མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ལ་གཟིཊ་སྐྱོང་གི་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་སྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་བུད་མེད་ཅིག་ལ་དམའ་འབེབས་ཉེས་རྡུང་བཏང་བའི་དོན་རྐྱེན་དང་འབྲེལ་བའི། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེར་གྲོས་ཚོགས་ནང་སྤྱི་མོས་རྒྱབ་སྐྱོར་གནང་སོང་།

སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་ལ་ཉེ་བའི་མཐའ་མའི་ཉིན་གཉིས་པ་སྟེ། དེ་རིང་སྔ་དྲོའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་སྐབས། སྤྱི་འཐུས་ཀིརྟི་ལྷ་མོ་ལགས་ཀྱིས་གྲོས་འཆར་བཏོན་ཞིང་། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་རྒྱབ་སྐྱོར་གནང་སྟེ། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་བུ་མོ་རིག་འཛིན་ལ་མི་སྤྱོད་ལས་འདས་པའི་ཉེས་རྡུང་དམའ་འབེབས་བཏང་པའི་དོན་རྐྱེན་དང་འབྲེལ་བའི་ཐོག་ནས། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་འགལ་བའི་བྱ་སྤྱོད་དེ་རིགས་སྔོན་འགོག་ཡོང་ཐབས་སུ།   སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དོན་ཚན་གསུམ་ཅན་ཞིག་བཏོན་པ་དེར་གྲོས་ཚོགས་ནང་སྤྱི་མོས་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་སོང་།

སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་དོན་ཚན་གསུམ་ནི། ༡༽  བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་དང་འགལ་ཞིང་། གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་འགལ་བའི་ཚུལ་མིན་གྱི་བྱ་སྤྱོད་་་བསྟན་འཛིན་སྒང་ལ་བྱུང་བ་དེ་རིགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་། བྱ་སྤྱོད་དེ་དག་ཆེས་ཐ་ཤལ་ཅན་ལ་ངོས་འཛིན་བྱ་རྒྱུ། ༢༽ བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཕྱི་རྒྱལ་དོན་གཅོད་ཁག་དང་། བཙན་བྱོལ་བོད་མི་གནས་ཚུལ་ས་གནས་འགོ་འཛིན་བཅས་ལ་འཛིན་སྐྱོང་བཀའ་ཤག་ནས་ཐུགས་འགན་རྐང་བཞེས་ཀྱི་གནས་ཡུལ་རྒྱལ་ཁབ་དང་ས་གནས་སོ་སོར་མ་འོངས་པར་དེ་ལྟར་མི་ཡོང་བའི་བཀོད་ཁྱབ་གཏོང་དགོས། བོད་ཀྱི་བུད་མེད་ཚོས་ཀྱང་བུད་མེད་ལ་ཐབས་སྐྱོའི་གནས་ཚུལ་དེ་རིགས་བྱུང་སྐབས་ལམ་སེང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ཁྲིམས་གཏུགས་དགོས་པའི་ལམ་སྟོན་སློབ་གསོ་བྱེད་དགོས། ༣༽ འཛིན་སྐྱོང་བཀའ་ཤག་ནས་ས་གནས་སོ་སོར་བཀོད་ཁྱབ་ལམ་སྟོན་དང་ལས་དོན་ཇི་གནང་གི་སྙན་ཐོ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པར་ངེས་འབུལ་དགོས་རྒྱུའི་སྤྱི་མོས་སམ་མང་མོས་ཀྱི་གྲོས་ཆོད་བཅས་ཡིན་འདུག

གོང་བཀོད་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༢༩ པར་རྒྱབ་སྐྱོར་དང་འབྲེལ་ཏེ།  སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་རྒྱལ་སྤྱིའི་སྒང་བུད་མེད་ཀྱི་དཀའ་ངལ་ཤུགས་ཆེ་ཤོས་ཤིག་ནི། བོད་ནང་དུ་རྒྱ་གཞུང་གིས་བོད་པའི་བུད་མེད་ཚོའི་སྐྱེ་སྒོ་ཚུན་ཆད་བཙན་དབང་འགོག་སྡོམ་བྱེད་བཞིན་པའི་དཀའ་ངལ་དེ་ཆགས་ཡོད་པ་དེ་ནི་ཀུན་གྱིས་ཤེས་གསལ་ཡིན་སྟབས།     ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བུད་མེད་ཚོར་སྔར་ལྷག་གཟིགས་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་སོང་། དེ་བསྟུན་ནས་སྤྱི་འཐུས་མང་པོ་ཞིག་གིས་བསྟན་འཛིན་སྒང་དུ་བྱུང་བའི་ཐབས་སྡུག་ཡིད་སྐྱོའི་གནས་ཚུལ་དེར་སྐྱོན་བརྗོད་དང་། ཉེས་རྡུང་ཕོག་མཁན་ལ་གདུང་སེམས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བར་མ་ཟད། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཁྲིམས་ཀྱི་གོ་རྟོགས་སྤེལ་དགོས་པ་དང་། བཟའ་ཚང་ནང་ཁུལ་དུའང་བུད་མེད་ཚོར་ལྟ་རྟོག་དང་གཟིགས་སྐྱོང་སྔར་ལྷག་གནང་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་བཏོན་སོང་།

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཀྱང་། ཉེ་སྔོན་བསྟན་འཛིན་སྒང་བྱུང་བའི་ལུགས་མཐུན་མིན་པའི་གནད་དོན་དེའི་ཐད་བློ་འཚབ་དང་དོ་སྣང་ཆེན་པོ་གནང་གི་ཡོད་པར་མ་ཟད།  ཉེ་སྔོན་བཀའ་ཤག་ལྷན་རྒྱས་ཀྱི་ལྷན་འཛོམས་དང་པོའི་ཐོག་ལའང་གནས་ཚུལ་དེའི་ཐད་བཀའ་མོལ་རིམ་པ་བྱུང་ཡོད་སྐོར་དང་། གྲོས་ཆོད་ཀྱི་དགོངས་དོན་ལྟར་བཀའ་ཤག་གིས་ལག་ལེན་བསྟར་རྒྱུ་ཡིན་པ་གསུངས་སོང་།

 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 6

  1. གཡག་ཕྲུག says:
    ལོ་ 15 སྔོན།

    མངའ་རིས་བུ་ལགས་ ཁྱེད་ཀྱིས་སྐུ་རྩེད་ལྟ་བུས་བུད་མེད་རྣམས་ལ་འཇོན་ཐང་མེད་རབས་གསུང་འདུག་པས་དེ་ནི་ཁྱེད་རང་ནས་འཛམ་གླིང་ནང་འཇོན་ཐང་ཅན་གྱི་བུད་མེད་གྲངས་ལས་འདས་པ་རྣམས་མ་གཟིགས་དང་མཐོང་རྒྱ་ཆུང་དྲག་པ་མིན་ནམ་མཉམ་དེ་དང་སྐྱེ་དམན་ཞེས་པའི་གོ་དོན་གང་ཡང་མ་འཇོན་པར་དགོངས་པ་བཞེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ད་ལྟའི་བུད་མེད་འཇོན་ཐང་ཅན་རྣམས་མ་གཟིགས་པ་ག་རེ་ཡིན་ནམ་། ཁྱེད་ལ་བཀའ་དྲི་ཞིག་བཞུ་ན་ཁྱེད་ལ་ད་ལྟའི་ལས་ཐོག་བཀའ་བློན་བུད་མེད་རྣམས་ཀྱི་འཇོན་ཐང་དེ་འདྲ་ཡོད་དམ་།

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ཚོ་ཁྱེད་རང་འཇོན་སྟངས་ཡོད་ན།
    བོད་ཀྱི་ཆོས་ལུགས་ཀྱི་ནང་དུ་གསལ་བའི་བུད་མེད་ལ་་་་སྐྱེས་དམན་་་་ཞེས་དེ་ཕྱིར་འདོན་བྱེད་དགོས་པ་རེད་དེ་མ་བྱུང་བའི་བར་དུ་བོད་ཀྱི་བུ་དེ་ཚོས་ཁྱེད་རང་སྐྱེ་དམན་ཡིན་པ་ལུང་གིས་བསྟན་པས་ང་ཚོས་དེ་ལ་གུས་འདུད་ཞུ་གི་རེད། དེ་སངས་རྒྱས་ཀྱིས་གསུངས་པ་རེད། ཡིད་ཆེས་ཡོད་ཅེས་བཤད་ན་ཁྱེད་ཚོས་ཅི་ཞིག་བཤད་རྒྱུ་ཡིན་ནམ།
    ཁྱེད་ཚོའི་འཇོན་སྟངས་ལ་ལྟས་ན་གང་ཡང་འཇོན་གྱི་མ་རེད། སྔར་མུས་ལྟར་མུན་ནག་དུ་བཞུགས་རོགས།
    ད་དུང་ཁྱེད་ཚོས་བོད་ཀྱི་བུད་མེད་ལ་ཐོབ་ཐང་དགོས། ཞེས་འཛམ་གླིང་ལ་སྐད་འབོད་རྒྱབ་ག་འདྲ་བྱེད། སྐད་འབོད་ཕྱིར་མ་རྒྱབ་པར་ནང་དུ་བོད་ཀྱི་བླ་ཆེན་མཁས་པ་དེ་ཚོའི་སྒོ་རུ་སོང་ལ་སྐད་འབོད་རྒྱོབ་དང་ག་འདྲ་བཤད་ཀྱི་འདུག་ཧ་གོ་ཡོང། ཁྱེད་ཚོ་ལ་འཇོན་སྟངས་ནུས་པ་ཡོད་མེད་ཀྱི་ཚོད་ལྟའི་ཆེད་དུ་ངས་འདི་བྲིས་པ་ཡིན། ཁྱེད་ཚོ་ལ་ཤེས་བྱ་ཡོན་ཏན་ཡོད་ན་ང་ལ་དགག་ཡིག་བྲིས་དང་ངས་ཁྱེད་ཚོར་མཐོལ་བཤགས་ཕུལ་ཆོག ཡང་སྐྱེས་དམན་གྱི་མིང་རྐུས་ནས་རླིག་ཆེན་དེ་ཚོས་བྲིས་པ་ལ་ངས་ཁས་ལེན་བྱེད་ཀྱི་མེད།
    སྐྱེས་དམན་མ་ཡིན་་་སྐྱེས་སྨན་ཡིན་ན་ལན་ཅིག་ཐོབ་ཤོག

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    བུད་མེད་གཟིགས་སྐྱོང་གི་གྲོས་ཆོད་ཡག་པོ་འདུག དེ་ག་ནང་བཞིན་སློབ་ཕྲུག་གཟིགས་སྐྱོང་གི་གྲོས་ཆོད་ཅིག་ཀྱང་དགོས་ཀྱི་ཡོད་པ་ཤེས་གསལ་རེད། གལ་སྲིད་གྲོས་ཆོད་ཅིག་མེད་པ་ཡིན་ན། སུ་ཇ་སློབ་གྲྭ་ནས་སློབ་ཕྲུག་བསད་པའི་དོན་རྐྱེན་དེ་བཞིན་སློབ་གྲྭ་ཁག་ལ་ཁྱབ་བརྡལ་དུ་མི་འགྲོ་བའི་ངེས་པའང་མི་འདུག གཅིག་ནས་མི་བསད་ཀྱང་ལག་དམར་ཁྲིམས་ལ་འགྲོ་མི་དགོས་པའི་ཁར། སློབ་གྲྭ་རུ་རང་འཇགས་སུ་བསྡད་ཆོག་པ་ལྟུས་མཚོན་གྱི་ཡོད།

    Reply
  4. རལ་གྲི says:
    ལོ་ 15 སྔོན།

    གྲོས་ཆོད་འཇོགས་པ་ཙམ་མིན་པར་ངེས་པར་ཏུ་ལག་ལེན་སྟར་ཐུབ་དགོས
    དེ་ནས་གྲོས་ཆོད་ལ་ཆ་འཇོགས་ཡོང་སྲིད་

    Reply
  5. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གྲོས་ཆོད་དེ་ལྟ་བུ་འཇོག་ཐུབ་པ་ཡག་པོ་རེད། སྤྱི་མཐུས་གསར་པ་ཤར་གླིང་ཟླ་སྒྲོན་གྱིས་ང་ཚོའི་སྤྱི་ཚོགས་ནང་དུ་ལས་འགུལ་སྣ་མང་སྤེལ་ནས་ཧུར་བརྩོན་གནང་གིན་འདུག་པ་ལེགས་གསོལ་ཞུ་རྒྱུ། མུ་མཐུད་སྤེལ་རོགས། གོ་མེད་ཚོར་མེད་སྡོད་ནས་ཕན་ཐོགས་མེད། དམིགས་བསལ་ཁོང་དང་བསྟན་འཛིན་བརྩོན་འགྲུས། ཤིང་ཟ་རིན་པོ་ཆེ་སོགས་ཀྱིས་ལས་འགུལ་གང་སྤེལ་སྐབས་རང་རང་གི་ངོ་དེབ་ནང་དུ་སྤེལ་ནས་འཛམ་གླིང་གང་སར་ཡོད་པས་རྟོགས་ཐུབ་པ་བཟོས་པ་ནི་དུས་རབས་དང་མཐུན་པའི་ཐབས་ལམ་ཞིག་ཏུ་འཁུམས།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨོ་ཙམ་རེད། ཅིག་ལབ་པ་འདི་ཡང་འགྲིག་ཙམ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese