེམས་སྙིང་སྟོབས་ལ་རྒྱ་དང་། །
    ལྷག་བསམ་གཡོ་མེད་ལྕགས་ཀྱུ་ལ་བརྟེན་ནས། །
    བྱེས་ཀྱི་རྒན་གཞོན་དབྱེ་མེད་ཆིག་སྒྲིལ་གྱིས། །
    ལས་འགུལ་རྣམ་པ་འདྲ་མིན་ཨ་ལོང་བཏབ། །

    གཞིས་ལུས་རང་དབང་བྲལ་བ་ཡིན་མོད་ཀྱང་། །
    རང་ལུས་མེ་ལྕེ་འོག་ནས་ཡར་ལངས་བྱེད། །
    བྱེས་ཡུལ་རང་དབང་གསོར་འགོད་ཐབས་བྱུས་ཀྱིས། །
    རང་ཡུལ་གནས་སྟངས་ཇི་བཞིན་ཡོངས་ལ་སྤེལ། །

    དེ་ལྟའི་ཞི་བའི་ཐབས་ལམ་འོད་སྣང་གིས། །
    གདུག་རྩུབ་ཆེ་བའི་སྤྲིན་ནག་རྡུལ་དུ་བརླག །
    གངས་ལྗོངས་ཞིང་དུ་སླར་ཡང་ཞི་བདེའི་དཔལ། །
    གཞིས་བྱེས་མཉམ་གནས་རོལ་བ་མྱུར་དུ་འོང་། །

    Reply
  2. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། ས་མཐའ་ནས་འུ་ཚོས་འདི་ལྟར་འདས་པོ་ཚོའི་ཆེད་དུ་མཆོད་འབུལ་དང་འབྲེལ་བའི་ཁྱབ་བསྒྲགས་རེ་བྱ་རྒྱུ་ལས་གཞན་ཅི་ཞིག་བྱེད།ཁ་སང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་བྱེད་སྟངས་དེ་འདྲ་བྱས་ན་ངོ་མ་སེམས་ཕམས་སྐྱེད་ཅིག་རེད།

    Reply
  3. བཀྲ་ཤིས་ཉི་མ། says:
    ལོ་ 15 སྔོན།

    གོང་གི་གནས་ཚུལ་དེའི་སྐོར་ལ་གུས་ཞབས་ཡོད་མོད། ནང་དོན་སྤྱིར་བཏང་ཙམ་རེད། གསར་འགྱུར་ངོ་མ་དང་། ཆེས་དགའ་འོས་པའི་གནས་ཚུལ་དེ་བྱང་ཨ་རིའི་ཁ་ལེ་ཧྥོ་ནི་ཡའི་བོད་རིགས་བྱིས་པ་ཚོར་བོད་སྐད་བོད་ཡིག་བསླབ་སའི་སློབ་གྲྭ་གྱ་ནོམ་པ་ཞིག་དང་། དེའི་ནང་སློབ་ཕྲུག་ ༡༥༠ ལྷག་ཡོད་པ་དེ་རེད། ཐུགས་རྗེ་ཆེ། བོད་རིགས་སྤྱི་མཐུན་ཚོགས་པ།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    རི་བོ་ཧི་མ་ལ་ཡའི་ཕར་ནང་དུ།།
    ཚེ་སྲོག་གསོན་པོ་མེ་ལ་སྒྲོན་པའི་ཚེ།།
    འཇིག་རྟེན་ཀུན་ཏུ་ཡོད་པའི་གདོང་དམར་པ།།
    ས་སྟེང་འདི་རུ་མིད་ཆུ་ཤིན་ཏུ་མང།།
    ཨེ་དྲ་ངོས་ཀྱི་བུ་མོ་དེ་མཛེས་མ་འདྲ་ཞིག་འདུག་ཧེ་ཧེ་སྣང་བ་འགྲོ་སོངཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese